རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། རེས་སྐོར་གསར་པའི་བཅོས་སྣུམ་གྱི་རིན་གོང་ལེགས་སྒྲིག་གི་སྐར་ཁུང་དེ་རིང(ཟླ་11ཚེས་6ཉིན)ཆུ་ཚོད་24ནས་འགོ་ཚུགས་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་རིན་གོང་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། ད་ཐེངས་ཀྱི་བཅོས་སྣུམ་གྱི་རིན་གོང་ལེགས་སྒྲིག་གི་དུས་འཁོར་ནང(ཟླ་10ཚེས་23ཉིན་ནས་ཟླ་11ཚེས་5ཉིན་བར)རྒྱལ་སྤྱིའི་སྣུམ་གོང་ཆག་པ་རེད།
གསར་འགོད་པས་དེ་ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། ད་ཐེངས་ཀྱི་སྣུམ་གོང་ལེགས་སྒྲིག་གི་ཞིབ་ཕྲའི་གནས་ཚུལ་གཤམ་གསལ་ཏེ། རྒྱལ་ནང་གི་རླངས་འཁོར་དང་ཁྲའེ་སྣུམ་ཏུན་རེར་སོ་སོར་སྒོར་145དང་སྒོར་140ཆག་ཡོད།