རྒྱལ་ཁབ་འདིའི་དཔོན་རིགས་ཐའེ་ཝན་དུ་ཕྱོགས་མྱུལ་ལ་་་

民生   2024-11-13 19:01   北京  

   ཚེས་12ཉིན། ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས། གསར་འགོད་པ་ཞིག་གིས་འཇར་མན་གྱི་འབྲེལ་ཡོད་དཔོན་རིགས་ཐའེ་ཝན་དུ་ཕྱོགས་མྱུལ་ངན་འབྲེལ་བྱེད་པའི་སྐོར་ལ་དྲི་བ་བཏོན་པ།

   ལིན་ཅན་གྱིས་བཤད་རྒྱུར། འཛམ་གླིང་དུ་ཀྲུང་གོ་གཅིག་ལས་མེད། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། ཀྲུང་གོ་གཅིག་གི་རྩ་དོན་ནི་ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ངོས་འཛིན་གཅིག་མཐུན་ཞིག་ཡིན་ལ། ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ཞིག་ཀྱང་ཡིན། 

    ང་ཚོས་འཇར་མན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ཞུས་ནས། ཐའེ་ཝན་ཕྱོགས་དང་རྣམ་པ་གང་རུང་ལམ་གྱི་གཞུང་ཕྱོགས་ཀྱི་འགྲོ་འོང་བྱེད་མཚམས་འཇོག་པ་དང་། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་གཏོང་མཚམས་འཇོག་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན།

人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章