@སློབ་ཆེན་སློབ་མ་ཚོ། དངུལ་བུན་འདི་མཐོ་རུ་བཏང་འདུག

民生   2024-11-06 19:02   北京  

   ཚེས་4ཉིན། ནོར་སྲིད་པུའུ་དང་སློབ་གསོ་པུའུ། ཀྲུང་གོའི་མི་དམངས་དངུལ་ཁང་། དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཅས་ཀྱིས་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་དངུལ་བུན་གྱི་འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་དངུལ་བུན་གྱི་གྲངས་ཚད་མཐོ་རུ་བཏང་བ་དང་། རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་དངུལ་བུན་གྱི་སྐྱེད་ཀ་ལེགས་སྒྲིག་བྱས། 

   2024ལོའི་སྟོན་དུས་ཀྱི་སློབ་དུས་ནས་བཟུང་། ཉིན་གང་ལམ་ལུགས་ཀྱི་དངོས་གཞི་དང་ཆེད་ཚན་དཀྱུས་མའི་སློབ་མའི(ཤེས་རམས་པའི་སློབ་གནས་གཉིས་པ་དང་། མཐོ་རིམ་ལས་རིགས་སློབ་མ། གྲ་སྒྲིག་འཛིན་གྲྭའི་སློབ་མ་བཅས་ཚུད་པ)མི་རེ་ཡིས་ལོ་རེར་དངུལ་བུན་རེ་ཞུ་བྱེད་པའི་གྲངས་ཚད་དེ་སྒོར་16000ལས་མི་བརྒལ་བ་ནས་སྒོར་20000ལས་མི་བརྒལ་བའི་བར་མཐོ་རུ་བཏང་བ་དང་། ཉིན་གང་ལམ་ལུགས་ཀྱི་ཞིབ་འཇུག་སློབ་མ་མི་རེ་ཡིས་ལོ་རེར་དངུལ་བུན་རེ་ཞུ་བྱེད་པའི་གྲངས་ཚད་དེ་སྒོར་20000ལས་མི་བརྒལ་བ་ནས་སྒོར་25000ལས་མི་བརྒལ་བར་མཐོ་རུ་བཏང་ཡོད། སློབ་མས་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་རེ་ཞུ་བྱས་རིགས་སྔོན་ལ་སློབ་གྲྭར་སྡོད་རིང་གི་སློབ་ཡོན་དང་ཉལ་ཁང་གི་རིན་པ་སྤྲོད་དགོས་པ་དང་། བརྒལ་བའི་ཆ་དེ་རྒྱུན་ལྡན་གྱི་འཚོ་བའི་གྲོན་དངུལ་ཁ་གསབ་བྱེད་པའི་ཐད་སྤྱོད་དགོས། 

   རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྱི་གྲངས་ཚད་ལེགས་སྒྲིག་བྱས་རྗེས། དམག་ཞབས་དང་ལེན་བྱེད་མཁན་མཐོ་རིམ་སློབ་གྲྭའི་སློབ་མའི་སློབ་ཡོན་ཁ་གསབ་དང་། སློབ་ཡོན་ཐད་སྤྱོད་པའི་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྱི་ཚབ་འཇལ། སློབ་ཡོན་ཆག་ཡང་དང་རྩ་ཆག་གཏོང་བའི་ཚད་གཞི། དེ་བཞིན་གཞི་རིམ་གྱི་ལས་ཞུགས་སློབ་ཡོན་གྱི་ཁ་གསབ། སློབ་ཡོན་ཐད་སྤྱོད་པའི་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྱི་ཚབ་བྱེད་ཚད་གཞི་བཅས་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མ་རེར་ལོ་རེར་ཆེས་མཐོ་ན་སྒོར་20000ལས་མི་བརྒལ་བ་དང་། ཞིབ་འཇུག་སློབ་མ་རེར་ལོ་རེར་ཆེས་མཐོ་ན་སྒོར་25000ལས་མི་བརྒལ་བར་ལེགས་སྒྲིག་འོས་འཚམ་བྱས་ཡོད་པ་རེད། 

   རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྱི་སྐྱེད་ཚད་དེ་དུས་མཚུངས་དང་རིམ་པ་གཅིག་མཚུངས་ཀྱི་དངུལ་བུན་ཁྲོམ་རའི་གོང་ཚད་ཞུ་བའི་སྐྱེད་ཚད(LPR)དེ་གཞི་གནས་60ཉུང་དུ་གཏོང་རྒྱུ་དང་། དུས་མཚུངས་དང་རིམ་པ་གཅིག་མཚུངས་ཀྱི་LPRལ་གཞི་གནས་70ཉུང་དུ་གཏོང་རྒྱུ་རེད། དེ་གོང་མིང་རྟགས་བཀོད་ཟིན་པའི་LPRཡི་འཕར་ཆག་ངེས་མེད་སྐྱེད་ཚད་ཀྱི་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྱི་གན་རྒྱ་དེ་གཉེར་འགན་འཁུར་མཁན་དངུལ་ཁང་གིས་དངུལ་བུན་གཡར་མཁན་སློབ་མ་དང་གྲོས་མོལ་བྱས་ནས། དེ་སྔའི་གན་རྒྱའི་སྐྱེད་ཚད་དེ་དུས་མཚུངས་དང་རིམ་པ་གཅིག་མཚུངས་ཀྱི་LPRལ་ལེགས་སྒྲིག་བྱས་ཏེ། གཞི་གནས་70ཉུང་དུ་གཏོང་རྒྱུ་ཡིན་པ་རེད།


གསར་འགྱུར་འོས་སྦྱོར།
མི་214རྐྱེན་ལམ་དུ་ཤོར་འདུག
ཨ་རིས་འདི་བཀག་སྡོམ་བྱས་པའི་ཐད།
འགོ་ཁྲིད་འདིར་བརྟག་དཔྱད་བྱས་འདུག
རྒྱ་གར་དང་ཐག་གཅོད་ཇུས་གཞི་འདི་བཟོས་ཟིན།

人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章