སློབ་ཆེན་འདིས་ཞིབ་འཇུག་སློབ་མ་5འབུད་རྩིས་ཡོད་པ།

民生   2024-11-07 19:01   北京  

   ཉེ་ཆར། ཧྭ་ཀྲུང་ཚན་རྩལ་སློབ་ཆེན་རྩིས་འཁོར་ཚན་རིག་དང་ལག་རྩལ་སློབ་གླིང་གིས་《སློབ་ལོ་བརྒལ་བའི་ཞིབ་འཇུག་སློབ་མ་སློབ་གྲྭ་ནས་ཕྱིར་འཐེན་ཐག་གཅོད་བྱ་རྩིས་ཀྱི་སྤྱི་བསྒྲགས་》ཁྱབ་བསྒྲགས་བྱས་ཏེ། སློབ་མ་5སློབ་གྲྭ་ནས་འབུད་རྒྱུའི་ཐག་གཅོད་བྱ་རྩིས་ཡོད་པ་རེད།

    བརྡ་ཐོའི་ནང་སློབ་གསོ་པུའི་《མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་མ་དོ་དམ་གྱི་གཏན་འབེབས་》(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའི་བཀའ་རྒྱ་ཨང་41པ་)ཀྱི་དོན་ཚན་སུམ་ཅུ་པ་དང་དེ་བཞིན་《ཧྭ་ཀྲུང་ཚན་རྩལ་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་ཁོངས་དོ་དམ་གྱི་ལག་བསྟར་ཞིབ་སྲོལ་》གྱི་དོན་ཚན་བཅུ་པ་དང་། སོ་དྲུག་པ། སོ་བདུན་པ། སོ་བརྒྱད་པ་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས། སློབ་གླིང་དེས་སློབ་ལོ་བརྒལ་ཞིང་སྦྱངས་ཚན་ལེགས་གྲུབ་མ་བྱུང་བའི་ཞིབ་འཇུག་སློབ་མར་《སློབ་ལོ་རིང་ཤོས་ལས་བརྒལ་རིགས་སློབ་གྲྭ་ནས་འབུད་རྩིས་ཡོད་པའི་ཐག་གཅོད་སྐོར་གྱི་བརྡ་ཐོ་》བསྐུར་བ་དང་། ཞིབ་འཇུག་སློབ་མ་ཁག་གཅིག་གིས་གཏན་འབེབས་ཀྱི་དུས་ཚོད་ནང་ལན་མ་སྤྲད་པ་དང་། སློབ་གྲྭ་ནས་ཕྱིར་འཐེན་བྱེད་པའི་འགྲོ་ལུགས་ཀྱང་རང་འགུལ་ངང་འགྲིམས་མེད་པས། ད་ལྟ་ཞིབ་འཇུག་སློབ་མ་ཁག་གཅིག་སློབ་གྲྭ་ནས་འབུད་རྒྱུའི་ཐག་གཅོད་བྱེད་རྩིས་ཡོད་ཅེས་འཁོད།

   བརྡ་ཐོའི་ནང་། ཡོངས་བསྒྲགས་བྱེད་ཡུན་ནི་2024ལོའི་ཟླ་10ཚེས་28ཉིན་ནས་2024ལོའི་ཟླ་11ཚེས་6ཉིན་བར་ཡིན་ཞིང་། སློབ་མར་བསམ་འཆར་མི་མཐུན་པ་ཡོད་ན། བརྡ་ཐོ་འབྱོར་ཉིན་ནས་བཟུང་གི་ཉིན་10ཡི་ནང་ཡིག་ཐོག་ནས་རང་གནས་སའི་སློབ་གླིང་དང་སྡེ་ཁག་ལ་རྒྱུ་མཚན་ཞུ་འབུལ་བྱས་ཆོག ཡོངས་བསྒྲགས་བྱས་ཟིན་རྗེས་《སློབ་ལོ་རིང་ཤོས་སློབ་གྲྭ་ནས་འབུད་རྩིས་ཡོད་པའི་གསལ་བཤད་ཡི་གེ་》སྤྲད་ཟིན་པར་བརྩི་རྒྱུ་དང་དུས་བཀག་ནང་ཞུ་འབུལ་མ་བྱས་ན་བསམ་འཆར་མེད་པར་བརྩི་རྒྱུ་ཅེས་འཁོད་ཡོད། 


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章