མི་9པོ་འདི་དག་ཐེར་འདོན་བྱས་ན་བྱ་དགའ་ཡོད།

民生   2024-11-12 11:56   北京  

    ཟླ་11ཚེས་10ཉིན། ནང་སོག་པཱ་ཡན་ནའོ་གྲོང་ཁྱེར་སྤྱི་བདེ་ཅུས་ལིན་ཧོ་ཡན་ལག་ཅུས་ཀྱིས་བྱ་དགའ་སྤྲོད་རྒྱུའི་སྤྱི་བསྒྲགས་སྤེལ་དོན་གྱི་ནང་དོན་ཆ་ཚང་གཤམ་གསལ།

   ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ད་ཆ་ཉེས་དོན་ཉེས་གསོག་གི་ཁྲིམས་ཁུར་བྲོས་བྱོལ་མི་སྣ་9པོ་འཛིན་པའི་ཁུངས་སྣེ་འདོན་སྤྲོད་མཁན་ལ་བྱ་དགའ་སྤྲོད་པའི་བཀའ་རྒྱ་ཡོངས་བསྒྲགས་བྱས། སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་རྒྱ་ཆེའི་མང་ཚོགས་ཀྱིས་ཐེར་འདོན་ནང་ཧུར་ཐག་ཞུགས་ནས། བྲོས་བྱོལ་མི་སྣའི་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་གྱོད་དོན་ཐག་གཅོད་མི་དམངས་ཉེན་རྟོག་པར་འབྲེལ་གཏུག་བྱེད་པའམ་ཡང་ན་110ལ་ཁ་པར་བརྒྱབ་ནས་ཐེར་འདོན་བྱས་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་གསང་བ་ནན་པོར་བསྲུང་རྒྱུ་དང་། ཁུངས་སྣེ་ནུས་ལྡན་མཁོ་འདོན་བྱེད་མཁན་སྒེར་པའམ་ཡང་ན་ཚན་པར་བྱ་དགའ་སྒོར་10000ནས་སྒོར་30000བར་སྤྲོད་རྒྱུ།(བྱ་དགའི་དངུལ་གྲངས་ཚང་མ་མི་དམངས་ཤོག་སྒོར་ཐོག་ནས་བརྩི་རྒྱུ།) བྲོས་བྱོལ་དུ་སོང་མི་སྣ་སྦས་སྐུང་དང་འགེབས་སྲུང་བྱེད་པ་དང་དེ་བཞིན་དེར་སྟབས་བདེའི་ཆ་རྐྱེན་མཁོ་འདོན་བྱེད་མཁན་ཚང་མར་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན། དེ་དང་ཆབས་ཅིག་བྲོས་བྱོལ་དུ་འགྲོ་མིས་གནས་བབ་གསལ་རྟོགས་ཐུབ་པ་དང་། རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་ན་གུ་ཡངས་ཐག་གཅོད་བརྩོན་ལེན་ཐུབ་རེ་སྤྱི་བདེ་ལས་ཁུངས་ནས་གསལ་བསྒྲགས་བྱས་ཡོད། 

ཐེངས་འདིའི་བྱ་དགའ་སྤྲད་དེ་འཛིན་ཐབས་ཀྱི་བཀའ་རྒྱ་གོ་ཆོད་ཡུན་ནི་2024ལོའི་ཟླ་11ཚེས་10ཉིན་ནས་2024ལོའི་ཟླ་12ཚེས་10ཉིན་བར་ཡིན། 

ཐེར་འདོན་ཁ་པར་ནི།13190856644(ཉེན་རྟོག་པ་པན་)19104888655(ཉེན་རྟོག་པ་ལན།)

人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章