དབྱིན་ཇིའི་རླུང་འཕྲིན་ཀུང་སི(BBC)དང་ཐ་སི་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་12ཉིན། ཡེ་མེན་ཧུའུ་སའེ་དྲག་དཔུང་དམག་དོན་མགྲིན་ཚབ་པ་ཡེ་ཧའེ་ཡ·ས་ལེ་ཡས་གཏམ་བཤད་སྤེལ་ནས་ཧུའུ་སའེ་དྲག་དཔུང་གིས་མཚོ་འགྲུལ་འཕུར་མདེལ་དང་མི་མེད་གནམ་གྲུ་བརྒྱུད་ཨ་དམག་གི“ཡ་པོ་ལ་ཧན·ལིན་ཁེན”རྟགས་ཅན་གྱི་གནམ་གྲུ་འབབ་འཕུར་གྲུ་གཟིངས་ལ་འཇབ་རྒོལ་བྱས་པ་མ་ཟད། རྒྱ་མཚོ་དམར་པོའི་ཐོག་གི་ཨ་རིའི་དམག་དཔུང་གི་མཐར་སྐྲོད་དམག་གྲུར་ཡང་འཇབ་རྒོལ་བྱས་པ་བཤད།
གནས་འཕྲིན་སྤེལ་བར་གཞིགས་ན། ས་ལེ་ཡས་ད་དུང་ཧུའུ་སའེ་ཡི་དྲག་དཔུང་མཁའ་དམག་གིས་དམག་དོན་བྱ་སྤྱོད་ཐེངས་གཉིས་སྤེལ་བ་མ་ཟད། དུས་ཡུན་ཆུ་ཚོད་8ཟིན་ཡོད་བཤད།
མིག་སྔའི་བར་ཨ་རི་ཕྱོགས་ཀྱིས་དེའི་ཐད་གནས་སྐབས་ཨ་ལན་བསློགས་མེད་པ་རེད།