ཁ་ན་ཏས་ཀྲུང་གོར་དམིཊ་པའི་བཀག་སྡོམ་འདི་མེད་པར་བཟོས།

民生   2024-11-04 08:15   北京  

   ཁ་ན་ཏ་སྐྱེལ་འདྲེན་ཁང་ཡིས་ས་གནས་དེ་གའི་དུས་ཚོད་ཚེས་28ཉིན་རང་གི་དྲ་ཚིགས་ཐོག་སྤྱི་བསྒྲགས་སྤེལ་ནས། ཟླ་10ཚེས་24ཉིན། ཕྱི་འབྲེལ་པུའི་པུའུ་ཀྲང་གི་མཛུབ་སྟོན་འོག ཁ་ན་ཏའི་འགྲིམ་འགྲུལ་པུའུ་ཀྲང་གིས་2022ལོའི་ཟླ་2ཚེས་3ཉིན་ཁྱབ་བསྒྲགས་བྱས་པའི་“གཟའ་འཁོར་རེར་ཁ་ན་ཏར་འཕུར་བའི་ཀྲུང་གོའི་སྐམ་ས་ཆེན་མོའི་མཁའ་འགྲུལ་སིའི་དུས་བཀག་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་ཐེངས་དྲུག་ལས་མི་བརྒལ་བ་བྱ་རྒྱུ་”དང་། “པེ་ཅིང་ནས་ཁ་ན་ཏར་ཐད་ཀར་འཕུར་མི་ཆོག་པ་”སོགས་ཀྱི་ཚོད་འཛིན་བྱ་ཐབས་མེད་པར་བཟོས་པ་རེད། 

   2024ལོའི་ཟླ་10ཚེས་25ཉིན་ནས་བཟུང་། ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ་དང་། རྒྱལ་སའི་མཁའ་འགྲུལ། ཤར་ཕྱོགས་མཁའ་འགྲུལ། ལྷོ་ཕྱོགས་མཁའ་འགྲུལ། ཧའེ་ནན་མཁའ་འགྲུལ། སི་ཁྲོན་མཁའ་འགྲུལ། ཞ་མོན་མཁའ་འགྲུལ་སོགས་ཀྱི་ཚོད་འཛིན་ཆ་རྐྱེན་མེད་པར་བཟོ་རྒྱུ་རེད།


གསར་འགྱུར་འོས་སྦྱོར།
སྒོར་དུང་ཕྱུར་7.19གཤམ་སྤྲོད་བྱས།
གནད་དོན་ཡོད་ན་འདི་རུ་ཐེར་འདོན་བྱས་ཆོག

人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章