རིགས་གཅིག་མཁས་པ་19ལ་ཆད་པ་བཅད་འདུག

民生   2024-11-17 14:00   北京  

    ཟླ་11ཚེས་12ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་བཅོས་འཕྲོད་བསྟེན་ཚན་རྩལ་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱིས་བརྡ་ཁྱབ་བཏང་ནས། རིགས་གཅིག་མཁས་པའི་ཚུལ་མིན་བྱ་སྤྱོད་ལ་ཞིབ་དཔྱད་ཐག་གཅོད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

   བརྡ་ཁྱབ་ལས་བསྒྲགས་དོན། ཚན་རྩལ་འཕེལ་རྒྱས་ལྟེ་གནས་ཀྱིས་2024ལོའི་ཟླ་6ཚེས་18ཉིན་ནས་ཟླ་7ཚེས་25ཉིན་བར་འབྲས་སྐྲན་དང་། སྙིང་ཀླད་ཁྲག་རྩ། དབུགས་རྔུབ་གཏོང་དང་བརྗེ་ཚབ་རང་བཞིན་གྱི་ནད་ཡམས་འགོག་བཅོས་ཞིབ་འཇུག་གི་རྒྱལ་ཁབ་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་འཛུགས་པའི་དཔྱད་ཞིབ་ལས་དོན་སྒྲིག་འཛུགས་བྱས་ཏེ། ཁྱོན་རིགས་གཅིག་མཁས་པ་728དྲ་ཐོག་ནས་ཞུགས་པ་རེད། བརྒྱུད་རིམ་དེའི་ནང་། རིགས་གཅིག་མཁས་པ་མང་ཆེ་བས་འགན་འཁྲི་བསྒྲུབས་ནས་ལུགས་མཐུན་དྲང་གཞག་ངང་དཔྱད་ཞིབ་ལས་འགན་ལེགས་སྒྲུབ་བྱས་པ་དང་། རིགས་གཅིག་མཁས་པ་ཁག་གཅིག་ལ་རང་འགན་གཙང་སྒྲུབ་དང་སྒྲིག་ཁྲིམས་ཐད་ཀྱི་ཚུལ་མིན་བྱ་སྤྱོད་ཡོད།

   《ཚན་རིག་ལག་རྩལ་བྱེད་སྒོའི་སྒྲིག་འགལ་བྱ་སྤྱོད་ཐག་གཅོད་བྱ་རྒྱུའི་གནས་སྐབས་ལག་བསྟར་གཏན་འབེབས》དང《རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་བཅོས་འཕྲོད་བསྟེན་ཚན་རྩལ་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུང་དབྱང་ནོར་སྲིད་ཀྱི་ཚན་རྩལ་འཆར་གཞིའི(ཆེད་དམིགས་རྣམ་གྲངས་དང་ཐེབས་རྩ་སོགས)རྣམ་གྲངས(ཞིབ་འཇུག་བྱ་གཞི)ཞིབ་དཔྱད་རིགས་གཅིག་མཁས་པའི་ཚུལ་མིན་བྱ་སྤྱོད་དོ་དམ་བྱ་ཐབས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཞིབ་འཇུག་དང་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། 

རིགས་གཅིག་མཁས་པ་6ལ་དུས་ཡུན་རིང་པོར་རྗེས་སུ་ལུས་པ་མ་ཟད། རྒྱུ་མཚན་རྫུན་མ་བཟོས་ནས་དུས་ཡུན་རིང་པོར་དྲ་ཐོག་ནས་ཁ་བྲལ་བ་དང་། ཚོགས་ར་ནས་བྲལ་བ། བརྙན་མིག་ཐེངས་མང་བཀག་པའམ་ཡང་ན་ཁེར་སྡོད་ཀྱི་གནས་ཤིག་ཏུ་དཔྱད་ཞིབ་མི་བྱེད་པ་སོགས་ཀྱི་བྱ་སྤྱོད་ཡོད་པས་ཚུལ་མིན་བྱ་སྤྱོད་ཚབས་ཆེན་གྲུབ་པས། “ལོ་3ནང་ཚན་རྩལ་འཕེལ་རྒྱས་ལྟེ་གནས་ཀྱིས་འགན་འཁུར་བའི་རྣམ་གྲངས(ཞིབ་འཇུག་བྱ་གཞི)དོ་དམ་བྱེད་སྒོར་གདན་ཞུ་མི་བྱེད་པའི”ཐག་བཅད་པ་དང་། 

   རིགས་གཅིག་མཁས་པ་13ལ་དུས་ཡུན་རིང་པོར་རྗེས་སུ་ལུས་པ་དང་ཚོགས་འདུའི་དཔྱད་གཞིའི་ཡིག་རིགས་པར་བླངས་པ་སོགས་ཀྱི་བྱ་སྤྱོད་དེས་སྤྱིར་བཏང་གི་ཚུལ་མིན་བྱ་སྤྱོད་གྲུབ་པས། “ཁྱབ་ཁོངས་ངེས་ཅན་ནང་ཁྱབ་བསྒྲགས་བྱ་རྒྱུའི”ཐག་བཅད་པ་རེད།

   འབྲེལ་ཡོད་ཐག་གཅོད་བྱས་འབྲས་རིགས་གཅིག་མཁས་པ་རང་ཉིད་ལ་བསྒྲགས་ཡོད་པ་མ་ཟད། ཚན་རྩལ་འཕེལ་རྒྱས་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གྱི་ཚུལ་མིན་བྱ་སྤྱོད་གསལ་ཐོའི་ནང་བཅུག་པ་རེད།

   བརྡ་ཁྱབ་ལས་བསྒྲགས་དོན། ཚན་རྩལ་འཕེལ་རྒྱས་ལྟེ་གནས་ཀྱིས་དཔྱད་ཞིབ་བྱེད་རིང་བྱ་སྤྱོད་ངན་པ་ཡོད་པའི་རིགས་གཅིག་མཁས་པ་ལ་ཐག་གཅོད་ནན་པོ་མུ་མཐུད་བྱ་རྒྱུ་ཡིན་པས། རྒྱ་ཆེའི་དཔྱད་ཞིབ་རིགས་གཅིག་མཁས་པ་ཚོས་རང་རྟོགས་ངང་དུས་རབས་གསར་པའི་ཚན་རིག་མཁས་པའི་སྙིང་སྟོབས་ལག་ལེན་བསྟར་བ་དང་། སློབ་སྲོལ་དང་སྤྱོད་ཚུལ་བཟང་པོ་མཐའ་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པའི་ཀུན་སྤྱོད་ཚད་གཞི་ནན་པོ་སྲུང་བ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དྲང་གཞག་གཞུང་དྲང་གི་དཔྱད་ཞིབ་ཁོར་ཡུག་དང་སྤྱོད་བཟང་གཞུང་དྲང་གི་གསར་གཏོད་སྐྱེ་ཁམས་ཤིག་མཉམ་དུ་སྲུང་སྐྱོང་བྱེད་དགོས།


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章