མི་འདི་རིཊ་ཀྱིས་སློབ་གསོའི་ལས་རིཊ་གཉེར་མི་ཆོག

民生   2024-11-14 08:04   北京  

   སློབ་གསོ་པུས་ཚེས་11ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པའི་ཐོག ཀྲུང་གོའི་ཁྲིམས་རིག་སློབ་ཚོགས་སྲིད་འཛིན་ཁྲིམས་རིག་ཞིབ་འཇུག་ཨུ་ལྷན་གྱི་ཚོགས་གཙོ་གཞོན་པ་ཝང་ཅིང་པོ་ཡིས་སློབ་ཞུགས་གོང་གི་སློབ་གསོའི་དོན་ཚན་ཞེ་བཞི་པའི་ནང་ལས་ཞུགས་གཏན་འགོག་གི་གནས་ཚུལ་རིགས་གཉིས་ཁ་གསལ་བཏོན་གསལ་དུ། 

   གཅིག་ནི་མནར་གཅོད་གཏོང་བ་དང་། འཁྲིག་སྤྱོད་ཀྱི་གནོད་འཚེ་གཏོང་བ། འཁྲིག་སྤྱོད་ཀྱི་ཟིང་ཆ་སློང་བ། བསླུ་འཚོང་བྱེད་པ། དྲག་ཤུགས་ལ་བརྟེན་ནས་རྨས་སྐྱོན་གཏོང་བ། དུག་འཐེན་པ། རྒྱན་འགྱེད་པ་སོགས་ཁྲིམས་འགལ་ཉེས་གསོག་གི་ཟིན་ཐོ་ཡོད་རིགས། 

   རིགས་གཞན་ཞིག་ནི་ཆང་རག་ལ་མྱོས་པ་དང་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ལས་ཚབས་ཆེན་འགལ་བའི་བྱེད་སྤྱོད་སོགས་བྱིས་པའི་ལུས་སེམས་བདེ་འཇགས་ལ་གནོད་འཚེ་བཟོ་སྲིད་པའི་གནས་ཚུལ་གཞན་ཡོད་རིགས་རེད། 

   གཞན་ཡང་། དོན་ཚན་བརྒྱད་ཅུ་པའི་ནང་ད་དུང་བུ་བཅོལ་ཁང་གི་དགེ་རྒན་དང་ལས་བཟོ་པས་ལུས་ཆད་གཅོད་པ་དང་ཡང་ན་རྣམ་པ་འགྱུར་བའི་ལུས་ཆད་གཅོད་པ་དང་། བྱིས་པར་མཐོང་ཆུང་བྱེད་པ། བརྙས་བཅོས་བྱེད་པ་སོགས་ཀྱི་བྱེད་སྤྱོད་ལ་བཅའ་ཁྲིམས་ཀྱི་འགན་འཁྲི་གཏན་འཁེལ་བྱས་ནས། བུ་བཅོལ་ཁང་ངམ་ཡང་ན་འབྲེལ་ཡོད་སྡེ་ཁག་གིས་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་འབྲེལ་ཡོད་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། 

   བུ་བཅོལ་ཁང་ངམ་ཡང་ན་སློབ་གསོའི་སྡེ་ཁག་གིས་བུ་བཅོལ་ཁང་གི་དགེ་རྒན་དང་ལས་བཟོ་པར་ཁྲིམས་འགལ་གྱི་བྱ་སྤྱོད་ཡོད་པ་ཤེས་ཚེ། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས། དགེ་རྒན་གྱི་བཅའ་ཁྲིམས་དང་། བྱ་ལས་ཚན་པའི་མི་དོན་དོ་དམ་གྱི་སྲོལ་ཡིག བྱ་ལས་ཚན་པའི་ལས་བྱེད་མི་སྣའི་ཆད་གཅོད་གཏན་འབེབས། དགེ་རྒན་གྱི་ཀུན་སྤྱོད་ཚད་ལྡན་མིན་པའི་བྱ་སྤྱོད་ཐག་གཅོད་བྱེད་ཐབས། དེ་བཞིན་བུ་བཅོལ་ཁང་གི་འབྲེལ་ཡོད་སྒྲིག་སྲོལ་ལམ་ལུགས་སོགས་ཀྱི་གཏན་འབེབས་དང་ཟུང་འབྲེལ་བྱས་ཏེ། ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་དགོས། ཉེས་ཚབས་ཅུང་ཆུང་བའི་རིགས་ལ་སྐྱོན་བརྗོད་དང་སློབ་གསོ་བརྒྱབ་ཆོག བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་ལས་ཞུགས་བཀག་སྡོམ་གྱི་གནས་ཚུལ་ཡོད་མཁན་རྣམས་དགེ་རྒན་གྱི་དཔུང་ཁག་ནས་མཐའ་གཅིག་ཏུ་འབུད་དགོས།


གསར་འགྱུར་འོས་སྦྱོར།
ཀྲུང་གོར་འཚམས་འདྲི་གནང་རྒྱུ་རེད།
རྒྱལ་ཁབ་འདི་དག་གིས་གསལ་བསྒྲཊ་སྤེལ།
འགོ་ཁྲིད་འདིར་བརྟག་དཔྱད་བྱས་འདུག
བུད་མེད་འགོ་ཁྲིད་འདིས་རང་ཉེས་ངོས་ལེན་ཞུས།

人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章