ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་4ཉིན། ཨ་རིའི་ཀྲུང་དབྱང་སི་ལིང་པུའུ་ཡིས་གནས་ཚུལ་ཁྱབ་བསྒྲགས་བྱས་ནས། ཟླ་8ཚེས་29ཉིན་ནས་བཟུང་། ཨ་རིའི་ཀྲུང་དབྱང་སི་ལིང་པུའུ་ཡིས་དབྱི་རག་དང་སི་རི་ཡའི་བདེ་འཇགས་དཔུང་སྡེ་དང་མཉམ་ལས་བྱས་ནས་ཐལ་སྐྱོད་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ”ཀྱི་དྲག་དཔུང་མི་སྣར་རྡུང་རྡེག་གཏོང་བའི་བྱ་སྤྱོད་ཐེངས་95སྤེལ་བའི་ནང་། སི་རི་ཡར་ཕྱོགས་རྐྱང་པའི་རྡུང་རྡེག་གཏོང་རྒྱུ་ཚུད་ཡོད་ཅེས་བཤད་པ་རེད།
གསལ་བསྒྲགས་ནང་། བྱ་སྤྱོད་དེ་དག་སྤེལ་རིང་ཐལ་སྐྱོད་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ”ཀྱི་དྲག་དཔུང་མི་སྣ་163བསད་པ་དང་། དྲག་དཔུང་མི་སྣ་33བཟུང་བའི་ནང“དབྱི་སི་ལན་རྒྱལ་ཁབ”ཀྱི་དྲག་དཔུང་མི་སྣ་མཐོ་རིམ་དང་འབྲིང་རིམ་གྱི་འགོ་ཁྲིད་པ་30ལྷག་ཙམ་ཚུད་ཡོད་པ་རེད།