བུད་མེད་འགོ་ཁྲིད་འདིར་ལོ་3གྱི་ཁྲིམས་ཐག་བཅད།

民生   2024-11-16 08:04   北京  

   ཟླ་11ཚེས་14ཉིན། ཅང་ཞི་ཞིང་ཆེན་ཧྲང་རའོ་གྲོང་ཁྱེར་གྱི་ཧེང་ཧྥུང་རྫོང་མི་དམངས་ཁྲིམས་ཁང་གིས་ཝན་ཉན་རྫོང་ཧྲང་ཧྥང་ཤང་གི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་ལི་ཕེ་ཞ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་ཐེངས་དང་པོ་ཡོངས་བསྒྲགས་ངང་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ལི་ཕེ་ཞ་ལ་ལྐོག་རྔན་བླངས་པའི་བྱས་ཉེས་ཐོག་ནས་དུས་བཀག་བཙོན་འཇུག་ལོ་གསུམ་གྱི་ཁྲིམས་ཐག་བཅད་པ་མ་ཟད། དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་20བཅད་པ་དང་། ལྐོག་རྔན་བླངས་པའི་རྒྱུ་དངོས་བདའ་འདེད་བཏང་ནས་རྒྱལ་མཛོད་དུ་འབུལ་དགོས།  

   འདྲི་ཞིབ་བྱས་པ་བརྒྱུད་རྩད་ཆོད་བྱུང་གསལ། 2019ལོའི་ཟླ་4པ་ནས་2024ལོའི་ཟླ་2པའི་བར། ཞུ་སྦྱོར་ཕྱི་མ་ལི་ཕེ་ཞ་ཡིས་ཝན་ཉན་རྫོང་ཧྲེང་ཧྥེང་ཤང་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར་བའི་སྟབས་བདེ་སྤྱད་དེ་མི་གཞན་ལ་ལས་གྲྭའི་རྣམ་གྲངས་འགན་ལེན་དང་ལས་གྲྭའི་དངུལ་སྤྲོད་པ་སོགས་ཀྱི་ཐད་ཁེ་ཕན་རག་ཐབས་བྱས་ནས། ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་དངོས་མི་དམངས་ཤོག་སྒོར་ཁྲི་165བླངས་ཡོད་པ་རེད། 

   ཧེང་ཧྥུང་རྫོང་མི་དམངས་ཁྲིམས་ཁང་གིས། ཞུ་སྦྱོར་ཕྱི་མ་བ་ལི་ཕེ་ཞའི་བྱ་སྤྱོད་ཀྱིས་ལྐོག་རྔན་བླངས་པའི་བྱས་ཉེས་སུ་གྲུབ་ཡོད་པས་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་པའི་ངོས་འཛིན་བྱས། ལི་ཕེ་ཞ་ཡིས་གྱོད་དོན་གྱི་རྗེས་སུ་རང་གི་བྱས་ཉེས་ཇི་བཞིན་ངོས་ལེན་བྱས་པ་དང་། རང་ཉེས་ངོས་ལེན་དང་རང་ནོངས་ངོས་ལེན་གྱི་རྣམ་འགྱུར་བཟང་བ། ཧུར་ཐག་གིས་བརྐུས་དངོས་ཕྱིར་སྤྲད་པ། ལྐོག་རྔན་བླངས་པའི་རྒྱུ་དངོས་ཚང་མ་ཕྱིར་སྤྲད་ཟིན་པས། ཁྲིམས་གསལ་དང་བབ་བསྟུན་གྱི་ཉེས་ཆད་ཡང་གཅོད་ཀྱི་གནས་ཚུལ་ཡོད་པས། ཁྲིམས་ལྟར་ཉེས་ཆད་ཡང་གཅོད་བྱས་ཆོག ཁྲིམས་རས་གོང་གི་ཁྲིམས་ཐག་བཅད། ཞུ་སྦྱོར་ཕྱི་མ་བ་ལི་ཕེ་ཞ་ཡིས་ཁྲིམས་རར་ཁྲིམས་གཅོད་དང་ལེན་བྱ་རྒྱུའི་རྣམ་འགྱུར་བསྟན། 

   ཞུ་སྦྱོར་ཕྱི་མ་བའི་གཉེན་ཉེ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན། སྨྱན་སྦྱོར་གྱི་གསར་འགོད་པ། ལས་རིགས་ཁག་གི་མང་ཚོགས་བཅས་ཁྱོན་མི་སུམ་ཅུ་ལྷག་ཙམ་གྱིས་བཅད་ཁྲ་ཁྱབ་བསྒྲགས་ལ་ཟུར་ཉན་བྱས་པ་རེད། 


གསར་འགྱུར་འོས་སྦྱོར།
ཀྲུང་གོར་འཚམས་འདྲི་གནང་རྒྱུ་རེད།
རྒྱལ་ཁབ་8ཀྱིས་གསལ་བསྒྲཊ་སྤེལ།
འགོ་ཁྲིད་འདིར་བརྟག་དཔྱད་བྱས་འདུག
བུད་མེད་འགོ་ཁྲིད་འདིས་རང་ཉེས་ངོས་ལེན་ཞུས།

人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章