འཕུར་མདེལ་བཀོད་སྒྲིག་བྱས་པ་ནི་འཁྲུག་རྐྱེན་བསླངས་པ་རེད།

民生   2024-11-16 16:30   北京  

   ཟླ་11ཚེས་14ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུ་གཙོ་སྐྱོང་བྱས། 

   དྲི་བ། གནས་འཕྲིན་སྤེལ་བར་གཞིགས་ན། ཧྥི་ལི་ཕིན་གྱི་དྲག་ཆས་དཔུང་སྡེའི་མགྲིན་ཚབ་པས་ཧྥི་ལི་ཕིན་དམག་ཕྱོགས་ཀྱིས“ཐི་ཧྥུང”འབྲིང་འཕེན་འཕུར་མདེལ་གྱི་འཕེན་གཏོང་མ་ལག་ཉོ་རྩིས་ཡོད་ཅེས་བཤད་པ་དང་། ཧྥི་ལི་ཕིན་གྱི་རྒྱལ་སྲུང་པུའུ་ཀྲང་ཐེ་ཨའོ་ཏུའོ་ལུའོ་ཡིས་ཀྱང“ནུས་པ་དེ་རིགས་ཐོབ་རྩིས་ཡོད”ཅེས་བཤད་པ་དང་འབྲེལ་མ་ལག་དེས“ཟིལ་ཤུགས་ཆེ་རུ་གཏོང་ཐུབ” པ་དང་། ཧྥི་ལི་ཕིན་གྱིས“འབྱུང་འགྱུར་མངའ་ཁོངས་སུ་ནུས་པ་དེ་རིགས་ཐོབ་པའི་དབང་ཆ་འདོར་མི་སྲིད”ཅེས་བཤད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།

   དྲིས་ལན། ཨ་རིས་ཧྥི་ལི་ཕིན་ཏུ་འབྲིང་འཕེན་འཕུར་མདེལ་བཀོད་སྒྲིག་བྱེད་པའི་སྐོར་ལ་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་ལངས་ཕྱོགས་ཐེངས་མང་ནན་པོར་བསྟན་ཡོད། ངས་སླར་ཡང་ནན་བཤད་བྱ་རྒྱུ་ཞིག་ལ་ཧྥི་ལི་ཕིན་ཕྱོགས་ཀྱིས་འབྲིང་འཕེན་འཕུར་མདེལ་མ་ལག་གི་འཐབ་ཇུས་རང་བཞིན་དང་ཕར་རྒོལ་རང་བཞིན་གྱི་མཚོན་ཆ་ནང་འདྲེན་བྱས་པ་དེ་ནི་ས་ཁོངས་ཕྱི་རོལ་གྱི་སྟོབས་ཤུགས་ལ་གཞོགས་འདེགས་བྱས་ཏེ། ས་ཁུལ་ལ་འགལ་ཟླ་བཟོ་བ་དང་། ས་འབྲེལ་འགྲན་རྒོལ། དམག་ཤུགས་འགྲན་བསྡུར་བཅས་ཐད་དུ་འཁྲུག་རྐྱེན་སློང་བ་དང་ཉེན་ཁའི་བྱ་སྤྱོད་ཅིག་རེད་ལ། རང་ཉིད་རྒྱལ་ཁབ་དང་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་གི་མི་དམངས་དང་། ལོ་རྒྱུས། ས་ཁུལ་གྱི་བདེ་འཇགས་བཅས་ལ་གཏན་ནས་འགན་མ་འཁུར་བའི་གདམ་ག་ཞིག་རེད།

   ས་ཁུལ་འདིར་ཞི་བདེ་དང་དར་རྒྱས་དགོས་པ་ལས་འབྲིང་འཕེན་འཕུར་མདེལ་དང་འགྲན་རྒོལ་མི་དགོས། ང་ཚོས་ཧྥི་ལི་ཕིན་ཕྱོགས་ལ་ས་ཁུལ་དང་། རྒྱལ་ཁབ། མི་དམངས་བཅས་ཀྱི་འབོད་སྒྲར་གཙིགས་ཆེན་བྱས་ནས་ནོར་འཁྲུལ་གྱི་བྱེད་སྟངས་ཡོ་བསྲང་གང་མགྱོགས་བྱས་ཏེ། སྔོན་ཆད་ཀྱི་ཡོངས་བསྒྲགས་ཁས་ལེན་ལྟར་འབྲིང་འཕེན་འཕུར་མདེལ་མ་ལག་མགྱོགས་མྱུར་ཕྱིར་འཐེན་བྱེད་པ་ལས་ནོར་འཁྲུལ་གྱི་ལམ་བུའི་ཐོག་རིང་ནས་རིང་དུ་མི་འགྲོ་བ་བྱེད་པའི་སྐུལ་ལྕག་སླར་ཡང་གཏོང་རྒྱུ་ཡིན།


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章