འགོ་ཁྲིད་འདི་བཟུང་འདུག

民生   2024-11-04 19:01   北京  

   ཅང་ཞི་ཝུའུ་ཡེ་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིའི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཙོའུ་ཧྥུན་ཧྲེང་གིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཅང་ཞི་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ཅང་ཞི་ཞིང་ཆེན་གྱི་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྤྲོད་བྱེད་ཁོངས་དམིགས་འཛུགས་བྱས་པ་བརྒྱུད། ཀན་ཀྲོའུ་གྲོང་ཁྱེར་གྱི་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་དང་ཞུ་གཏུག་བྱས་པ་རེད། ཉིན་ཤས་གོང་། ཀན་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་ཀྱི་ཐོག་ནས་ཙོའུ་ཧྥུན་ཧྲེང་འཛིན་རྒྱུའི་ཐག་བཅད། གྱོད་གཞི་འདི་ད་ལྟ་ཐག་གཅོད་བཞིན་ཡོད།


གསར་འགྱུར་འོས་སྦྱོར།
བཀག་སྡོམ་འདི་མེད་པར་བཟོས།
ཨ་རིས་འདི་བཀག་སྡོམ་བྱས་པའི་ཐད།
རླུང་ཆེན་ལྡང་བའི་ཉེན་བརྡ་བཏང་འདུག
རྒྱ་གར་དང་ཐག་གཅོད་ཇུས་གཞི་འདི་བཟོས་ཟིན།

人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章