ཕུའུ་ཅིང་གིས་འདི་ལ་མིང་རྟགས་བཀོད་འདུག

民生   2024-11-11 16:30   北京  

   ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་9ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས《ཨུ་རུ་སུ་དང་ཁོ་རེ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆིངས་ཡིག》ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་རྒྱལ་ཕྲན་མཉམ་འབྲེལ་གྱི་བཅའ་ཁྲིམས་ལ་མིང་རྟགས་བཀོད་པ་རེད། 

   ཆིངས་ཡིག་ནང་ཕྱོགས་གཉིས་པོས་རྒྱལ་ཁབ་དེ་གའི་ཁྲིམས་འཛུགས་དང་རྒྱལ་སྤྱིའི་འོས་འགན་གཞིར་བཟུང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ལ་ཕན་ཚུན་བརྩི་འཇོག་བྱེད་པར་བཙན་གནོད་བྱེད་མི་ཆོག་པ་དང་། ནང་སྲིད་ལ་ཐེ་ཇུས་མི་བྱེད་པ། འདྲ་མཉམ་བཅས་དང་དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་གཞན་དག་བར་གྱི་མཛའ་གྲོགས་དང་མཉམ་ལས་འབྲེལ་བ་སོགས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་གཞིར་བཟུང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཡུན་རིང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པའི་གཏན་འབེབས་བྱས་ཡོད། ཆིངས་ཡིག་ནང་ད་དུང་ཕྱོགས་གཉིས་པོས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་དང་། རྒྱལ་སྤྱིའི་ཆ་འཕྲིན་བདེ་འཇགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།


གསར་འགྱུར་འོས་སྦྱོར།
ཀྲུང་གོར་འཚམས་འདྲི་གནང་རྒྱུ་རེད།
རྒྱལ་ཁབ་འདི་དག་གིས་གསལ་བསྒྲཊ་སྤེལ།
འགོ་ཁྲིད་འདིར་བརྟག་དཔྱད་བྱས་འདུག

人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章