ཆམ་རིམས་ནི་ཆམ་རིམས་ནད་དུག་གིས་བསླངས་པའི་དོས་དྲག་རང་བཞིན་གྱི་དབུགས་ལམ་གྱི་འགོས་ནད་ཅིག་ཡིན། ཆམ་རིམས་ནད་དུག་ནི་གཙོ་བོ་ནད་འགོས་མཁན་གྱིས་ཧབ་སྦྲིད་རྒྱག་པ་དང་གློ་ལུ་བ་སོགས་ལས་བྱུང་བའི་དབུགས་ལམ་བརྒྱུད་ནས་མཆིལ་མ་འཐོར་བ་མཆེད་པ་དང་། ཁ་ནང་དང་སྣ་ནང་། མིག་སོགས་འབྱར་སྐྱིའི་ནང་ནས་ཐད་ཀར་རམ་གཞན་བརྒྱུད་ཀྱིས་འགོས་པ་ཞིག་རེད། དམིགས་བསལ་གྱི་གནས་ཡུལ་ཏེ། དཔེར་ན་མི་མང་འཚོག་ས་དང་། རླུང་གི་རྒྱུ་བ་མི་ལེགས་པའི་ཁང་བའི་ནང་དུའང་ཁྱབ་སྤེལ་བྱེད་སྲིད།
སྟོན་དགུན་གཉིས་ཀྱི་དུས་སུ་དྲོད་ཚད་ཧེ་བག་ཆེ་བས་ཆམ་རིམས་འབྱུང་མང་བའི་དུས་སུ་སླེབས་ཡོད། དུག་སེལ་བྱ་རྒྱུ་ནི་འགོས་ནད་མཆེད་མཚམས་འཇོག་པའི་ནུས་ལྡན་གྱི་བྱེད་ཐབས་ཤིག་ཡིན་ལ། ཁྱིམ་ཚང་ནང་གི་ཆམ་རིམས་ཕན་ཚུན་འགོ་བ་སྔོན་འགོག་བྱེད་པར་ཧ་ཅང་གལ་ཆེ་བ་ཡིན།