ཟླ་11ཚེས་6ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རིའི་ཙུང་ཐུང་གི་འདེམས་བསྐོའི་མཇུག་འབྲས་ཐད་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
དྲི་བ། ཨ་རིའི་ཙུང་ཐུང་འདེམས་བསྐོའི་མཇུག་འབྲས་ཁྱབ་བསྒྲགས་བྱས་ནས། སྤྱི་མཐུན་ཏང་གི་འོས་མི་ཐེ་རོན་ཕུ་བདམས་ཐོན་བྱུང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
དྲིས་ལན། ང་ཚོས་ཨ་རིའི་མི་དམངས་ཀྱི་གདམ་གར་བརྩི་འཇོག་བྱ་རྒྱུ་དང་། སྐུ་ཞབས་ཐེ་རོན་ཕུ་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་རྒྱུ་ཡིན།