ཨུ་རུ་སུས་མེ་ཤུགས་འཕུར་མདའ་འདི་འཕེན་གཏོང་ལེགས་འགྲུབ་བྱུང་བ།

民生   2024-11-04 16:30   北京  

   ཨུ་རུ་སུའི་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་31ཉིན། ཨུ་རུ་སུའི་རྒྱལ་སྲུང་པུས་གནས་ཚུལ་ཁྱབ་བསྒྲགས་བྱས་ནས། ཨུ་རུ་སུའི་མཁའ་དམག་གིས་ཕུའུ་ལེ་སི་ཁེ་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱེད་གནས་སུ་དམག་སྤྱོད་འཁོར་སྐར་བླུགས་པའི“མནའ་འབྲེལ་-2.1a”སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་ལམ་ལྷོང་བྱུང་ཞེས་བཤད་པ་རེད། 

   གནས་འཕྲིན་སྤེལ་བར་གཞིགས་ན།“མནའ་འབྲེལ་-2.1a”སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དེ་ཉིན་དེའི་ཆུ་ཚོད་10དང་སྐར་མ་51ཐོག་འཕེན་གཏོང་བྱས་པ་རེད། འཁོར་སྐར་འཆར་གཞི་ལྟར་སྔོན་བཀོད་འཁོར་ལམ་དུ་འབྱོར་ཡོད།   

   གནས་འཕྲིན་སྤེལ་བར་གཞིགས་ན། འཁོར་སྐར་དེ་ཨུ་རུ་སུའི་མཁའ་དམག་གི་ས་ངོས་སྒྲིག་ཆས་བཀོལ་སྤྱོད་བྱ་རྒྱུར་སྤྱོད་རྒྱུ་ཡིན་པ་རེད།


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章