ཡུག་རེན་གྱི་མངའ་ཁོངས་ཡོངས་སུ་མཁའ་ཟོན་གྱི་ཉེན་བརྡ་བསྒྲགས།

民生   2024-11-14 11:30   北京  

   ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཡུག་རེན་དམག་གི་མཁའ་ཟོན་ཁོངས་གཏོགས་ཀྱིས་ཨུ་རུ་སུའི་དམག་དཔུང་གི་འཐབ་ཇུས་འབར་གཏོར་གནམ་གྲུ་13ཐུའུ་95དམག་འཐབ་གནམ་གྲུ་8མཁའ་དབྱིངས་སུ་འཕུར་སྐྱོད་བྱས་པ་ཤེས་རྟོགས་བྱུང་བ་དང་། ཡུག་རེན་གྱི་རྒྱལ་ས་ཁེ་ཝི་དང་མངའ་སྡེ་མང་པོ་ཞིག་ལ་མཁའ་ཟོན་ཉེན་བརྡ་བཏང་བ་རེད། ཡུད་ཙམ་སོང་རྗེས། ཡུག་རེན་གྱི་མངའ་ཁོངས་ཡོངས་སུ་མཁའ་ཟོན་གྱི་ཉེན་བརྡ་བཏང་བ་རེད། 

   གཞན་ཡང་། ཨུ་རུ་སུའི་དམག་དཔུང་གིས་ཡུག་རེན་ཕྱོགས་ཀྱི་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་ལ་རྡུང་རྡེག་གཏོང་བའི་ཉེན་ཁ་ཡོད་པར་བརྟེན་ཁེ་ཝི་དང་། ཁེ་ཝི་མངའ་སྡེ།  ཧར་ཁོའོ་ཕུའུ་མངའ་སྡེ་སོགས་ས་ཁུལ་བརྒྱད་དུ་གློག་གཏོང་མཚམས་གཅོད་པའི་ཛ་དྲག་གི་བྱ་ཐབས་ལག་ལེན་བསྟར་འགོ་ཚུགས་པ་རེད།

   ཨུ་རུ་སུ་ཕྱོགས་ཀྱིས་དེའི་ཐད་གནས་སྐབས་ཨ་ལན་སློག་མེད།


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章