ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་སྟོང་ཉིད་རྒྱུ་འབྲས་སུ་འཆར་ཚུལ།

文摘   文化   2024-10-01 21:34   青海  

ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་སྟོང་ཉིད་རྒྱུ་འབྲས་སུ་འཆར་ཚུལ།


       ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་སྟོང་ཉིད་རྒྱུ་འབྲས་སུ་འཆར་ཚུལ་མདོར་བསྡུས་དེ་བརྗོད་ན། སྟོང་ཉིད་ཁོ་རང་རྒྱུ་འབྲས་སུ་ཤར་བའི་ལུགས་གཅིག་དང་། སྟོང་པའི་ངང་ལས་རྒྱུ་འབྲས་ཤར་ཚུལ་གཉིས་ལས། ཕྱི་མ་འདུ་རྗེ་ཐམས་ཅད་མཁྱེན་པའི་བཞེད་པ་མ་ཡིན་མོད། བཀའ་བརྒྱུད་གོང་མ་རྣམས་ཀྱིས་འདི་བཞིན་དུ་བཞེད། 


        དང་པོ་རྗེ་ཐམས་ཅད་མཁྱེན་པའི་དགོངས་པ་རྨ་མེད་པ་སྟེ། འཆར་གཞི་གང་ཟག་རང་རང་གི་སེམས་ཕྲ་རགས་ལ། འཆར་བྱེད་ཐོག་མ་མེད་པ་ནས་གོམས་པའི་བག་ཆགས་ཀྱི་དབང་གིས་འཆར་བྱ་ཆོས་ཐམས་ཅད་ཀྱི་གནས་ལུགས་དབྱིངས་སྤྲོས་པ་དང་བྲལ་བ་གང་དུའང་སྣང་རུང་བ་དེ་ཉིད་རྒྱུ་འབྲས་ཕར་བཞག་ཆོས་མཐའ་དག་གི་རྣམ་པར་ཤར་བ་ཡིན་ཏེ། རང་ཅག་སོ་སྐྱེ་ཐ་མལ་པ་རྣམས་ལ་སྤྲོད་བྲལ་ཁོ་རང་གི་རང་མདོག་རྗེན་པར་མི་སྣང་བར། རི་རྭ་བ་ཁང་ཁྱིམ་སོགས་མ་དག་པ་དུ་མའི་རྣམ་པར་ཤར། 


        དམྱལ་བ་པ་རྣམས་ལ་བཙོ་སྲེག་སོགས་སྡུག་བསྔལ་བསྐྱེད་པའི་རྣམ་པར་ཤར། འཕགས་པ་རྣམས་ལ་མཉམ་གཞག་ཏུ་རང་མདོག་རྗེན་པར་འཆར་རུང་། རྗེས་ཐོབ་ཏུ་བདེན་པའི་རྣམ་པ་མ་དག་པར་ཤར། སངས་རྒྱས་ནས་དག་པ་རབ་འབྱམས་འགའ་ཞིག་ཏུ་འཆར་པའི་ཕྱིར། 


        འོན་ཀྱང་རྟོག་གེ་པས་ཚིག་འཁྲི་སྐམ་པོས་སྟོང་ཉིད་དངོས་པོ་ཡིན་མིན་སོགས་བརྗོད་ཀྱང་གནོད་པར་མི་ནུས་ཏེ། སྟོང་ཉིད་རྒྱུ་འབྲས་སུ་ཤར་བར་ཁས་བླངས་ཀྱི། རྒྱུ་འབྲས་ཡིན་པར་མ་སྨྲས་པའི་ཕྱིར།



རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མ་ལ། །

བཟའ་བཅས་བཀང་བའི་ལྷུང་བཟེད་འདི་ཕུལ་བས། །

གཟུགས་སྐུ་རི་དབང་ལྟ་བུར་བརྟན་བཞུགས་ནས།།

ཟབ་རྒྱས་ཆོས་ཀྱི་དགའ་སྟོན་སྩལ་དུ་གསོལ།།


bodhi sat
人心有南北。佛性本无南北,以下小编分享的关于佛教知识和演讲,欢迎大家阅读与关注!
 最新文章