དེ་ལ་མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུ་ནི། གངས་རིའི་ཞིང་འདིའི་ཆོས་རྒྱལ་སྲོང་བཙན་སྒམ་པའི་སྐབས་གཏན་ལ་ཕབ་པ་དང༌། དེ་ཡང་ཁོང་གིས་བོད་ཡིག་གསར་བཟོ་མཛད་བཅུག་པ་དང་འབྲེལ་ནས་དམ་པའི་ཆོས་མང་པོ་བོད་སྐད་དུ་བསྒྱུར་དུ་བཅུག་ཅིང༌། བོད་འབངས་སྐྱེ་འགྲོ་ཡོངས་ལ་བླང་དོར་ལེགས་ཉེས་སྟོན་པའི་ཐབས་དམ་པ་ནི་འཇིག་རྟེན་ཡ་རབས་སྤྱོད་བཟང་གི་ལས་དང་ལམ་ལ་འཇུག་སྐུལ་གནང་རྒྱུ་དེ་ཡིན་པར་གཟིགས་ཏེ། མི་ཆས་གཙང་མ་བཅུ་དྲུག་དང༌། ལུས་ངག་ཡིད་གསུམ་གྱི་ས་ནས་མི་དགེ་བཅུ་སྤངས་ཏེ། མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་སྒྲུབ་བྱེད་ལྷ་ཆོས་དགེ་བ་བཅུ་འདི། ཀུན་གྱིས་ཉམས་སུ་ལེན་པའི་གཞིར་གཏན་འབེབས་གནང་བའི་ཁྲིམས་སྲོལ་ཞིག་ཡིན།
ཆོས་རྒྱལ་སྲོང་བཙན་སྒམ་པས། མི་དགེ་བ་བཅུ་སྤོང་བ་སྟེ། ལུས་ཀྱི་ལས་གསུམ། 1.སྲོག་གཅོད་པ། 2.མ་བྱིན་པར་ལེན་པ། 3.འདོད་ལོག་སྤྱོད་པ། ངག་གི་བཞི། 1.རྫུན། 2.ཕྲ་མ། 3.ཚིག་རྩུབ། 4.ངག་ཀྱལ། ཡིད་ཀྱི་གསུམ། 1.བརྣབ་སེམས། 2.གནོད་སེམས། 3.ལོག་ལྟ་བཅས་སྤོང་བའི་སྟེང་དུ།
མ་ལ་མར་འཛིན་པ། ཕ་ལ་ཕར་འཛིན་པ། དགེ་སྦྱོང་དང་བྲམ་ཟེ་ལ་དགེ་སྦྱོང་དང་བྲམ་ཟེར་འཛིན་པ། རིགས་ཀྱི་རྒན་རབས་ལ་བཀུར་བ། བྱས་པ་དྲིན་དུ་གཟོ་བ། གཞན་ལ་ངན་གཡོ་སྤོང་བ་སྟེ་མི་ཆོས་གཙང་མ་བཅུ་དྲུག་ཁྲིམས་སུ་བཅས།
མི་ཆོས་གཙང་མ་བཅུ་དྲུག་ནི། ལོ་རྒྱུས་དེབ་ཐེར་ཁག་ལས་བཞེད་པ་ཕལ་ཆེར་གཅིག་མཐུན་དུ་བྱུང་ཡོད་ལ་གཙོ་བོར་མིའི་བཟང་སྤྱོད་སྟོན་པའི་སྲོལ་ལུགས་ཤིག་ཡིན་པ་ལས། ཉེས་ཆད་གཅོད་བྱེད་ཀྱི་བཀའ་ཁྲིམས་ཤིག་མིན་ནོ།
དེ་དག་གང་ཡིན་ཞེ་ན། རྒྱལ་རབས་གསལ་བའི་མེ་ལོང་ལས།
01
དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཞིང་དད་པ་དང་མོས་གུས་བྱ་བ།
02
ཕ་མ་ལ་དྲིན་དུ་གཟོ་ཞིང་བཀུར་བསྟི་བྱ་བ།
03
མི་དྲིན་ཅན་དང་ཕ་ཁུ་རྒན་གསུམ་གྱི་ཡིད་མི་གཅོད་པ།
04
བཟང་པོ་ལ་བཟང་ལེན་བྱེད་པ།
05
མི་ཡ་རབས་དང་རིགས་བཙུན་པ་ལ་མི་རྒོལ་ཞིང་དང་དུ་ལེན་པ།
06
07
ལྷ་ཆོས་དང་ཡི་གེ་ལ་བློ་འཇུག་ཅིང་དོན་ཤེས་པར་བྱ་བ།
08
ལས་རྒྱུ་འབྲས་ལ་ཡིད་ཆེས་ཤིང་མི་དགེ་བ་འབའ་ཞིག་ལ་འཛེམ་པ།
09
10
གཞུང་དྲང་པོར་བྱ་ཞིང་བློ་སེམས་དཔང་དུ་འཇོག་པ།
11
ཟས་ཆང་ལ་ཚོད་འཛིན་ཅིང་ཁྲེལ་ཡོད་པར་བྱ་བ།
12
བུ་ལོན་དུས་སུ་འཇལ་བ།
13
བྲེ་སྲང་ལ་གཡོ་ཟོལ་མི་བྱ་བ།
14
མ་བསྐོས་ཤིང་མ་བཅོལ་བའི་བྱ་བ་རྟོགས་འཇུག་མི་བྱ་བ།
15
གྲོས་ཀྱི་ནང་དུ་བུད་མེད་ཀྱི་ཁ་ལ་མི་ཉན་ཞིང་རང་ཚུགས་འཛིན་པ།
16
ཡིན་མིན་གྱིས་མ་ཚང་བ་བྱུང་ན་ཡུལ་ལྷ་བསྟན་སྲུང་དཔང་དུ་བཙུགས་ནས་མནའ་བྱེད་པ་བཅས་སོ།