【ལམ་སྟོན་བཀའ་སློབ】 ཕན་ཐོགས་བསྒྲུབ་ཡུལ་འགྲོ་བ་མི་ཡིན་པའི་རྒྱུ་མཚན

文摘   文化   2024-11-07 11:53   青海  

【ལམ་སྟོན་བཀའ་སློབ།】

ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་བསྒྲུབ་ཡུལ་འགྲོ་བ་མི་ཡིན་པའི་རྒྱུ་མཚན།

           དེ་ལ་ཐོག་མར་ནང་ཆོས་ཀྱིས་མཚོན་པའི་ཆོས་ལུགས་ཁག་ད་ལྟའི་འཛམ་བུ་གླིང་འདིའི་ཐོག་དགོས་མཁོ་ཡོད་དམ་མེད་ཅེས་པ་དེ་དྲི་བ་དང་པོ་དེ་ཡིན། འཛམ་བུ་གླིང་འདིའི་ཐོག་གི་སྲོག་ཆགས་གྲོག་སྦུར་ཚུན་ཆད་ལ་རྒྱུ་མཚན་འགོད་པ་ལ་ལྟོས་མི་དགོས་པར་རང་གི་ངང་གིས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཀུན་གྱིས་མཐོང་ཆོས་སུ་ཡོད་པ་འདི་ཡིན། གྲངས་ཀྱིས་མི་ལང་བའི་སྲོག་ཆགས་འདི་ཀུན་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་ཡིན་ཀྱང་།

         རང་རེ་མི་རྣམས་ལ་བསམ་བློ་གཏོང་བའི་ནུས་པ་ཧ་ཅང་ཆེན་པོ་ཡོད་པའི་ཆ་ནས་བདེ་སྡུག་གི་རྒྱུ་རྐྱེན་རྩད་གཅོད་བྱས་ཏེ་བདེ་སྡུག་གཉིས་ལ་འདོར་ལེན་བྱེད་པ་ལྟ་བུ་ཞིག་སྲོག་ཆགས་གཞན་གྱིས་བྱེད་མི་ནུས།

        ངོས་ལ་མཚོན་ན་རྒྱུན་དུ་སེམས་ཅན་ཐམས་ཅད་ཅེས་སྨོན་ལམ་འདེབས་བཞིན་ཡོད་ཀྱང་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཐུབ་ས་དེ་འཛམ་བུ་གླིང་འདིའི་ཐོག་གི་མི་དུང་ཕྱུར་བདུན་ཅུ་ཙམ་ཞིག་ཡོད་པ་དེ་དག་ཡིན། དེ་དག་ལ་ཕྲན་བུའི་ཕན་ཐོགས་སྒྲུབ་ཐུབ་པའི་རེ་བ་ཡོད། 

      མི་མིན་པའི་འགྲོ་བ་གཞན་གྱི་རིགས་དང་ལྷག་པར་མཐའ་མེད་པའི་འཇིག་རྟེན་གྱི་ཁམས་གཞན་དུ་གནས་པའི་སེམས་ཅན་དེ་དག་ནི་སྨོན་ལམ་འདེབས་པའི་ཡུལ་ཙམ་ལས་བྱ་ཐབས་གཞན་གང་ཡང་མེད།

       རང་རེ་མི་རྣམས་ལ་ཀླད་པའི་ནུས་པ་ཧ་ཅང་ཆེན་པོ་ཡོད་པའི་ཐོག་ལྷན་སྐྱེས་ཀྱི་བསམ་བློའི་ནང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་ཚོར་བ་ཞིག་རང་གི་ངང་གིས་ཡོད་པར་བརྟེན། མིའི་སྤྱི་ཚོགས་ནང་སྡུག་བསྔལ་ཉུང་དུ་གཏོང་བ་དང་བདེ་བ་མང་དུ་གཏོང་བའི་ཐབས་ཤེས་དང་འབད་བརྩོན་ཞིག་ངེས་པར་བྱེད་དགོས་པ་རེད།

READING

bodhi sat

喜欢
分享
or

bodhi sat
人心有南北。佛性本无南北,以下小编分享的关于佛教知识和演讲,欢迎大家阅读与关注!
 最新文章