རླུང་རྟ་ཁྲོམ་ཆེན་ཟིལ་གནོན་གྱི་བསྲུང་འཁོར་བཞུགས་སོ།།
༄༅། །ཀོང་ཙེ་རྩིས་མཁན་གྱིས་གསུངས་པ། སྔོན་རྒྱ་གར་འཕགས་པའི་ཡུལ་ན་ས་སྐྱོང་བདེ་ཆེན་ཀུན་བཟང་ཞེས་བྱ་བ་ཟས་ནོར་དབང་ཐང་ཕུན་སུམ་ཚོགས་པ་ཞིག་འདུག་པའི་ཚེ་སྲས་ཆུང་བ་ལྕགས་གླང་ལོ་བ་སྤར་ཁ་དྭ་སྨེ་བ་དགུ་སྨུག་གདན་ལ་ཚུད་པ་ཞིག་སྐྱེས་ཚུན་ཆད་ཟས་ནོར་དབུལ། རྒྱལ་རྒྱུད་ཆད་ལ་ཁད་བྱས་ཚེ་རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་ཝཱ་རཱ་ཎ་སཱི་ནས་དབང་རླུང་ངན་པ་དགུ་ཐུབ་ཀྱི་བསྲུང་འཁོར་རམ། བཙས་རླུང་རན་པ་ཀུན་སེལ་འདི་ཉིད་སྲས་ལྕགས་འབུམ་རྒྱལ་ལ་གསུངས་སོ།།
ད་ནི་བྲི་ཚུལ་བསྟན་པ་ནི། དབུས་སུ་རླུང་རྟའི་ཁ་དོག་དང་མཐུན་པའི་རྟའི་རྒྱབ་ཏུ་སྨེ་བའི་ལིང་ཚེའི་དབུས་སུ་རླུང་སྨེ་བཅུག་པའི་དགུ་ལིང་བསྐོར། སྟེང་དུ་ནོར་བུ་བཀལ་བ་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ། ཨོཾ་ཨཱཿ ཧཱུྃ་ཧེ་ཧེ་ཅང་ཤེས་རྟ་མཆོག་ནོར་བུ་རིན་པོ་ཆེ་འཆང་བའི་བསོད་ནམས་དཔལ་འབྱོར་དབང་ཐང་རྣམས་ཟླ་བ་ཡར་ཚེས་དབྱར་གྱི་མཚོ་ལྟར་སྤེལ་ལ་ཁྲོམ་ཆེན་ཟིལ་གྱིས་གནོན་པའི་དངོས་གྲུབ་སྩོལ༔
དེའི་ཕྱི་རིམ་མུ་ཁྱུད་ལ། ཨོཾ་ཨཱཿ ཧཱུྃཿ ཨོཾ་ཧཱུྃ་ཏྲཾ་ཧྲཱིཿ ཨཱཿ བཅོམ་ལྡན་འདས་འཕགས་པ་རིགས་གསུམ་མགོན་པོ་རྒྱལ་བ་རིགས་ལྔའི་མཐུ་དང་ནུས་པས་བདག་འཆང་བ་པོ་ལ་ཚེ་བསོད་དབང་ཐང་རླུང་རྟ་ཡར་ལ་སྐྱེད་ཅིག སོགས་གང་འདོད་ཁ་བསྒྱུར་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ་པདྨ་འདབ་བརྒྱད་ལ་རྒྱལ་མཚན། དུང་དཀར། དཔལ་བེའུ། པདྨ། གསེར་ཉ། བུམ་པ། འཁོར་ལོ། གདུགས་རྣམས་རེ་རེ་བཞིན་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ། ཨོཾ་ཨཱཿ ཧཱུྃ རྒྱལ་མཚན་དུང་དཀར་དཔལ་བེའུ་པདྨ་གསེར་ཉ་བུམ་བཟང་འཁོར་ལོ་གདུགས་སོགས་བཀྲ་ཤིས་བརྒྱད་ཀྱིས་འཆང་བའི་ཚེ་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་དབང་ཐང་བུ་རྒྱུད་སྤེལ། ཁྲོམ་ཆེན་ཟིལ་གྱིས་གནོན་པའི་རླུང་རྟ་སྐྱེད་ཅིག །ཅེས་ཁ་བསྒྱུར་གང་འདོད་བྲི།
དེའི་ཕྱི་རིམ་མུ་ཁྱུད་རྩིབས་བཞིར་ནང་ཕྱོགས་མདོག་བཀོད། མཚམས་བཞིར་ཤིང་མེ་ལྕགས་ཆུ་བྲིས། དེའི་ཕྱི་རིམ་མུ་ཁྱུད་ལ། ཨོཾ་ཝཱ་གཱི་ཤྭ་རི་མཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ མ་ཧཱ་ཀ་ལི་མོ་ཏ་ཡེ་སྭཱཧཱ༔ ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྱི་ལ་མཎྜལ་མ་ཡེ་སྭཱཧཱ༔ དབྱངས་གསལ་དང་སྤེག་ཚིག ཚེ་བསོད་ནམས་༝༝ སོགས་དངོས་གྲུབ་སྩོལ། དེའི་ཕྱི་རུམ་ལ། ཨོཾ་ཡེ་དྷརྨཱ༝༝ སོགས་ཚར་གསུམ་མཐར། ཉིན་མོ་བདེ་ལེགས་༝༝ སོགས་་་་་བཀྲ་ཤིས་ཤོག །གྲུ་བཞིར་སྟག་སེང་ཁྱུང་འབྲུག་བྲི།
རྫས་ལ་རིན་ཆེན་བྱེ་མ། བཟང་དྲུག དར་ཟབ། གླ་ཤའི་ཁྲག ཕ་ཝཾ་རྡོ། གསེར་གྱི་བྱེ་མ། བསོད་ནམས་ཅན་གྱི་སྐྲ་གོས། བཙན་པོའི་མཁར་ས། ཕྱུག་པོའི་ལྷས་ས། རིན་ཆེན་སྣ་ལྔ་བཅས་སོ།། དགེའོ།