ཞི་ཅིན་ཕིང་གིས་ཀྲུང་ཧྲན་སློབ་ཆེན་ལ་རྟེན་འབྲེལ་ཞུས།

文摘   2024-11-13 16:19   青海  

ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཀྲུང་ཧྲན་སློབ་ཆེན་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ11པའི་ཚེས12ཉིན་འཕྲིན་ཡིག་སྤྲིངས་ནས། ཀྲུང་ཧྲན་སློབ་ཆེན་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུས་པ་དང་། དགེ་སློབ་དང་ལས་བཟོ་པ་ཡོངས་དང་རྒྱལ་ཁབ་ཕྱི་ནང་གི་སློབ་གྲོགས་ཚོར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་ནང་ནན་གྱིས་བསྟན་དོན། འགོ་འཛུགས་ས་གསར་པའི་ཐོག ཀྲུང་ཧྲན་སློབ་ཆེན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བརྟེན་པ་རྒྱུན་འཁྱོངས་བྱས་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་། ཏང་ལ་མི་སྐྱོང་བ་དང་རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེན་པོའི་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ། སློབ་གསོ་བཅོས་བསྒྱུར་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཛམ་གླིང་གི་སློབ་ཆེན་རྩེ་གྲ་མགྱོགས་མྱུར་ངང་བསྐྲུན་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འབུལ་བའི་རེ་བ་ཡོད། 

སྐུ་ཞབས་སུན་ཀྲུང་ཧྲན་གྱིས་ཀྲུང་ཧྲན་སློབ་ཆེན་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཚེས12ཉིན་གྱི་སྔ་དྲོར་ཀོང་ཀྲོའུ་རུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧོང་ཁུན་མིང་གིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་གནང་བ་དང་འབྲེལ་ཤིས་ཚིག་གནང་བ་རེད། ཁོས་བསྟན་དོན། ཀྲུང་ཧྲན་སློབ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ལོ་བརྒྱའི་རྟེན་འབྲེལ་མཛད་སྒོ་འགོ་འཛུགས་ས་གསར་པ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཛམ་གླིང་གི་སློབ་ཆེན་རྩེ་གྲ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་བརྟན་པོར་དམིགས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བསྟེན་ནས་བླ་གསོ་མི་སྐྱོང་དང་། ཧུར་ཐག་གིས་ཤེས་ལྡན་མི་སྣ་རྩེ་གྲ་གསོ་སྐྱོང་བྱེད་པ་དང་། ཚན་སློབ་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེན་མོ་འཛུགས་སྐྲུན་དང་ཀོང་ཏུང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་ཐོད་བརྒལ་གསར་པ་ཡོང་བར་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འབུལ་རྒྱུའི་རེ་བ་ཡོད། ཀོང་ཏུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། ཁྱོན་ཡོངས་ནས་ཀྲུང་ཧྲན་སློབ་ཆེན་གྱིས་ཡང་བསྐྱར་གྲུབ་འབྲས་བཟང་པོ་དང་བྱས་རྗེས་གསར་པ་འཇོག་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། 

ཀྲུང་ཧྲན་སློབ་ཆེན་ནི་སྐུ་ཞབས་སུན་ཀྲུང་ཧྲན་གྱིས1924ལོར་དངོས་སུ་བཙུགས་པའི་སློབ་ཆེན་ཞིག་ཡིན། སློབ་གྲྭ་བཙུགས་ནས་ལོ་ངོ་བརྒྱ་འགོར་བའི་རིང་དུ། སློབ་གྲྭ་དེས་ཤེས་ལྡན་མི་སྣ་སྣ་ཚོགས་ཁྲི80ལྷག་གསོ་སྐྱོང་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེན་མོ་ཁུལ་འཛུགས་སྐྲུན། སློབ་གསོའི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།

END

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། གཡང་འབུམ་ཚེ་རིང་། 
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章