「དེབ་འཕྲིན།」 ཆགས་སྡང་། ཚ་ནག་ཀུན་བཟང་གི་སྙན་དེབ་གསར་བ།

文摘   2025-01-01 08:48   甘肃  

ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

——习近平

དེབ་གསར་གྱི་འཕྲིན།

སྙན་ངག་ལ་འཐིམས་པའི་རྣམ་ཤེས།


—-བྱ་སྟོད་འོད་ཟེར། 


     དགོན་སྡེའི་ཁྲོད་སྲོལ་རྒྱུན་སྙན་ངག་གི་རླབས་རྒྱུན་ཞིག་ནམ་ཡང་འཇགས་པ་མེད་པར་ཤུགས་ཀྱིས་འཕྱོ་བཞིན་འདུག     ཡིན་ནའང་སྙན་ངག་ནི་དགོན་སྡེའི་སློབ་གཉེར་གྱི་ཞར་དང་ཞོར་ལ་སློབ་དགོས་པ་ལས་སྙན་ངག་སློབ་པའི་དུས་ཚོད་མང་བོ་ཞིག་གང་ན་ཡོད།  ལྷག་པར་དགོན་སྡེའི་སློབ་གཉེར་བ་ཞིག་ལ་མཚོན་ན་ནངབསྟན་གྱི་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་དགོོས་པ་ལ་བྱོལ་ཐབས་མེད།    དེ་བས་ཚ་ནག་ཀུན་བཟང་ལ་མཚོན་ནའང་སྙན་ངག་ནི་རྟ་རྒྱུག་ཞོར་དང་མེ་ཏོག་འབལ་ཞོར་གྱི་དཔེ་ལྟར་བསླབས་པ་གདོན་མི་ཟ།   ཡིན་ནའང་ཚ་ནག་ཀུན་བཟང་གིས་སྙན་ངག་ནི་ཞོར་འཕྲོས་ཀྱི་ཚུལ་དུ་མ་བསྐྱུར་བར།   ཇ་འཐུང་ཞོར་དུ་ཀུ་རེ་སྣ་ཚོགས་བྲིས།   གནས་འགྲིམས་སྒང་ལ་ལོ་རྒྱུས་མང་བོ་སྤེལ།   ཡུལ་སྡོད་རིང་ལ་བསམ་གཞིགས་སྣ་མང་བགྱིས་ཏེ་རང་གི་འཚོ་བ་དང་ངོ་བོ་དབྱེར་མེད་བྱས་ནས་སྙན་ངག་བློས་ཐུབ་ཀྱི་གྲོགས་པོ་གཅིག་བུར་གྱུར་ཡོད།   ལྷག་དོན་ཁོ་རང་སྤྱི་ཚོགས་འགྲིམས་པ་ནས་བཟུང་སྙན་ངག་མཛེས་མས་བསླུ་བྲིད་ཐེབས་ཏེ་སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་པའི་བརྩེ་དུང་།   སྡུག་ཡུས།   ཞེ་འཁོན།   དྲན་གདུང་།  ཐོབ་ཤོར།  མཛའ་གཞས་སོགས་ཀྱིས་བསྡུས་པའི་སྙན་ངག་མང་བོ་ཞིག་མཐོང་ཐོས་དྲན་རེག་ཏུ་གྱུར།     དེ་དག་ལས་ནང་སེམས་ཀྱི་ཁ་དོག་མཚོན་ཐུབ་པ་སྐོར་ཞིག་༼མཆི་མའི་གཙང་བོ༽ར་གྱུར།   དེས་ཀྱང་མ་ཚིམ་པར་ཕལ་བའི་སྤྱོད་ཚུལ་ལས་རིང་དུ་བརྒལ་བའི་ཡུལ་སྣ་ཚོགས་པ་སྟེ་འདུས་བྱས་ཕྲ་རགས་ཀྱི་ཟབ་སར་༼རྣམ་ཤེས་འཕོ་ཉུལ༽བྱས།    དེ་བས་ཀྱང་འདུག་མ་བཟོད་པར་ཐེངས་འདིར་དཔའ་བོ་གཡུལ་འཇུག་གི་གཡབ་མོ༼ཆགས་སྡང་༽གིས་ཁམས་གསུམ་ཟ་བར་ནུས་པའི་མཆེ་བ་རྣོན་པོ་གཙིགས་ཏེ་ཁོའི་གློ་སྙིང་བྲང་གསུམ་ཚལ་བར་གཤགས་ནས་སྙིང་གི་འཕར་ལྡིང་ལ་དྲོད་ཡོད་མེད་ཀྱི་ཚོད་བགམ་པར་འདོད་པ་འདི་ལས་ལྷག་པའི་སྙན་ངག་ལ་འཐིམས་པའི་རྣམ་ཤེས་ཤིག་གང་དུ་འཚོལ།    མཐར་ཁོའི་སྙན་དེབ་གསུམ་པ་ཆགས་སྡང་གིས་བོད་ཀྱི་སྙན་ངག་གི་རྒྱལ་ཁམས་ལ་སྔ་ན་མེད་པའི་རོལ་དབྱངས་ཤིག་དཀྲོལ་ཐུབ་པའི་རེ་བ་དང་བཅས་བཞུགས་ཁྲི་གོང་མར་བྲིས།  

2024/11/30ཉིན།



དེབ་འ

དཀར་ཆག


03


04

འདི་ནི་བདག་གིས་བྲིས་པའི་སྙན་དེབ་གསུམ་པ་ཡིན་ལ་འདིའི་ནང་དུ་ཉིས་སྟོང་བཅོ་ལྔ་ནས་ཉི་ཤུའི་བར་བྲིས་པའི་སྙན་ངག་ང་བཅུ་ང་བརྒྱད་བསྡུས་ཡོད། འདི་ཡིས་ཁྱེད་ལ་ཇ་ཡུན་ཙམ་ལ་སེམས་ཀྱི་ལོངས་སྤྱོད་ཅུང་ཟད་སྩོལ་བའི་རེ་བ་ཡོད།


01


02

ང་རང་རྒྱུས་ཆེ་བའི་ཚ་ནག་ཀུན་བཟང་།


    ཕོ་རྩལ་སྣ་དགུ་ལས། ལོ་རྒྱུས་ཀྱིས་དགེ་ཐོན་པ། གཏམ་གྱིས་བཞད་གད་ཐོན་པ། ཤགས་ཀྱིས་ཕ་རོལ་གནོན་པ་གསུམ་ལ་ངག་གི་རྩལ་གསུམ་དུ་གྲགས་ཤིང་ཚ་ནག་ཀུན་བཟང་ལ་དེ་གསུམ་གྱི་འཇོན་ནུས་རང་ཆས་སུ་ལྡན་པ་གཞིར་བྱས། ཆུང་དུས་ནས་འཛམ་གླིང་གེ་སར་རྒྱལ་བོའི་སྒྲུང་དང་མདོ་སྨད་རྨ་ཆུའི་ལྷོ་རྒྱུད་ཀྱི་འབྲོག་པའི་གཏམ་དཔེ་གཉིས་ཀྱི་ཁྲོད་འཚར་ལོངས་བྱུང་བའི་རྨང་གཞི་དང་། ཕྱིས་སུ་དགོན་སྡེའི་རིག་གནས་ཀྱིས་ལོ་ངོ་བཅུ་ལྷག་ལ་བསྐྱངས་པས་བོད་ཀྱི་སྙན་ངག་པ་ཞིག་ཏུ་འགྱུར་བའི་མཐུན་རྐྱེན་སྣ་སྒོར་མོ་ནས་སྟ་གོན་བྱས་པ་བཞིན་ཏུ་ཚང་། ལྷག་པར་དུ་ཁོའི་གནས་ཀྱི་བླ་མ་མཆོག་གེ་སར་སྒྲུང་དམ་དུམ་བློ་ཐོག་ནས་འཆད་པ་དང་། རཱ་མ་ཎའི་གཏམ་རྒྱུད་དང་ཕོ་ཉ་གཞོན་ནུ་དོན་གྲུབ་གཉིས་འགྲོ་ཞོར་འདུག་ཞོར་ལ་རྟ་ལ་དྲངས་ནས་ངག་སྐྱོར་མཛད་རྒྱུར་དགའ་བ་ཞིག་ཡིན། བཏགས་པ་བྱས་ན་སྐད་གྲགས་ཆོད་པ་ཞིག་ཡིན་པ་དེ་ཡང་ཚ་ནག་ཀུན་བཟང་བོད་ཀྱི་སྙན་ངག་པ་ཞིག་ཏུ་འགྱུར་བའི་རྒྱུ་རྐྱེན་དུ་གྱུར་ཡོད་པ་འདྲ། 

ཡིན་ནའང་དེ་ཙམ་གྱིས་སྙན་ངག་པ་ཞིག་ཏུ་འགྱུར་ཐུབ་མིན་ནི་བཤད་དཀའ་མོད། བརྩོན་འགྲུས་ཀྱིས་སུ་ཡང་བསླུ་མི་སྲིད་པས་ཚ་ནག་ཀུན་བཟང་བོད་ཀྱི་སྙན་ངག་པ་ཞིག་ཏུ་གྱུར་བ་ནི་ཁོའི་བརྩོན་འགྲུས་ལ་རག་ལས་སམ་སྙམ། ལོ་ངོ་ཉི་ཤུའི་ཡར་སྔོན་ལ་ངས་ཚ་ནག་ཀུན་བཟང་གི་མདུན་ཅོག་སྟེང་ནས་དཔེ་རྒན་ཚིལ་དྲེག་ཆགས་པ་ཞིག་དུས་རྒྱུན་དབྱར་དགུན་སྟོན་དཔྱིད་མེད་པར་མཇལ་མྱོང་།  ཁོས་དཔེ་རྒན་དེ་བཟུང་ནས་ཉིན་རྒྱུན་དཔེ་ཁྲིད་ལ་འགྲོ་གིན་འདུག། དཔེ་ཆ་དེ་ནི་ཚངས་སྲས་བཞད་པའི་སྒྲ་དབྱངས་རེད། ད་དུང་ཁོས་རྒྱན་རེ་རེ་ལ་དཔེར་བརྗོད་བཅུ་རེ་འཇོག་གིན་པ་དེེས་ང་གཞི་ནས་སྒྱིད་ལུག་པར་བྱས། ཚངས་སྲས་བཞད་པའི་སྒྲ་དབྱངས་ཀྱིས་སྙན་ངག་པ་ག་ཚོད་ཅིག་བསྐྱེད་པ་མི་ཤེས་མོད། ཚ་ནག་ཀུན་བཟང་དེའི་ཁྲོད་ཀྱི་གཅིག་ཡིན་པ་ཐག་ཆོད་ཡིན། 

     སྐབས་ཤིག་ལ་ཚ་ནག་ཀུན་བཟང་ནི་ཉལ་ན་སྙན་ངག་ལངས་ན་སྙན་ངག་གི་ཚད་དུ་སླེབས་སོང་། སྙན་ངག་གྲགས་ཅན་ཞིག་ཀློག་གིན་མེད་ན་ཚིགས་བཅད་བདེ་མོ་ཞིག་འབྲི་བཞིན་ཡོད་པ་ཁོ་ཐག་ཡིན། <<མཆི་མའི་གཙང་བོ་>>དང་<<རྣམ་ཤེས་ཀྱི་འཕོ་ཉུལ་>> གཉིས་སྔ་ཕྱིར་པར་དུ་བསྐྲུན་ཅིང་། དེའི་འཕྲོར་ཉིས་སྟོང་བཅོ་ལྔ་ནས་ཉི་ཤུའི་བར་གྱི་ཚིགས་བཅད་སྙན་ངག་རྐྱང་རྐྱང་གིས་གྲུབ་པའི་སྙན་དེབ་གསར་བ་<< ཆགས་སྡང་>> ཞེས་བྱ་བ་འདིར་ཤོ་ལོ་ཀ་སྟོང་ཕྲག་གཅིག་ལ་ཉེ་བ་ཡོད། ཚིགས་བཅད་སྙན་ངག་འབྲི་མཁན་ནི་ད་ཆ་གངས་རིའི་ཁྲོད་དུ་ཚ་ནག་ཀུན་བཟང་དང་འདྲ་བ་ཉུང་ཉུང་ཡིན་པ་ནི་སྦས་པའི་བརྟུལ་ཞུགས་འཛིན་མཁན་རེ་ཟུང་སྲིད་ན་མ་གཏོགས་ཐག་ཆོད་ཡིན། འདི་གཙོ་བོ་ཞིག་མིན་མོད་དོན་དངོས་ཤིག་ཡིན་པས་ཞར་བྱུང་དུ་སྨྲས་པ་སྟེ་བརྩམས་ཆོས་འདིའི་དགེ་སྐྱོན་གྱི་ཆ་ལ་ཁྱེད་ཀློག་མཁན་རྣམས་ཁོ་ན་དཔང་བོར་ཡོད་དོ།། 


དྲིན་གྱི་བུ་ལོན་འཇལ་བའི་ཚིག་གི་གཏང་རག། 

དགག་སྒྲུབ་ཆ་ལང་སྡེབ་པའི་ངག་གི་ཆགས་སྡང་།། 

སྤྲིན་པ་ཐར་ཐོར་འོག་གི་གངས་རིའི་ཉིན་སྲིབ།། 

ཟ་ཟིའི་སྣང་བ་བརྡོལ་བའི་གཉུག་མའི་སེམས་གཤིས།།


ཤུགས་འབྱུང་གཏམ་གྱིས་གནམ་སའི་ཧྲག་བར་ཕྱེ་བའི།།

ཁྲོམ་ཆེན་ཟིལ་གྱིས་གནོན་པའི་སྙན་ངག་འདི་ཡིན།། 

དོ་ཧའི་གཏམ་གྱིས་འཁོར་བའི་རི་དྭགས་འདྲོགས་པའི།། 

སྐྱོ་སྣང་སེམས་ངལ་གསོ་བའི་རོལ་དབྱངས་འདི་ཡིན།། 


     མཇུག་མཐར་བོད་ཀྱི་རྩོམ་པ་བོ་ཚ་ནག་ཀུན་བཟང་ལ་རྟེན་འབྱུང་དགེ་བའི་སྨོན་ལམ་དང་བཅས་སྨར་ཁམས་སངས་རྒྱས་ཀྱིས་བྲིས་སོ། ། 2024.11.30


版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!


卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章