属于我们共同的藏文学大舞台
དེབ་གསར་འཕྲིན་བརྡ།
ཉེ་ཆར་མང་ཡུལ་ངག་དབང་དོན་ཡོད་དམ་གངས་ཕྲུག་གིས་སྤེལ་བའི་བརྩམས་ཆོས་གསར་བ། སྔགས་ཀློག་ལྷན་ཐབས་དང་། སྒྲ་རིག་སྨྲ་བའི་ཟིན་ཐོ་ཞེས་བྱ་བ་འདི་གཉིས་ལས་དེབ་སྔ་མར། དཔལ་སྣར་ཐང་ལོ་ཙཱ་བའི་སྔགས་ཀློག་རྩ་འགྲེལ་གཉིས་ཀྱི་དཔེར་བརྗོད་རེ་ཟུང་གི་ཁ་སྐོང་ཞིབ་གསལ་དུ་བཀོད་པས་གཙོས། ཡི་གེའི་བཀླག་ཐབས་སོ་སོའི་སྡེ་ཚན་གྱི་ཐད་དུ་མཁས་གྲུབ་གཞན་གྱི་ལེགས་བཤད་མང་བོས་ཟུར་བརྒྱན་ཡོད་ཅིང་། དེབ་ཕྱི་མར་འདར་འགྱུར་གྱི་སྒྲ་དབྱངས་ཅན་མར་མདོ་དཔེ་འགྲེལ་གསུམ་སྦྲགས་པའི་སྟེང་ནས་ཟིན་བྲིས་ཅུང་ཟད་གསལ་ཀ་ཅན་ཞིག་བཀོད་ཡོད་པར་མ་ཟད། གནའ་དེང་གི་ངེས་དོན་སྒྲ་བ་དུ་མའི་ལེགས་གསུང་རིན་ཐང་གཞལ་དུ་མེད་པ་མང་བོ། མདོ་དོན་ཕལ་ཆེ་བར་མཆན་གྱི་ཚུལ་དུ་བཤུས་བཀོད་བགྱིས་ཡོད་པས་ན། སྔགས་ཡིག་དང་། སྒྲ་རིག་གསར་དུ་སློབ་མཁན་ཚོར་དཔེ་མང་ཀློག་པའི་ངལ་བ་སྐྱུང་བའི་ཕན་ཐོགས་འོས་འཚམ་ཞིག་ཅིས་ཀྱང་ལྡན་པར་མངོན་ནོ། །
འཕྲིན་སྟེགས་འདིར་བཀོད་ཟིན་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་གང་འདོད་དུ་བཤུ་འཁྱེར་གྱི་ལས་བགྱིད་མི་རིགས་སོ།།
赞赏
གསལ་བཤད།
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!