ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།
琼翁文学网 属于我们共同的文学大舞台
国泰民安!世界和平!
树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力
—习近平
བོད་སྐད་ཀྱི་ཁྱད་ཆོས་འདི་ཡང་འཛིན་པར་གྱིས་ཤིག
པད་མ་ཚེ་རིང་། ཀན་ལྷོའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
སྤྱིར་རང་རེའི་བོད་སྐད་འདི་ནི་མིང་ཚིག་ཡི་གེ་གང་གི་ཆ་ནའང་ཁྱད་ཆོས་འབུམ་གྱིས་ཕྱུག་པའི་སྐད་རིགས་ཤིག་ཡིན་པ་འུད་བསྟོད་གཏན་ནས་མིན་པ་བོད་སྐད་བོད་ཡིག་མཁྱེན་མཁན་ཀུན་ལ་གསལ། འོན་ཀྱང་སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་བསྡོངས་ནས་སྐད་རིགས་འདིའི་ཁྱད་ཆོས་མང་པོ་ཞིག་ཉམས་ཟིན་ལ་མང་པོ་ཞིག་ཉམས་ལ་ཉེ་བ་ནི་ཤིན་ཏུ་ཕངས་པའི་གནས་སོ། །
བོད་སྐད་ཀྱི་ཁྲོད་དུ། འབྱམས་ཀླས་པ། སྤམ་མཐོ་བ། གནད་དྲིལ་བ། ཡིད་འཁུལ་བ། གཏོས་ཆེ་བ། གྱ་ནོམ་པ། དངོས་གཙང་བ་ལྟ་བུའི་ཁྱད་ཆོས་རྗོད་པའི་མིང་སྐོར་ཞིག་ཡོད་པ་ཚིག་སྦྱོར་དངོས་ལ་ཞུགས་པའི་ཚེ། རང་རང་འཇུག་སའི་ཁྱད་གཞིའི་མིང་གི་ཡོན་ཏན་ལྷུག་པོར་བརྗོད་ཐུབ་པ་མ་ཟད། བརྗོད་བྱ་དང་རྗོད་བྱེད་གཉིས་ཀར་སྔར་མེད་ཀྱི་སྟོབས་ཤུགས་གསར་བ་ཞིག་ཀྱང་བསྐྱེད་ཐུབ་ལ། བརྗོད་པ་ཧྲིལ་བོར་ཡང་རྩམ་དྲི་དང་མར་དྲི་འཐུལ་བར་འགྱུར་རོ། །
འདི་ཡང་བོད་སྐད་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཏུ་འཁུམས་པས། སྔོན་བྱོན་མཁས་པའི་གསུང་རྩོམ་ལས་དཔེར་བརྗོད་ཚབ་མཚོན་ཅན་ཁག་ཅིག་གཤམ་དུ་དགོད་པར་བྱ་ཞིང་། སྨྱུག་ཐོགས་པ་ཀུན་རྩོམ་པ་ལ་འཇུག་པའི་སྐབས་སུ་མཁས་པའི་རྗེས་འབྲང་སྟེ་འདིའི་རིགས་བཀོལ་སྤྱོད་ལ་ཡང་ཡང་གོམས་པར་བྱས་ན་བོད་སྐད་ཀྱི་ཁྱད་ཆོས་འཛིན་ཐུབ་སྙམ་མོ། །
དེ་ཡང་དཔེར་བརྗོད་རྣམས་མཐར་ཆགས་སུ་འགོད་ན་འདི་ལྟ་སྟེ། (གུག་རྟགས་ནང་གི་ཨང་ཀིས་ཤོག་ངོས་མཚོན)
༡ རྒྱུད་དང་རྒྱ་བོད་ཀྱི་པཎ་གྲུབ་མཁས་པའི་མན་ངག་གིས་བརྒྱན་པའི་ལེགས་བཤད་གནད་དྲིལ་བ་བཅས་སྩལ་བ་་་(《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།》 རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 240)
༢ མི་བསད་ཀྱི་ཤུལ་དུ་ལུས་པ་ཚོར་སེམས་གསོའི་ཞལ་ཏ་དང་གནང་སྦྱིན་ཕོན་ཆེ་བ་སྩལ། (《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།》 རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 223)
༣ ཁྱ་དགེ་ལེགས་བཤད་གླིང་དུ་བཀའ་པོད་ཀྱི་གཞུང་ལ་ཐོས་བསམ་ཕུ་ཐག་ཆོད་པ་འོང་བའི་ཐབས་སུ་མཚན་ཉིད་ཀྱི་རྩོད་པ་འཛུགས་པར་མཛད། (《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།》 རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 173)
༤ ལམ་རིམ་གྱི་གསུང་བཤད་འབྱམས་ཀླས་པ་་་ (《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།》 རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 212)
༥ རང་རང་གི་སྐབས་སུ་བབས་པའི་འདོན་ཕྱག་ལེན་སོགས་ཉམས་ཆག་ཏུ་མ་སོང་བ་དགོས་ཚུལ་གྱི་ཞལ་གདམས་ཡིད་འཁུལ་བ་བསྩལ། (《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།》 རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 89)
༦ བརྟན་བཞུགས་ཀྱི་བཤད་པ་ཉན་སྤྲོ་བ་དབལ་མང་ཞལ་སྔ་ནས་ཀྱིས་ཞུས། (《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།》རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 151)
༧ དངུལ། རྟ་ནོར། མཆོད་ཆས། པགས་རིགས་དུ་མ་སོགས་འབུལ་ནོད་གཏོས་ཆེ་བ་བཏེགས། (《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།》 རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 158)
༨ གཞི་བྱེས་ཀྱི་དགེ་འདུན་རྣམས་ལ་ཉིན་རེར་བསྙེན་བཀུར་བཟང་འགྲན་ཞུས་ཤིང་ཕྱག་འགྱེད་དཔངས་མི་དམའ་བ་རེ་ཕུལ།(《རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་ལྔ་བ།》1992:40)
༩ དབང་དོན་ལམ་གྱི་རིམ་པར་བསྒྲིགས་པའི་གཟབ་བཤད་མཐའ་ཆོད་པ་སྩལ་བ་ལ་བརྟེན། (《ཤར་སྐལ་ལྡན་རྒྱ་མཚོའི་བཞུད་ལམ།》 72)
༡༠ རྗེས་སོར་བལྟ་དཔེ་ལུག་ཁལ་ལོངས་པ་ཞིག་འཛོམས་པའི་དུས་སུ་དཔྱད་པ་ཞུན་ཐར་བཅད་ནས་ལན་འདེབས་རྩིས་ཡིན།(《རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་ལྔ་བ།》1992:275)
༡༡ དུས་དེ་ནས་བཟུང་ཁོང་གི་ཤེས་རབ་མེ་འབར་བ་ལྟར་གྱུར་ཅིང་། (《དགེ་བཤེས་ཤེས་རབ་རྒྱ་མཚོའི་བསམ་བློ་དང་གསུང་རྩོམ་ཞིབ་འཇུག》 4)
༡༢ སྤྱི་སྒེར་སོ་སོ་ནས་འབུལ་བའི་རྣམ་གྲངས་བློར་མི་ཤོང་བ་ལྟ་བུས་བསྙེན་བཀུར་ཞུས། (《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།》 རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 133)
༡༣ ཐབ་བསུ་དང་སྐྱ་སེར་གྱི་བསུ་བ་གཏོས་ཆེ་བ་བཅས་ཆ་གན་པེ་ཤིང་གི་དགོན་པར་བབ། (《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།》 རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 90)
༡༤ གོས་ཕྲུག་སོགས་འབུལ་ནོད་དངོས་གཙང་བ་ཕུལ།(《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།》 རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 90)
༡༥ སྤྲུལ་བའི་སྐུ་རིན་པོ་ཆེར་འབུལ་ནོད་སྤམ་མཐོ་བ་དང་། གྲྭ་ཚང་དུ་མང་འགྱེད་གྱ་ནོམ་པ་བསྟབས། (《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།》 རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 94)
༡༦ མདོ་སྔགས་ཡོངས་རྫོགས་ལ་ཐོས་བསམ་མཐའ་ཆོད་པ་མཛད་དེ་་་ (《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།》 རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 80)
༡༧ སྐྱེལ་མི་རྣམས་ལ་དངུལ་སྲང་བརྒྱ་དང་ལྔ་བཅུས་མཚོན་སྟེར་ཆ་ཕོན་ཆེ་བ་གནང་། (《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།》 རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 80)
༡༨ རྟེན་གསུམ་འགངས་ཆེ་བ་ཀུན་ལ་མཆོད་པའི་བྱེ་བྲག་དུ་མའི་ཕྲེང་བར་བསྒྲིགས། (《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།》 རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 81)
༡༩ མཎྜལ། སྐུ་གསུང་ཐུགས་རྟེན། ན་བཟའ་ཉེར་སྤྱད་སོགས་དངོས་འབུལ་སྤམ་མཐོ་བ་ཕུལ་ཏེ་ཞབས་པད་བརྟན་པའི་གསོལ་འདེབས་ཀྱི་མཚམས་སྦྱོར་ཞུས། (《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།》 རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 82)
༢༠ དབུ་མ་ཐལ་འགྱུར་བའི་ལྟ་བའི་གནད་མཐར་ཐུག་པ་དང་དགག་བྱ་ཕྲ་རགས་ཀྱི་དབྱེ་མཚམས་འཛིན་ཚུལ་སོགས་ལ་སྔར་དང་མི་འདྲ་བའི་ངེས་པ་གཏིང་ཚུགས་པ་འཁྲུངས། (《བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུང་འབུམ།》པོད་གསུམ་པ། 166)
༢༡ ཁྱད་པར་དུ་རྟོན་པ་བཞིའི་བཤད་པ་ཡིད་འཕྲོག་པ་གནང་བ་ལ་ཐུགས་དད་ཚད་མེད་འཁྲུངས།
དཔྱད་པ་ཕུལ་དུ་ཕྱིན་པ་མཛད་པས་ཐུགས་ལ་ངེས་པ་བརྟན་པོ་འཁྲུངས། (《བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུང་འབུམ།》པོད་གསུམ་པ། 68)
༢༢ ཐུགས་རྒྱུད་ལ་སྔགས་མཚན་ཉིད་ཀྱི་ལམ་གྱི་རྣམ་གཞག་མེད་དུ་མི་རུང་བ་ཐམས་ཅད་ཀྱི་གོ་བ་ཕུ་ཐག་ཆོད་པར་རྫོགས་པ་དང་།(《བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུང་འབུམ།》པོད་གསུམ་པ། 71)
༢༣ གསོལ་སྟོན་གཟབ་རྒྱས་ཐོག་དངོས་འབུལ་སྤམ་མཐོ་བ་ཕུལ།(ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར། 56)
༢༤ གང་ཟག་གི་བདག་མེད་གཙོ་བོར་གཏན་ལ་འབེབས་ཚུལ་སོགས་བཤད་ཡམ་ཙམ་མ་ཡིན་པའི་གོ་བ་གཏིང་ཚུགས་པ་འཁྲུངས། (ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར། 86)
༢༥ གོ་བ་འབྱམས་ཀླས་པ་སོགས་མཁས་པ་མགུ་བ་བསྐྱེད་པའི་གསུང་བཤད་བསམ་གྱིས་མི་ཁྱབ་པ་གནང་། (ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར། 136)
༢༦ གོས་དར་སོགས་གཏོས་ཆེ་བ་ཕུལ་ཞིང་། (ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར། 172)
༢༧ མཁའ་འགྲོ་མ་རྣམས་ཀྱི་གསང་བའི་མཛོད་ཐང་མར་བརྡལ་བ་བཞིན་འདོམས་པར་མཛད། (ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར། 346)
༢༨ ལྷ་མིའི་སྡེར་མཆོད་ཅིང་བསྙེན་བཀུར་བའི་འདུ་ལོངས་རྒྱ་ཆེ་ལ་སྤམ་མཐོ་བ་་་
༢༩ མདོ་རྒྱུད་དགོངས་འགྲེལ་དུ་མའི་ཁུངས་དང་སྦྱར་བའི་རབ་གནས་ཀྱི་བཤད་པ་རྒྱ་ཆེ་ཞིང་ངོ་མཚར་བ་གནང་བས་དེར་འཁོད་མཁས་དགུའི་ཐུགས་ཀྱི་བརྟན་པ་འཕྲོག ། (《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།》 རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 147)
༣༠ བཀའ་པོད་ཡོངས་རྫོགས་ལ་ཐུགས་གཉེར་མཐར་ཕྱིན་ཕུ་ཐག་ཆོད་པ་མཛད། (《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།》 རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 120)
༣༡ གང་ཅིའི་བསླབ་སྟོན་ཞིབ་རྒྱས་དཔེ་མཁྱུད་མེད་པར་སྩལ།(《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།》 རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 161)
༣༢ རྗེ་འདི་ལས་ཟབ་རྒྱས་མན་ངག་ཕ་རྫས་བུ་ལ་འཕྲོད་པ་ལྟར་བཀའ་ཆོས་ཤིན་ཏུ་མང་པོ་ཐོབ། (སྒེའུ་སྟེང་བློ་བཟང་དཔལ་ལྡན་གྱི་ཆབ་ཤོག་ཡིག་ཚང་ལ་དཔྱད་པ། 160)
༣༣ དོགས་ཟོན་ཁྲ་གླག་སྤྱང་གསུམ་འཛོམས་པ་ཞིག་བྱས་ནས་་་(《དགེ་བཤེས་ཤེས་རབ་རྒྱ་མཚོའི་བསམ་བློ་དང་གསུང་རྩོམ་ཞིབ་འཇུག》 86)
༣༤ ཆེ་དགུ་མཆོག་དམན་ཀུན་གྱིས་སྤྱི་གཙུག་ཏུ་བཀུར་ཏེ་འཕྲིན་ལས་གྲགས་སྙན་ལྷས་ཆེད་དུ་བསྒྲགས་པ་ལྟ་བུ་བྱུང་། (སྒེའུ་སྟེང་བློ་བཟང་དཔལ་ལྡན་གྱི་ཆབ་ཤོག་ཡིག་ཚང་ལ་དཔྱད་པ། 161)
༣༥ གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན། (《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།》 རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 108)
༣༦ ཁོ་ཚེ་ལྷ་སྡེ་སོགས་ཀྱི་བསུ་བ་སའི་རྡུལ་འཚུབ་ལ་ཅོ་འདྲི་བ་བར་མ་ཆད་དུ་བྱུང་། (《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།》 རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 113)
༣༧ རྗེ་བླ་མར་གསོལ་བ་ཕུར་ཚུགས་སུ་བཏབ། (ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར། 456)
༣༨ དགེ་འདུན་མང་བོ་ལ་བླ་མ་མཆོད་པའི་ཁྲིད་སྨིན་རྒྱས་སུ་བསྩལ།(ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར། 395)
༣༩ དེར་ཕེབས་ནས་བསྡུས་སྦྱོར་གཉིས་ལ་སྦྱངས་པ་ཤ་ཟད་པགས་ཟད་དུ་མཛད།(《ཤར་སྐལ་ལྡན་རྒྱ་མཚོའི་བཞུད་ལམ།》དགེ་འདུན་དཔལ་བཟང་གིས་སྒྲིག་རྩོམ་བྱས། 14)
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དོ་ཁུར་གནང་རོགས།
谢谢关注视频号
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!