ཚངས་སྲས་བཞད་སྒྲའི་ཁྲིད། བསེ་ཚང་བློ་བཟང་དཔལ་ལྡན་གྱིས། 06-09

文摘   2025-01-07 10:02   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平





༄༅།།ཚངས་སྲས་བཞད་པའི་སྒྲ་དབྱངས།



༼ལེའུ་དང་པོ།༽


མཛད་པ་པོ། བསེ་ཚང་བློ་བཟང་དཔལ་ལྡན།

འཁྲིད་པ་པོ། བསེ་ཚང་བློ་བཟང་དཔལ་ལྡན།


ཁྲིད་གནང་ཡུལ། ཀན་སུའུ་ཞིང་ཆེན་ཀན་ལྷོའི་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་།

ཁྲིད་དུས། ༡༩༨༨ལོའི་ཟླ་བདུན་པར།






ཤོག་ངོས། 

༡༡ཐིག༤

‍‍
སྙན་ངག་གི་གཞུང་གི་ལོ་རྒྱུས།
ཤོག་ངོས། ༡༣
ཤོག་ངོས། 
༡༧ ཐིག ༡
‍‍

འཆད་ཁྲིད་མུ་འགོད་ལེ་ཚན།

སྒྲའི་བདག་དབང་འདི་གར་ཡོད་པས་གང་འདོད་དུ་ཕབ་བཤུ་དང་གཏུབ་གཅོད་མི་གནང་རོགས།

版权声明 , 请不要乱用



1984ལོའི་དཔར་ཐེངས་དང་བོར་གཟིགས་རོགས།

རྩ་འཛུགས། ཀན་སུའུ་ཞིང་ཆེན་གྱིས་གཉེར་བའི་དགེ་རྒན་ཆེད་སྦྱོང་འཛིན་གྲྭའི་སྟེང་དགེ་སློབ་བརྒྱ་ཕྲག་ལྷག་ལ་སྙན་ངག་གི་སློབ་ཁྲིད་འདི་ཉིན་ཉི་ཤུའི་རིང་གནང་། ཞེས་གསུངས།



ཐོག་མའི་གླེང་བསླང་བ།


    ༄༅།། ད་ལྟ་རང་རེ་བོད་གངས་ཅན་པ་གྱི་རིག་གནས་སློབ་གསོ་ཁྱབ་གདལ་དུ་སྤེལ་བའི་དུས་སྐབས་འདིར། ཞིང་ཆེན་དང་ས་གནས་སོ་སོའི་སློབ་གྲྭ་རྣམས་སུ་སྙན་ངག་སྦྱོང་བའི་ཡིག་ཆའི་སྙན་འགྲེལ་ཏེ་སྙན་ངག་གི་གཞུང་ལ་འཇུག་པའི་ཚུལ་རྒྱ་ཆེར་བཤད་པ་ཚངས་སྲས་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི། སྙན་ངག་མེ་ལོང་རྩ་འགྲེལ་གྱི་གཞུང་དོན་ཆ་ཚང་བ་དང་། སྔོན་གྱི་མཁས་པའི་གསུང་སྒྲོས་འཁྲུལ་མེད་ཇི་བཞིན་དུ་ཐོན་པ་དང་། གསར་སློབ་རྣམས་ཀྱིས་གོ་སླ་བའི་ཚིག་སྦྱོར་གྱིས་བརྩམས་པ་སོགས་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡིན་པས་ཕན་སླེབས་ཤིན་ཏུ་ཆེ་བར་མཐོང་ངོ་།།

    འདི་རྩོམ་མཁན་ནི། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཐུགས་སྲས་བསེ་ཁྲི་ཆེན་ངག་དབང་བཀྲ་ཤིས་པའི་སྐྱེ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ། འདི་བ་མཚོ་སྔོན་རྨ་ལྷོ་རེབ་གོང་གསེར་མོ་ལྗོངས་ཀྱི་ཐེ་བུ་ཞེས་བྱ་བར། རོང་ཆེན་མེས་པོ་ལྷ་རྗེའི་དྲི་མ་མེད་པའི་རིགས་ཀྱི་རྒྱུད་དུ་འཁྲུངས། ཆུང་ངུའི་དུས་ནས་བསྟན་པའི་སྒོར་ཞུགས་ཤིང་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་རྣམ་པའི་དྲུང་ནས་མདོ་སྔགས་རིག་གནས་དང་བཅས་པའི་གསན་སྦྱོང་ཡང་དུས་ལ་དཔགས་པས་མི་ཉུང་ཙམ་མཛད། ཁྱད་པར་དུ་མཁས་པའི་དབང་བོ་ཀུན་དགའི་མཚན་ཅན་དྲུང་ནས་སྙན་ངག་རྩ་འགྲེལ་གྱི་མཛུབ་ཁྲིད་དང་དཔེར་བརྗོད་རྒྱུགས་འབུལ་བཅས་ཞིབ་མོར་སྦྱངས་པར་བརྟེན་སྙན་ངག་ཕྱོགས་ལ་སྐྱེས་སྦྱངས་ཀྱི་མཁྱེན་དཔྱོད་ནམ་ལངས་པ་ལྟ་བུ་དང་། སྙན་འཇེབས་ཡིད་དུ་འོང་བའི་གསུང་རྩོམ་ཅི་རིགས་མཛད་པ་ལ་དཀའ་ཚེགས་ཅུང་ཟད་ཙམ་ཡང་མེད་པ་ཞིག་ཏུ་མངོན་ནོ།།

    སྙན་འགྲེལ་འདི་རྩོམ་ཚུལ་གྱི་དབང་དུ་བཏང་ནའང་ཐོག་མར་རྒྱན་སོ་སོའི་ཐད་དུ་སྙན་ངག་མེ་ལོང་མའི་རྩ་བ་བཀོད་དེ། ཁུངས་དང་ལྡན་པར་རང་སྟོབས་ཀྱིས་ཚིག་སྦྱོར་བདེ་མོའི་སྒོ་ནས་ཞིབ་འགྲེལ་དང་། དེ་ནས་དབྱངས་ཅན་དགྱེས་གླུའི་དཔེར་བརྗོད་ཆ་ཚང་བ་དང་། བོད་མཁས་དང་རྗེ་ཞྭ་དམར་པཎྚི་ཏའི་དཔེར་བརྗོད་གཉིས་ལས་སྐབས་དེར་གང་འོས་ཆ་ཚང་བ་བཀོད་དེ་ཞིབ་འགྲེལ་བྱས་པའི་མཐར་རང་ཉིད་ཀྱི་དཔེར་བརྗོད་ཆ་ཚང་བ་རེ་བཀོད་པས་ན། དཔེ་མང་ཀློག་མི་དགོས་པའི་སྙན་ངག་གི་གཞུང་འགྲེལ་གཅིག་ཆོག་ཏུ་གྱུར་པ་དང་། རྒྱན་གོང་འོག་གི་ཁྱད་པར་འདྲེས་པ་ཁད་ཡོད་པའི་རིགས་ལ། དཔེར་ན་དོན་རྒྱན་སོ་ལྔའི་ཉེ་དྲུག་པ་མཚུངས་སྦྱོར་གྱི་རྒྱན་དང་། དཔེ་རྒྱན་ལས་མཚུངས་སྦྱོར་གྱི་དཔེ་གཉིས་མི་འདྲ་བའི་ཁྱད་པར་གསལ་བར་བཤད་པ་ལྟ་བུ་དང་། ཡང་། སུམ་ཅུ་བ་ངེས་བསྟན་གྱི་རྒྱན་ལ་ས་སྐྱའི་མཁས་པ་ངག་ཆོས་ཀྱིས། རྒྱན་འདི་ནི་དཔེ་རང་དང་ཆོས་མཚུངས་པའི་དོན་ངེས་པར་བསྟན་པའི་རྒྱན་ཡིན་པས་ན་དཔེ་རྒྱན་སོ་གཉིས་ཀྱི་ནང་ཚན་མ་ཡིན་ཡང་དཔེ་རྒྱན་དུ་སོང་ཞེས་བཤད་པ་མི་འཐད་པར་བཀག་ནས་རང་ལུགས་འཐད་ལྡན་པ་བཞག་པ་ལྟ་བུ་འདི་དག་གིས་མཚོན་གོང་འོག་གི་སྐབས་མང་བོར་རྒྱན་གྱི་ངོ་བོ་འདྲེས་ལ་ཁད་ཡོད་པ་རྣམས་ལ་དམིགས་ཀྱིས་བཀར་ནས། ཁྱད་པར་ཕྱེ་བ་རྣམས་ནི་སྔོན་མེད་པའི་ལེགས་བཤད་དུ་འཁུམས་སོ།།

   དཔེ་དེབ་འདི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་འགོད་གནང་རྒྱུའི་སྦྱོར་བ་རྩོམ་སྐབས། དཔེ་སྐྲུན་ཁང་དེའི་འགན་འཁུར་བློ་མཐུན་རྡོ་སྦིས་པ་སྙིང་བོ་རྒྱལ་དང་། རྩོམ་པ་བོ་བསེ་སྤྲུལ་བའི་སྐུ་ཉིད་ནས་ཀྱང་ངེད་ལ་ཚིག་དོན་གྱི་ཆར་ཞུས་དག་གང་དགོས་་ཤིག་གཏོང་བའི་བཀའ་མོལ་གནང་ནའང་། སྤྱིར་རང་ཉིད་ན་ཚོད་སྨིན་པའི་དབང་གིས་ཅུང་ཟད་ཤེས་པ་རྣམས་ཀྱང་བརྗེད་ངེས་ཀྱི་ཆོམ་པོས་འཕྲོགས་པས་ཤེས་རྒྱ་ཞན་པ་དང་། ཉེ་ཆར་བྱ་བ་སྣ་མང་གིས་གཡེངས་པ་ཆེ་བ་ཅི་རིགས་ཀྱི་བློ་ཁེལ་བའི་ཞུས་དག་བྱས་པ་དང་འབྲེལ། ཐོག་མའི་གླེང་བསླང་བའི་ངག་གི་སྦྱོར་བ་འདི་ནི།  ཚེ་ཏན་ཞབས་དྲུང་ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོ་ཞེས་བྱ་བས། སྤྱི་ལོ་མིག་ཀླུ་བུག་ཟླ་༡༩༨༢ལ་བབས་པའི་ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ལ་བྲིས་ནས་གྲུབ་པར་བགྱིས་སོ།། །།

ཉེར་མཁོའི་ཁྲིད་འགའ།‍‍




བླ་མ་མཆོད་དང་དགའ་ལྡན་བརྒྱ་མའི་ཁྲིད། བསེ་ཚང་བློ་བཟང་དཔལ་ལྡན།

བླ་མ་ལྔ་བཅུ་བ། ༧བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་ཁྲིད།

ཡོན་ཏན་གཞིར་གྱུར་མའི་ཁྲིད། ༧བསེ་ཚང་བློ་བཟང་དཔལ་ལྡན།

ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་གསུང་བཤད་ཚན་པ་བཞི།

སྐབས་བཞི་བའི་སྡོམ། བླ་བྲང་ཨ་ཁུ་སྦྱིན་པ་རྒྱ་མཚོ།

ལམ་རིམ་ཆེན་མོ་རྒྱས་ཁྲིད། སྐྱབས་རྗེ་ཤར་གདོང་རིན་པོ་ཆེ།

བྱང་ཆུབ་ལམ་རིམ་ཆེན་མོའི་ཁྲིད། རྗེ་བཙུན་ཡོན་ཏན་རྒྱ་མཚོ།

ལམ་རིམ་འབྲིང་གི་ཁྲིད་ཆ་ཚང་། རྗེ་བཙུན་ཡོན་ཏན་རྒྱ་མཚོ།

ལམ་རིམ་བསྡུས་དོན་གྱི་ཁྲིད། རྗེ་བཙུན་ཡོན་ཏན་རྒྱ་མཚོ།

རྣམ་བཤད་ཐར་ལམ་གསལ་བྱེད།  རྗེ་བཙུན་ཡོན་ཏན་རྒྱ་མཚོ།

འདུལ་བའི་མཐའ་དཔྱོད། རྗེ་བཙུན་ཡོན་ཏན་རྒྱ་མཚོ།

རྩ་ཤེས་ཊཱིཀ་ཆེན་གྱི་ཁྲིད་ཆ་ཚང་། རྗེ་བཙུན་ཡོན་ཏན་རྒྱ་མཚོ།

རྣམ་བཤད་དགོངས་པ་རབ་གསལ་གྱི་ཁྲིད། རྗེ་བཙུན་ཡོན་ཏན་རྒྱ་མཚོ།

འགྲེལ་བ་དོན་གསལ་གྱི་ཁྲིད་ཆ་ཚང་། རྗེ་བཙུན་ཡོན་ཏན་རྒྱ་མཚོ།

ཐེག་ཆེན་གསོ་སྦྱོང་གི་ཁྲིད།  རྗེ་བཙུན་ཡོན་ཏན་རྒྱ་མཚོ།

ལེགས་བཤད་གསེར་ཕྲེང་གི་ཁྲིད། རྗེ་བཙུན་ཡོན་ཏན་རྒྱ་མཚོ།

དགའ་ལྡན་ལྷ་བརྒྱ་མའི་ཁྲིད།  རྗེ་བཙུན་ཡོན་ཏན་རྒྱ་མཚོ།

རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད།  རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ།

བཀའ་གདམས་བེའུ་བུམ་སྔོན་པོ། སྐྱབས་རྗེ་ཤར་གདོང་ཚང་།

བསྟན་པའི་སྒྲོན་མེའི་བསླབ་བྱ། སྐྱབས་རྗེ་ཤར་གདོང་ཚང་།

ཀུན་མཁྱེན་སློབ་གཉེར་བསླབ་བྱ། ཨ་ལགས་ཤར་གདོང་ཚང་གིས་ཁྲིད།

ས་ལམ་དང་གྲུབ་མཐའི་ཁྲིད་ཆ་ཚང་། རྗེ་བཙུན་དགེ་འདུན་རྒྱ་མཚོ།

སྡོམ་གསུམ་གྱི་བསླབ་བྱའི་ཁྲིད་ཆ་ཚང་། རྗེ་བཙུན་དགེ་འདུན་རྒྱ་མཚོ།

འགྲེལ་ཆུང་དོན་གསལ་སྡུད་པ་དང་སྦྱར་བ། རྗེ་དགེ་འདུན་རྒྱ་མཚོ་ཚང་།

ས་ལམ་གྱི་རྣམ་བཞག རྗེ་འཇམ་དབྱངས་རྒྱ་མཚོ་མཆོག

རྟེན་འབྲེལ་བསྟོད་པའི་ཁྲིད་ཆ་ཚང་། རྗེ་བཙུན་བློ་བཟང་རྒྱ་མཚོ་ཚང་།

ལམ་རིམ་བདེ་ལམ་གྱི་ཁྲིད། རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ།

ལམ་གཙོ་རྣམ་གསུམ་གྱི་ཁྲིད། རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ།

གསང་འདུས་རིམ་ལྔ་སྙིང་བོ་དང་རིམ་ལྔ་གདན་རྫོགས།

གསང་འདུས་བསྐྱེད་རྫོགས། ལྷ་རམས་པ་བློ་བཟང་འབྲུག་གྲགས།

གསང་འདུས་རྩ་བའི་རྒྱུད་ཀྱི་ཊཱིཀ བློ་བཟང་འབྲུག་གྲགས།

སྔགས་ཀྱི་ས་ལམ་རྣམ་གཞག ལྷ་རམས་པ་བློ་བཟང་འབྲུག་གྲགས།

གྲུབ་མཐའ་རིན་ཕྲེང་གི་ཁྲིད་ཆ་ཚང་། ལྷ་རམས་པ་བསང་ཁོག་འཇིགས་མེད།

ལམ་རིམ་ཚིགས་བཅད་མའི་ཁྲིད་ཆ་ཚང་། བཀའ་འགྱུར་བ་བསྟན་པའི་རྒྱལ་མཚན།

བློ་སྦྱོང་ཚིག་བརྒྱད་མ། རྟོག་གྲོལ་ཡོན་ཏན་རྒྱ་མཚོ།

དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཆ་ཚང་། སེར་བྱེས་རྟོག་གྲོལ་ཡོན་ཏན།

བསྟན་པའི་སྒྲོན་མེའི་སློབ་གཉེར་བསླབ་བྱ། རྟོག་གྲོལ་ཡོན་ཏན།

རྟེན་འབྲེལ་བསྟོད་པའི་ཁྲིད། རྟོག་གྲོལ་ཡོན་ཏན་རྒྱ་མཚོ།

ཤེས་རབ་སྙིང་བོའི་ཁྲིད་ཆ་ཚང་། རྟོག་གྲོལ་ཡོན་ཏན་རྒྱ་མཚོས་ཁྲིད།

བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས། རྟོག་གྲོལ་ཡོན་ཏན་རྒྱ་མཚོ།

བླ་མ་ལྔ་བཅུ་བའི་ཁྲིད་ཆ་ཚང་། རྟོག་གྲོལ་ཡོན་ཏན་རྒྱ་མཚོ།

ལྟུང་བཤགས་དང་སྤྱི་བཤགས་ཀྱི་ཁྲིད། རྟོག་གྲོལ་ཡོན་ཏན་རྒྱ་མཚོ།

སྒྲོལ་མའི་ཁྲིད། འཁྲིད་མཁན། རྟོག་གྲོལ་ཡོན་ཏན་རྒྱ་མཚོ།

ལེགས་བྲིས་མའི་ཁྲིད་ཆ་ཚང་། རྟོག་གྲོལ་ཡོན་ཏན་རྒྱ་མཚོས་ཁྲིད།

དྲན་པ་ཉེར་བཞག་སྐོར་གྱི་དམིགས་རྣམ་སྐྱོང་ཚུལ། རྟོག་གྲོལ་ཡོན་ཏན།

བར་དོ་འཕྲང་སྒྲོལ། རྟོག་གྲོལ་ཡོན་ཏན་རྒྱ་མཚོ།

དགའ་ལྡན་ལྷ་བརྒྱའི་ཁྲིད་ཆ་ཚང་། རོང་བོ་བློ་བཟང་སྙན་གྲགས།

འཇམ་དབྱངས་གང་བློ་མའི་ཁྲིད་ཆ་ཚང་། རོང་བོ་བློ་བཟང་སྙན་གྲགས།

སྔོན་འགྲོའི་ཆོས་བཅུ་ངོ་སྤྲོད་མདོར་བསྡུས། རོང་བོ་བློ་བཟང་ཆོས་གྲགས།

དྲང་ངེས་སེམས་ཙམ་པའི་ཁྲིད། རོང་བོ་བློ་བཟང་ཆོས་གྲགས།
ཡོན་ཏན་གཞིར་གྱུར་མའི་ཁྲིད།  དགེ་བཤེས་བློ་བཟང་མཁྱེན་རབ།
རྡོ་རྗེ་གཅོད་པའི་ཕན་ཡོན།  དགེ་བཤེས་བློ་བཟང་མཁྱེན་རབ།

ལམ་གཙོ་རྣམ་གསུམ་གྱི་ཁྲིད། དགེ་བཤེས་ལི་ཐང་རབ་གསལ།

རྟེན་འབྲེལ་ལུང་རིགས་བང་མཛོད། དགེ་བཤེས་ལི་ཐང་རབ་གསལ།

ཉེར་མཁོའི་དཔྱད་གཏམ་འགའ།




རྗེ་རིན་པོ་ཆེའི་ལྟ་བའི་རྒྱབ་ལྗོངས་དང་དགོངས་པ། ལི་ཐང་རབ་གསལ།

རྗེ་ཙོང་ཁ་བ་སྙན་དངགས་པ་ཡིན་མིན་སྐོར། རོང་བོ་བློ་བཟང་སྙན་གྲགས།

མེ་ལོང་མར་ཞིབ་འཇུག་དང་དེའི་ཤུགས་རྐྱེན། དགེ་རྒན་སྟོབས་ལྡན།

མེ་ལོང་མར་ཞིབ་འཇུག་དང་དེའི་ཤུགས་རྐྱེན། དགེ་རྒན་སྟོབས་ལྡན།

སློབ་མའི་ཐོབ་ཐང་དང་མི་ཚེའི་རིན་ཐང་། དགེ་རྒན་ལྕགས་ཐར་རྒྱལ།

ཡོངས་འཛིན་བློ་བཟང་དཔལ་ལྡན་མཆོག་གི་མཛད་རྗེས། རྟོག་གྲོལ་ཡོན་ཏན་ཚང་།

སེར་བྱེས་རྟོག་གྲོལ་ཡོན་ཏན་རྒྱ་མཚོའི་གསུང་བཤད་བརྙན་བསྡུས་ཁག་གསུམ།

མཐར་ཕྱིན་མཛད་སྒོའི་གསུང་བཤད། དགེ་བཤེས་འཇམ་དབྱངས་ཆོས་འཕེལ།

གེ་སར་ལོ་རྒྱུས་ཀྱི་མི་སྣ་དངོས་ཡིན་མིན་སྐོར། གཅོད་པ་དོན་གྲུབ།

བོད་ཡིག་གི་བྱུང་འཕེལ་དང་འབྲེལ་བའི་བགྲོ་གླེང་། རྒན་ལྕགས་ཐར་རྒྱལ།

ཚད་མ་རིག་པའི་སྐོར་གྱི་བགྲོ་གླེང་། ཁྱུང་ཕྲུག་བློ་བཟང་དར་རྒྱས།

ཚད་མ་རིག་པའི་སྐོར་གྱི་བགྲོ་གླེང་། ཀླུ་ཚང་བློ་ཆོས།

ཚད་མ་རིག་པ་ནི་ཤེས་རབ་ཀྱི་མིག་འབྱེད་ལྟ་བུ། འཇིགས་མེད་བློ་གྲོས།

ནང་བསྟན་ཟབ་སྦྱོང་གི་མྱོང་ཚོར། རོང་བོ་འཇིགས་མེད་བློ་གྲོས།

རེབ་གོང་གཉན་ཐོག་སྒར་གྲོང་གཉིས་ལ། རོང་བོ་འཇིགས་མེད་བློ་གྲོས།

༼ཡིད་བློ་དང་འཕེལ་འགྱུར་༽དཔེ་དེབ་འགྲེམ་སྤེལ། འཇིགས་མེད་བློ་གྲོས།

བོད་ཀྱི་ཡིག་གཟུགས་སྐོར་གྱི་གཏམ་བཤད། རོང་བོ་འཇིགས་མེད་བློ་གྲོས།

བོད་ཀྱི་ཡིག་གཟུགས་སྐོར་གླེང་བ།  ལྕང་སྐྱ་དགེ་འདུན་བཀྲ་ཤིས།

གཏམ་བཤད་པ། གངས་ཞུན། ཡིད་བློ་དང་འཕེལ་འགྱུར་གླེང་བ།

གཏམ་བཤད། དོ་རྒྱ་བསོད་ནམས་ཚེ་རིང་། ཡིད་བློ་དང་འཕེལ་འགྱུར་གླེང་བ།

དམ་པའི་ཆོས་སློབ་སྐབས་ཀྱི་དགའ་སྡུག རྡོ་རམས་པ་བཀྲ་ཤིས་རྒྱ་མཚོ།

རོང་བོ་ཡེ་ཤེས་སྐད་ཡིག་ཟབ་སྦྱོང་༢༣པའི་སྟེང་དུ། རྨེ་རུ་ཡུལ་ལྷ་ཐར།

དཔེ་ཀློག་མྱོང་བཤད། འཆད་ཁྲིད་གནང་མཁན། གཅན་རང་སད།1

དཔེ་ཀློག་མྱོང་བཤད། འཆད་ཁྲིད་གནང་མཁན། གཅན་རང་སད།2

མཐོ་རྒྱུགས་མཐའ་དཔྱོད། ཁྲིད་གནང་མཁན།  གཅན་རང་སད།

མཐར་ཕྱིན་མཛད་སྒོའི་སྟེང་གི་གཏམ་བཤད།  གཅན་རང་སད།

ཡིད་བློ་དང་འཕེལ་འགྱུར་གླེང་བ། གཏམ་བཤད་པ། གཅན་རང་སད།

ཞང་གྲོང་འཕེལ་རྒྱས་ཀྱི་རྩ་བ་སློབ་གསོར་ཐུག རྒན་ཀུན་དགའ་དབང་ཕྱུག

རྗེ་ཙོང་ཁ་པའི་ཕྱག་བྲིས་སྒྲོན་གསལ་མཆན་འགྲེལ་སྐོར། རྒན་དགེ་འདུན།

དགའ་དགོས་པ་གསུམ་དང་བརྩོན་དགོས་པ་གསུམ། དགེ་རྒན་ལྕགས་ཐར་རྒྱལ།

དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱི་སློབ་གསོའི་གཏམ་བཤད་འགའ། བརྙན།

དཔྱད་རྩོམ་འབྲི་སྟངས་སྐོར། དགེ་རྒན་ཆེན་མོ་ཀུན་དགའ་དབང་ཕྱུག

དཔྱད་རྩོམ་གྱི་རྒྱུ་ཆའི་སྐོར་གྱི་འཆད་ཁྲིད།  རྒན་ཀུན་དགའ་དབང་ཕྱུག

ཏུན་ཧོང་ཡིག་རྙིང་གི་ཁྱད་ཆོས་གླེང་བ། ཁ་སྒང་བཀྲ་ཤིས་ཚེ་རིང་།

བོད་ཀྱི་རྩོམ་རིག་གསར་རྩོམ་ཐད་ཀྱི་བསམ་གཞིགས། བདུད་ལྷ་རྒྱལ།

སྐད་ཡིག་ཟབ་སྦྱོང་དུ་གནང་བའི་སློབ་གསོ། རོང་བོ་འཇིགས་མེད་བློ་གྲོས།

དགེ་རྒན་རྨེ་རུ་ཡུལ་ལྷ་ཐར། སྐད་ཡིག་ཟབ་སྦྱོང་སྟེང་གི་གཏམ་བཤད།

རྒྱ་གར་རིག་གནས་དང་བོད་ཀྱི་རིག་གནས་བར་གྱི་འབྲེལ་བ།རྒྱ་ཡེ་བཀྲ་བྷོ།

བོད་ཀྱི་ཡིག་གཟུགས་དང་འབྲེལ་བའི་བསམ་ཚུལ་འགའ། རྒན་རྒྱ་ཡེ་བཀྲ་བྷོ།

ཁྱུང་བྲིས་ཡིག་གཟུགས་ཀྱི་མཛེས་དཔྱོད།【སྒྲ】གཙོས་ཤེས་རབ་རྒྱ་མཚོ།

版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章