༧ཤར་སྐྱབས་མགོན་བརྒྱད་པ་མཆོག་གི་ཞལ་གསུང་བདུད་རྩི་ཟེར་བརྒྱ་མ།

文摘   2024-12-21 21:58   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平


༄༅།།ཞལ་གསུང་བདུད་རྩི་ཟེར་བརྒྱ་མ།


    མདོ་སྨད་བསྟན་པའི་བདག་པོ་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོ་སྐུ་འཕྲེང་བརྒྱད་པ་༧རྗེ་བཙུན་བསྟན་འཛིན་འཇིགས་མེད་སྐལ་ལྡན་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་ཞབས་ཟུང་གསེར་གྱི་འཁོར་ལོ་དར་ཞིང་བདེ་འཛོམས་དགའ་ཚལ་གླིང་དུ་བསྒྱུར་ཏེ་གསུང་བཤད་གནང་བའི་སྒྲ་ཕབ་ཡིག་བསྟར་མ།

  ༢༠༢༤ལོའི་ཟླ་༡༡ཚེས་༡༨ཉིན།

  ཟིན་བྲིས་པ།   དར་ཞིང་འོད་དཀར།


    འོ།   བཀྲ་ཤིས་བདེ་ལེགས།   དེ་ཡིན་ན་ད་དེ་རིང་ཡིན་ན་འུ་ཚོའི་དར་ཞིང་དགོན་པའི་འདུ་ཁང་གསར་བ་རྟེན་དང་བརྟེན་པ་ཐམས་ཅད་ལེགས་འགྲུབ་བྱུང་ནས་སྒོ་འབྱེད་ཀྱི་ཉིན་མོ་རེད།   དེའི་སྟབས་ཀྱིས་འདི་ཡིན་ན་ང་ཚོ་ས་རེབ་གོང་འདི་ལ་མཚོན་ནའང་དོན་དག་གལ་ཆེན་ཞིག་རེད།   དེའི་སྟབས་ཀྱིས་ངས་འདི་ནས་ཡིན་ན་ས་རེབ་གོང་གི་སེར་སྐྱ་མང་ཚོགས་ཡོངས་ཀྱི་ཚབ་བྱས་ནས་ད་རེའི་འུ་ཚོ་དར་ཞིང་དགོན་པའི་འདུ་ཁང་ལེགས་འགྲུབ་བྱུང་བར་སེམས་ཀྱི་གཏིང་ནས་བཀྲ་ཤིས་རྟེན་འབྲེལ་ཞུ་བ་ཡིན། 


     དེའི་ཕན་ཆོད་ནས་འདུ་ཁང་གསར་བ་ལེགས་འགྲུབ་བྱུང་བ་འདི་ཡིན་རྒྱུ་ན་ཕྱོགས་གཅིག་ནས་གཙོ་བོ་བླ་མ་དཀོན་མཆོག་གི་ཐུགས་རྗེ།   དགེ་འདུན་མང་དང་ཆོས་སྲུང་ཐམས་ཅད་ཀྱི་ཐུགས་བསྐྱེད་དང་སྨོན་ལམ།   སྒོས་སུ་ང་ཚོའི་རང་གི་དགོན་པའི་ཁ་འགོ་བ་ཐམས་ཅད་ཀྱིས་རྒྱུན་རིང་བོར་འདིའི་ཕྱོགས་སུ་ཡིན་ན་བརྩོན་པ་ཆེན་པོ་བཏང་བ་རེད།  ལྷག་པར་དུ་ཆུ་ཁོག་ཤོག་བཞི་གཙོ་བྱས་ཏེ་དད་ལྡན་མང་ཚོགས།  སྦྱིན་བདག་མང་བོས་ཀྱང་འདིའི་ཕྱོགས་སུ་རྒྱབ་སྐྱོར་དང་མཐུན་རྐྱེན་སོགས་ཕྱོགས་གང་ཐད་ནས་བསྒྲུབས་པས་ལེགས་འགྲུབ་ཡག་པོ་བྱུང་བ་ཡིན།   དེའི་སྟབས་ཀྱིས་གདན་ས་འདིའི་འདུ་ཁང་ལ་སོགས་པའི་ཕྱོགས་སུ་འབད་པ་ཆེན་པོ་གནང་བ་དང་མཐུན་རྐྱེན་རྒྱ་ཆེན་པོ་གནང་བར་སེམས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། 


    དེ་ལྟར་འདུ་ཁང་ལེགས་འགྲུབ་བྱུང་བ་ལ་བརྟེན་ནས་ང་ཚོ་དར་ཞིང་དགོན་པ་ས་མཐོ་ས་ནས་གནས་གཞི་གཙོ་བོ་ལ་ཉེན་ཁ་ཡོད་པའི་རྐྱེན་གྱིས་ས་བདེ་ས་འདིར་སྤར་བ་རེད།   འདི་ཡང་གཙོ་བོ་མཁན་ཆེན་རིན་པོ་ཆེ་ཁོང་གིས་འདིའི་ཕྱོགས་སུ་ཡིན་ནའང་ཐུགས་སྨོན་རྒྱ་ཆེན་པོ་བཏང་ནས་སྐུ་ངལ་རྒྱ་ཆེན་པོ་བཏང་ནས་སྤྱིར་དགེ་འདུན་མང་གི་གྲྭ་ཤག་ཡིན་ན་འདྲ།   དེ་ནས་འདུ་ཁང་ལ་སོགས་པ་ཡིན་ནའང་འདྲ།   གནས་གཞི་ལ་སོགས་པ་ས་བདེ་ས།  འཇམ་ས་འདི་འདྲ་ཞིག་ལ་ཐུགས་སྨོན་གནང་བ་ལ་བརྟེན་ནས་རྨང་གཞི་བཞེངས་ནས་ད་ལྟའི་འདི་ལྟར་ལེགས་འགྲུབ་ཡག་པོ་བྱུང་སོང་བ་རེད།   གང་ལྟར་ནའང་ཁོང་གི་ཐུགས་སྨོན་དེ་བཞིན་དུ་ང་ཚོ་དར་ཞིང་དགོན་པ་རང་གི་ངོས་ནས་ཀྱང་ཐུན་མོང་མ་ཡིན་པའི་ཕྱག་བཞེས་ཐམས་ཅད་མི་ཉམས་པར་རྒྱུན་འཛིན་ཡག་པོ་གནང་རྒྱུ།  དགེ་འདུན་མང་གི་འཚོ་བའི་མཐུན་རྐྱེན་ལ་སོགས་ཕྱོགས་ཐམས་ཅད་ནས་ཡག་པོ་ཞིག་ཡོང་རྒྱུ།   དེ་ནས་ཆོས་འཆད་ཉན་བསླབ་པ་སློབ་གཉེར་ཡག་པོ་ཞིག་བསྒྲུབ་ཐུབ་རྒྱུའི་ཆེད་དུ་གནས་གཞི་འདི་སྤོར་རྒྱུའི་བྱ་བཞག་འདི་བསྒྲུབས་པ་རེད།   དེའི་སྟབས་ཀྱིས་ལེགས་པོ་བྱུང་སོང་ན་མ་གཞི་གཙོ་བོ་ཁོང་གི་དགོངས་པ་དེ་བཞིན་དུ་དགེ་འདུན་མང་གིས་ཀྱང་ཆོས་འཆད་ཉན་བསླབ་པ་སློབ་གཉེར་སོགས་གདན་ས་འདིའི་ཐུན་མོང་མ་ཡིན་པའི་ཕྱག་བཞེས་ཐམས་ཅད་མི་ཉམས་པར་བྱས་ནས་གཙོ་བོ་བསྟན་པའི་དོན།  སྒོས་སུ་སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པ་ཞིག་བསྒྲུབ་རྒྱུ་དེ་གལ་ཆེ་བ་རེད། 


    གང་ལྟར་ན་གཙོ་བོ་གདན་ས་འདིའི་སྐུ་དོན་གཙོ་བོ་འགྲུབ་མི་འགྲུབ་དགེ་འདུན་མང་གི་མཐུན་སྒྲིལ་ལ་རག་ལས་པ་ཡིན།   དེའི་སྟབས་ཀྱིས་ལྷག་པར་དུ་རྒན་གཞོན་བར་གསུམ་ཐམས་ཅད་ལ་བརྩི་བཀུར་བྱེད་རྒྱུ།   དེ་བཞིན་དུ་བྱམས་སྐྱོང་བྱེད་རྒྱུ།  མཐུན་སྒྲིལ་ཡག་པོ་བྱས་ནས་གདན་ས་འདིའི་ཆོས་འཆད་ཉན་བསླབ་པ་སློབ་གཉེར་ཡག་པོ་རྒྱ་ཆེན་པོ་བསྐྱང་དགོས།   དེའི་ཕན་ཆོད་ནས་དད་ལྡན་མང་ཚོགས་ཀྱིས་ཀྱང་དེ་བཞིན་དུ་རང་གི་གདན་ས་འདི་ཚོགས་གསོག་པའི་ཞིང་།    ཚོགས་གསོག་སྒྲིབ་སྦྱོང་བྱེད་ས།  ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་སྒྲུབ་ས་ཡིན་པས་གདན་ས་འདིའི་ཞབས་གཡོག་ཐམས་ཅད་ལ་ད་དུང་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུ།   འདིའི་ཕྱོགས་སུ་མཐུན་རྐྱེན་བསྒྲུབ་རྒྱུ། 


     ང་ཡང་དེ་བཞིན་ཡིན།   ནམ་ཡིན་ན་རང་གི་གདན་ས་འདི་སེམས་ནས་མི་དོར་བར་ལྟ་རུ་ཡོང་།  བྱ་བཞག་གང་དང་གང་ཡིན་ན་ངས་རང་གི་འདི་ཕྱོགས་ནས་བསྒྲུབ་དགོས་པ་དག་བསྒྲུབ་ན་དེ་བཞིན་དུ་མཐུན་རྐྱེན་བསྒྲུབ་ནི་རེད། 


    མ་གཞི་གཙོ་བོ་འུ་ཅག་ཚང་མས་ཐུན་མོང་ལྷན་ཅིག་ཏུ་མ་གཞི་གཙོ་བོ་རང་གི་ས་རེབ་གོང་འདིའི་བསྟན་པའི་ཁུར་དོན།  སེམས་ཅན་གྱི་ཁུར་དོན་ལ་སོགས་པ་ཚང་མས་ཡག་པོ་ཞིག་བསྒྲུབ་རྒྱུ་གལ་ཆེན་པོ་ཡིན་ནི་རེད།   དེའི་སྟབས་ཀྱིས་ཚང་མས་ཡིན་ནའང་འདི་དག་ཐུགས་ལ་བཟུང་ནས་རྗེས་སུ་ང་ཚོས་གོང་ནས་ཞུས་པ་དེ་བཞིན་དུ་སྤྱིར་བསྟན་པ་དང་སེམས་ཅན་གྱི་དོན་ཡག་པོ་ཞིག་བསྒྲུབ་ཐུབ་རྒྱུ།  སྒོས་སུ་རང་གི་གདན་ས་འདིའི་སྤྱི་དོན་ཐམས་ཅད་ལ་བཀྲ་ཤིས་བདེ་ལེགས་ཤིག་འབྱུང་རྒྱུ།  ཡང་སྒོས་སུ་ང་ཚོ་རང་གི་མཁན་ཆེན་རིན་པོ་ཆེའི་སྤྲུལ་སྐུ་འདི་ཡིན་ན་འཁྲུལ་བ་མེད་པ་སྐུ་གོང་མ་གོང་མ་རྣམས་ཀྱི་རྣམ་ཐར་ཚུལ་བཞིན་དུ་བཞེས་ཐུབ་པ།   དེ་བཞིན་དུ་བསྟན་པ་དང་སེམས་ཅན་ལ་ཕན་ཡག་པོ་ཞིག་བསྒྲུབ་ཐུབ་པ་དེ་འདྲ།   ང་ཚོ་ཐུན་མོང་གི་ཚང་མའི་རེ་འདུན་ཡག་པོ་ཞིག་བསྒྲུབ་ཐུབ་རྒྱུའི་ངོས་ནས་ང་ཚོ་ཚང་མས་མཇུག་ཏུ་ལམ་རིམ་སྨོན་ལམ་ཞིག་གསུངས་ནས་མཇུག་བསྡུའི་ལྷན་ཏུ་སྨོན་ལམ་ཞིག་འདེབས་རྒྱུ་བྱེད།   ཅེས་གསུངས་ནས་ཁོང་ཐམས་ཅད་མཁྱེན་པས་སྨོན་ལམ་གྱི་དབུ་བཙུགས་ཏེ་འདུས་སྡེ་ཐུན་མོང་གིས་ལམ་རིམ་སྨོན་ལམ་གསུངས་ཤིང་མཇུག་ཏུ་ཁོང་གིས།  འོ་བཀྲ་ཤིས་བདེ་ལེགས།  བཀའ་དྲིན་ཆེ།     གསུངས།


    གསུང་ཡུལ།   རེབ་གོང་རོང་བོ་དགོན་ཆེན་གྱི་ལེ་ལག་ཏུ་གྱུར་པའི་ཆོས་སྡེ་ཆེན་མོ་དཔལ་ཆོས་མཁན་ཆེན་དགེ་འདུན་རྒྱ་མཚོ་སྐུ་འཕྲེང་རིམ་བྱོན་གྱི་གདན་ས་དར་ཞིང་བདེ་འཛོམས་དགའ་ཚལ་གླིང་གི་དགེ་འདུན་འདུས་མང་དང་དར་ཞིང་བླ་མ་དགེ་ལེགས་རྒྱ་མཚོའི་སྐུ་འཕྲེང་བརྒྱད་པ་གཡུ་རྔོག་འཇམ་དབྱངས་བསམ་གཏན་རྒྱ་མཚོ།  རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་བཤེས་གཉེན་འདུལ་བ་འཛིན་པ་ཨ་ཁུ་འཇམ་དབྱངས་ཆོས་འཕེལ་ཚང་།  ཤར་བླ་བྲང་གི་སྐུ་འཁོར་གཡོག་གྲྭ་ཞབས་ཕྱི་ལྷན་འཁོར།   གཡུ་རྔོག་ཚང་གི་ཡོངས་འཛིན་ཞོ་འོང་བློ་བཟང་བཤད་སྒྲུབ་ཚང་།   དགོན་པའི་དགེ་རྒན་ཨ་ཁུ་དགེ་འདུན་རྒྱལ་མཚན་ཚང་།   རོང་བོ་དགོན་ཆེན་དུ་སློབ་གཉེར་ཆེད་ཕེབས་པ་འགའ།   ཆུ་ཁོག་ཤོག་བཞི་དང་ལྷ་སྡེ་རོང་འབྲོག   བསེ་ལུང་བ་བཅས་ཀྱི་མི་སྣ་ཡོངས།


版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!




卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章