ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།
琼翁文学网 属于我们共同的文学大舞台
国泰民安!世界和平!
树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力
—习近平
དང་བོ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་འགྲན་ཞུགས་བརྩམས་ཆོས།
བསེ་ཚང་རྩོམ་རིག་བྱ་དགའ་སྐབས་བཞི་བ་ནི། ༢༠༢༤ལོའི་སྤྱི་ཟླ་༣པའི་ཚེས་༣༠ཉིན་རྩོམ་བརྡ་སྤེལ་བ་ནས་ཟླ་༦ པའི་ཚེས་༡ བར་ཟླ་ངོ་གཉིས་ཀྱི་རིང་ལ་མདོ་དབུས་ཁམས་གསུམ་ནས་རྩོམ་ལུས་མི་འདྲ་བའི་རྩོམ་ཡིག་༣༨༤ ཙམ་འབྱོར་བ་དང་། དེའི་ནང་ནས་སྲོལ་རྒྱུན་སྙན་ངག་གི་འགྲན་ཞུགས་བརྩམས་ཆོས་བརྒྱ་ཆའི་བརྒྱད་ཅུ་ཟིན་ཡོད་ལ། དེར་ཆེད་དུ་དཔྱད་ཞིབ་ཚན་ཆུང་བཙུགས་ཏེ་བསལ་འདེམས་བྱས་ཤིང་། བརྩམས་ཆོས་ལ་དཔྱད་ཞིབ་ཀྱི་དུས་ཡུན་ནི་ཟླ་བ་གཅིག་གི་རིང་སྔ་འདེམ་དང་བར་འདེམ་བརྒྱུད་མཐར་ལེགས་རྩོམ་སོ་ལྔ་བདམས་ཐོན་བྱུང་། རྩོམ་ཡིག་དེ་དག་ལས་བརྗོད་བྱ་དོན་གྱི་གཏིང་ཟབ་ལ་རྗོད་བྱེད་ཚིག་གི་སྡེབ་ལེགས་པའི་སྤྱི་ཚོགས་ཀྱི་གྲུ་ཟུར་སོ་སོ་ནས་ཐོན་པའི་རྩེ་ཕུད་བརྩམས་ཆོས་བཅུ་དྲུག་ལ་ཆེད་ཞུས་དཔྱད་འདེམ་པས་དྲང་བདེན་གཙིགས་སུ་བཟུང་སྟེ་བློ་གཟུ་བོས་གདམས་གསེས་དང་དཔྱད་བརྗོད། རྒྱུ་འབྲས་དྲང་སྙོམས་ཀྱི་སྒོ་ནས་ཨང་དང་བོ་གཅིག་དང་གཉིས་པ་གཉིས། གསུམ་པ་གསུམ། ཕུལ་བྱུང་བཅུ་བཅས་ཐག་བཅད། ད་ལོའི་བྱ་དགའ་ལ་རིགས་གཉིས་སུ་བགར་ཡོད། དང་བོ་ནི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་འགྲན་རྩོམ་བརྩམས་ཆོས་བསྡུས་པ་དང་གཉིས་པ་ནི་སློབ་གླིང་འདི་གའི་སློབ་མའི་བརྩམས་ཆོས་བསྡུས་ཏེ་བྱ་དགའ་སྤྲོད་རྒྱུ་གཏན་འཁེལ་བྱས། ཟླ་འདིའི་ཚེས་༢༨ཉིན་ཀན་ལྷོ་གཙོས་གྲོང་ཁྱེར་དུ་གཟེངས་རྟགས་གནང་བའི་མཛད་སྒོ་སྤེལ་རྒྱུ་ཡིན།
༡ བྱ་དགའ་ཐོབ་པའི་བརྩམས་ཆོས་དང་རྩོམ་པ་པོའི་མཚན་བྱང་།
༡ སྙན་འགྲེལ་ཆེན་མོ་ཚངས་སྲས་བཞད་པའི་སྒྲ་དབྱངས་ལ་བསྔགས་པ། རྩོམ་པ་པོ་ཚོ་འདུའི་ཡར་འཕེལ། ༢ རྣམ་ཐར་ཚིགས་བཅད་དགུང་གྲངས་མར་གྲགས་པ་ཀུན་བཟང་མཆོད་པའི་སྤྲིན་ཕུང་། རྩོམ་པ་པོ་ལུག་རི་སྨན་སྐྱབས། ༣ རྒྱུན་ཆགས་སྙན་ངག་མི་མཇེད་ཞིང་གི་རོལ་མོ། རྩོམ་པ་པོ་འཇམ་དབྱངས་བདེ་ལེགས། ༤ སྒྱུ་འཕྲུལ་ཟླ་བ་འཛུམ་པའི་རྒྱང་གླུ། རྩོམ་པ་པོ་རྨོག་ཐང་དཀར། ༥ ཇོ་བོ་རྗེའི་མཛད་པ་བརྗོད་པ་གངྒཱའི་རླབས་ཀྱི་དབྱངས་སྙན། རྩོམ་པ་པོ་ལྕགས་ཐར་རྒྱལ། ༦ སངས་རྒྱས་སྣང་བ་མཐའ་ཡས་གནས་དང་བཅས་པར་ཡང་དག་པར་བསྔགས་པ་དད་པ་རབ་གསལ་སྣང་བ། རྩོམ་པ་པོ་པདྨ་རྡོ་རྗེ། ༧ ལྷ་མོ་དབྱངས་ཅན་མ་ལ་བསྔགས་པ་དབྱངས་ཀྱི་རབ་བྱེད་བརྒྱ་རྩ་མ། རྩོམ་པ་པོ་འདན་ཧུར་པ། ༨ རང་ཡུལ་རི་མོར་འཕོས་པའི་མེ་ལོང་། རྩོམ་པ་པོ་རིན་ཆེན་རྡོ་རྗེ། ༩ ཨ་ནུའི་ལེགས་མཛད་ལ་བསྔགས་པ་ངག་རིག་གང་བ་བརྒྱ་བའི་བསུང་ངད། རྩོམ་པ་པོ་རོལ་སྐུད། ༡༠ སྙིགས་མའི་དུས་ཀྱི་སྣང་བ་ཟ་ཟི། རྩོམ་པ་པོ་མྱུག་ཆར། ༡༡ སྒྱུ་མའི་གྲོང་ནས་རྙེད་པའི་གླུ་ཆུང་། རྩོམ་པ་པོ་མི་སྐྱ་རྟ་མགྲིན་རྒྱལ། ༡༢ རང་ལ་གྲོས་བཏབ་པའི་ལེའུ་ཡིད་ཀྱི་འགྱུར་ཁུགས། རྩོམ་པ་པོ་ཀླུ་ཆུའི་ཚེ་རིང་མཚོ། ༡༣ རང་དབང་རླུང་གིས་དཀྲོལ་བའི་མགུར་མ། རྩོམ་པ་པོ་དབྱངས་འབུམ་ཚེ་རིང་། ༡༤ ཚངས་ཆེན་སྙན་དབྱངས་སྐྱེངས་པའི་སྒྲ་བརྒྱ། རྩོམ་པ་པོ་དྲུང་རམས་པ་སད་མ། ༡༥ བྱང་ཐང་གི་འབྲོག་རུ། རྩོམ་པ་པོ་གཡང་མཚོ། ༡༦ བླ་མའི་རྗེས་དྲན་གདུང་འབོད་སྨན་གྱི་མཆོད་སྤྲིན། རྩོམ་པ་པོ་སངས་རྒྱས་མཁར། སོགས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ནས་ཐོན་པའི་རྩོམ་པ་པོ་བཅུ་དྲུག་ལ་ཐེངས་འདིའི་བསེ་ཚང་རྩོམ་རིག་བྱ་དགའ་གནང་རྒྱུ་ཡིན་པས་ཁྱེད་ཅག་དུས་ལྟར་ཕེབས་པར་ཞུ།
གཉིས་པ། སློབ་ཆེན་སློབ་མའི་འགྲན་ཞུགས་བརྩམས་ཆོས།
ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་སློབ་མའི་རྩོམ་ལུས་ལ་རིགས་མི་འདྲ་བའི་འགྲན་ཞུགས་བརྩམས་ཆོས་འབྱོར་ཚད་ཁྱོན་བསྡོམས་༧༠ཐོན་པ་དང་དེ་དག་ལ་སློབ་གླིང་གི་དགེ་རྒན་རྣམ་པས་ཞིབ་ཚགས་དང་ནན་ཏན་ངང་གཟུར་གནས་བློ་ཡིས་རྒྱུ་འབྲས་དྲང་སྙོམས་སྒོས་དཔྱད་འདེམས་ཡང་ཡང་བརྒྱུད་མཐར་གཤམ་གྱི་སློབ་མ་བཅུ་དྲུག་གི་བརྩམས་ཆོས་བདམས་ཐོན་བྱུང་བ་དེ་དག་ལས་ཨང་དང་བོ་གཅིག་དང་གཉིས་པ་གཉིས། གསུམ་པ་གསུམ། ཕུལ་བྱུང་བཅུ་བཅས་ཐག་བཅད།
༢ བྱ་དགའ་ཐོབ་པའི་བརྩམས་ཆོས་དང་རྩོམ་པ་པོའི་མཚན་བྱང་།
邀请函。
གདན་འདྲེན་ཞུ་ཡིག
尊敬的 全体获奖作者 先生
赛仓教授学术成果交流研讨会暨第四届赛仓文学奖颁奖典礼,于2024年12月28日在甘肃甘南州合作市举行,特邀请您届时参加,交流发言。
会议期间考察德尔隆寺,参观赛仓罗桑华丹学术成果陈列馆。
会议地点:甘南州合作市建南洲际酒店,27日全天会务接待报到,热切期待您莅临。
会务组
གུས་པར་འོས་པའི་རྩོམ་པ་པོ་ བྱ་དགའ་ཐོབ་པའི་རྩོམ་པ་པོ་ཡོངས་ ལགས།
སྐུ་ཉིད་ཀྱི་བརྩམས་ཆོས་ལ་བསེ་ཚང་རྩོམ་རིག་བྱ་དགའ་སྐབས་བཞི་བའི་མཇུག་མཐའི་དཔྱད་འདེམས་ཁྲོད་བྱ་དགའ་ཐོབ་ཡོད་པས་སྤྱི་ལོ་༢༠༢༤ལོའི་སྤྱི་ཟླ་༡༢པའི་ཚེས་༢༨ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ནས་སློབ་དཔོན་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་རིག་གཞུང་མཛད་རྗེས་དཔྱད་གླེང་ཚོགས་འདུ་དང་བསེ་ཚང་རྩོམ་རིག་བྱ་དགའ་སྐབས་བཞི་བ་གནང་བའི་མཛད་སྒོ་འཚོག་རྒྱུ་གཏན་འཁེལ་བྱས་པས་སྐུ་ཉིད་ཆེད་དུ་དུས་ལྟར་བྱ་དགའ་ལེན་དུ་ཕེབས་པར་ཐུགས་རྗེ་ཆེ་ཞུ།
ཚོགས་འདུའི་སྐབས་སུ་ཁོང་གི་གདན་ས་གཏེར་ལུང་གི་གཙུག་ལག་རིག་པའི་ཆོས་རིག་འགྲེམ་སྟོན་ཁང་ལ་ཞིབ་མཇལ་བྱ་རྒྱུ་ཡང་བཀོད་སྒྲིག་བྱས་ཡོད། ཚེས་༢༧ཉིན་འབྱོར་ཐོ་འགོད་རྒྱུ་བཅས་ཐུགས་ལ་འཇགས་པར་འཚལ།
ཚོགས་འདུའི་སྣེ་ལེན་དང་མིང་རྟགས་འགོད་ས། ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱི་ཅན་ནན་གླིང་སྤྱི་གསོལ་མགྲོན་ཁང་། སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།
འབྲེལ་གཏུགས་མི་སྣ།
ཚོགས་དོན་རྩ་འཛུགས་ཚན་ཆུང་གིས་༢༠༢༤ལོའི་ཟླ་༡༢ ཚེས་༢༠ ལ།
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!