བཀྲ་ཤིས་འཁྱིལ་གྱི་འགྲིག་ཡིག་གི་སྐོར་ལ་དཔྱད་པ། འབོ་རའི་རྟམ་ཐར།

文摘   2025-01-08 11:03   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平


 

བླ་བྲང་བཀྲ་ཤིས་འཁྱིལ་གྱི་འགྲིག་ཡིག་གི་ནང་དོན་དང་ལོ་རྒྱུས་དཔྱད་གཞིའི་རིན་ཐང་སྐོར་ལ་དཔྱད་པ་ཞེས་པ་བཀླགས་རྗེས་ཀྱི་བསམ་ཚུལ་རགས་ཙམ་དྲང་བོར་བརྗོད་པ།

 

འབོ་རའི་རྟ་མགྲིན་ཐར།

 

ཁ་སང་གྲོགས་པོ་ཞིག་གིས་སྐད་འཕྲིན་བརྒྱུད་མཚོ་སྔོན་མི་རིགས་སློབ་ཆེན་རིག་ དེབ།(སྤྱི་ལོ་2017ལོའི་དེབ་དང་བོ།)རུ་བཀོད་པའི་དཔྱད་རྩོམ་འདི་ཉིད་མཚམས་སྦྱོར་བྱེད་པས་བམ་ཀློག་ཙམ་བྱས།བརྗོད་བྱ་རྗོད་བྱེད་གཉིས་ལ་བསམ་བློ་ཞིབ་མོར་མ་བཏང་ འདུག་ཨང་སྙམ་ནས་རང་དགར་བཞག་མོད།འོན་ཀྱང་གྲོགས་པོ་འགའ་རེས་འདིའི་སྐོར་གྱི་དྲི་བ་མང་ཙམ་བཏོན་པས་དཔྱད་རྩོམ་དེར་སླར་ཡང་ཐེངས་ཤིག་བཀླགས་པ་ཡིན།དཔྱད་གཞིའི་ཡིག་ཚགས་འདི་ལ་རྒྱུས་ལོན་གསལ་བོ་མ་བྱེད་པ་དང་ཡིག་ཚགས་ཞིབ་བསྡུར་མ་བྱེད་པའི་སྐྱོན་འདུག་པས་དེའི་ཐད་ནས་སྐད་ཆ་འགའ་བཤད་བསམ་བྱུང་།


དང་བོ། རྩོམ་པ་བོའི་མཚན་ནོར་བ་ལ་དཔྱད་ཞིབ་མ་གནང་བའི་སྐྱོན།

TBRCདྲ་ངོས་སུ་བཀོད་པའི་བླ་བྲང་བཀྲ་ཤིས་འཁྱིལ་འགྲིག་ཡིག་སྣ་ཐུང་དེའི་ཤོག་ངོས་དང་བོའི་གཤམ་ན་ཟུར་མཆན་གྱི་ཚུལ་དུ་དལ་སྡེ་དགེ་བཤེས་འཇིགས་མེད་དམ་ཆོས་དང་དབལ་མང་ཞབས་དྲུང་དཀོན་མཆོག་རྒྱལ་མཚན་གཉིས་ཀྱི་མཚན་བཀོད་པ་དེར་ཀ་རིང་རིན་ཆེན་ལགས་ཀྱིས་དཔྱད་ཞིབ་མ་གནང་བར་འགྲིག་ཡིག་འདིའི་རྩོམ་གྱི་མ་གདན་བྲི་མཁན་དཔལ་སྡེ་དགེ་བཤེས་འཇིགས་མེད་དམ་ཆོས་དང་དབལ་མང་ཞབས་དྲུང་དཀོན་མཆོག་རྒྱལ་མཚན་གཉིས་ཡིན་ཞེས་བཀོད་འདུག།དབལ་མང་དཀོན་མཆོག་རྒྱལ་མཚན་གྱི་རྣམ་ཐར་བཀླགས་ཤིང་བླ་བྲང་དགོན་པའི་དགེ་བཤེས་རྒན་པ་ཚོར་བཀའ་འདྲི་གནང་ཡོད་ན་ཀུན་མཁྱེན་འཇིགས་མེད་དབང་བོའི་སྐབས་ཀྱི་དཔའ་རིས་འཇིགས་མེད་དམ་ཆོས་ཚང་ཞེས་པའི་མཁས་པ་ཆེན་པོ་དེ་འགྲིག་ཡིག་དེའི་རྩོམ་གདན་བྲི་མཁན་གྱི་གྲས་སུ་ཡོད་པ་རྟོགས་ངེས།ཅིའི་ཕྱིར་TBRCདྲ་ངོས་སུ་སྤེལ་བའི་འགྲིག་ཡིག་ཏུ་བཀོད་པའི་དལ་སྡེ་འཇིགས་མེད་དམ་ཆོས་ཞེས་པ་ནོར་བ་རེད་ཅེ་ན་བཤད་པར་བྱ།TBRCདྲ་ངོས་སུ་བཀོད་པའི་འགྲིག་ཡིག་ནི་དང་བོ་སྤྱན་འབེབས་ཞུས་ཤིང་ཕྱག་རྟགས་གནང་བའི་ཤོག་དྲིལ་བླ་བྲང་ཆེན་མོ་ཐུབ་བསྟན་ཕོ་བྲང་དུ་ཡོད་ཅིང་།དེ་ལས་བྲིས་པའི་ལས་སྣེའི་ལག་འཛིན་གྱི་ཤོག་དྲིལ་ཚར་གཅིག་ཀྱང་དེར་ཡོད།འདི་གུང་ཐང་བླ་བྲང་གི་གཟིམས་ཆུང་བཤད་སྒྲུབ་སྐྱེད་ཚལ་དུ་བཞུགས་པ་དེ་ལས་བྲིས་པའོ་ཞེས་ཁུངས་གང་ཞིག་གཞིར་བཟུང་བ་གསལ་བར་བསྟན་འདུག།བླ་བྲང་བཀྲ་ཤིས་འཁྱིལ་གྱི་འགྲིག་ཡིག་གི་ཐོག་མའི་མ་ཕྱི་ནི་དབུ་མེད་ཀྱི་ལམ་དུ་བྲིས་འདུག་ཅིང་ད་ལྟའང་བླ་བྲང་དགོན་པར་བཞུགས།དཔྱད་གཞིར་བླངས་པའི་འགྲིག་ཡིག་འདི་ཉིད་ཀྱི་མ་ཕྱིའང་དབུ་མེད་ཡིན་པ་གོང་འོག་གི་ཚིག་ཞིབ་ཏུ་བསྡུར་ན་ཤེས་ཏེ་ས་དང་པ་གཉིས་ནོར་བ་ཤིན་ཏུ་མང་།བུ་ཡིག་ཏུ་བཤུ་མཁན་གང་དེས་དབུ་མེད་ལེགས་པོ་ཞིག་མཁྱེན་གྱི་མེད་པའང་དཔའ་རིས་དགེ་བཤེས་འཇིགས་མེད་དམ་ཆོས་ཞེས་པ་དལ་སྡེ་དགེ་བཤེས་འཇིགས་མེད་དམ་ཆོས་ཞེས་བཤུ་ནོར་སོང་བ་ལས་ཀྱང་རྟོགས་ཐུབ།དཔའ་རིས་འཇིགས་མེད་དམ་ཆོས་ནི་སྡེ་ཁྲི་ཐུབ་བསྟན་ཉི་མའི་དགེ་རྒན་ཡིན་ལ་དག་ཡིག་ཤེས་བྱ་རབ་གསལ་རྩོམ་མཁན་དེ་ཡིན།བུ་ཡིག་ཏུ་བཤུས་པའི་འགྲིག་ཡིག་འདི་ཉིད་ལ་ཞིབ་ཏུ་བལྟས་ན་ཡིག་ནོར་མང་བའི་སྐྱོན་འདུག་པ་མཐོང་སླ།མ་ཡིག་དང་བུ་ཡིག་གཉིས་བསྡུར་སྐབས་ཆད་ལུས་ཀྱི་སྐྱོན་ཡང་མང་ཙམ་འདུགསྔར་ས་བྱ་ལོར་༧སྐྱབས་མགོན་མཆོག་ནས་དབུས་ཀྱི་སྨད་རྒྱུད་ལ་ཉིན་རེ་བཞིན་གྱི་འགྲིག་ཡིག་ཡོད་པས་འགྲིག་ཉམས་མི་ཐུབ་སྣང་།རང་རེའི་དགོན་པ་འདིར་དེ་འདྲ་མེད་པས་འགྲིག་གསོས་ཀྱང་ཉམས་སླ་བར་འདུག།འགྲིག་ཡིག་ཞིབ་མོ་གལ་ཆེ།དེ་ལ་ས་བོན་དགོས་པས་མྱུར་དུ་བྲི་ཐབས་གྱིས།འབྲི་མཁན་དབལ་མང་ཚང་དང་དཔའ་རེ་དམ་ཆོས་གཉིས་ལ་ཤོད་གསུངས་པ་བཞིན་ཁྲི་ཆེན་འཇིགས་མེད་རིགས་པའི་སེངྒེས་དབུ་མཛད།ཅེས་དཔའ་རིས་དམ་ཆོས་ཞེས་མཚན་གསལ་བར་ཐོན་པས་དབལ་སྡེ་འཇིགས་མེད་དམ་ཆོས་ཞེས་པ་བཤུས་ནོར་ཐེབས་པ་ཤེས་སླ།

དེ་བས་ཀ་རིང་རིན་ཆེན་གྱིས་དཔྱད་གཞིར་བདམས་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འགྲིག་འདི་ལ་ཡི་གེ་མ་དག་པའི་ཆ་དང་ཚིག་ཕྲེང་ཆད་ལུས་ཀྱི་སྐྱོན་འདུག་པས་ཡིད་རྟོན་ཕེར་བའི་དཔྱད་གཞི་ཞིག་མ་རེད།

མཛད་པ་པོ་དང་པར་གཞི་ཞེས་འགྲིག་ཡིག་མཚམས་སྦྱོར་གྱི་དོན་ཚན་དང་བོ་རུ་པར་གཞིའི་སྐོར་ཅི་ཡང་གླེང་མི་འདུག།ཁྱོད་ཀྱིས་དཔྱད་གཞིར་བདམས་པའི་འགྲིག་ཡིག་འདི་ཉིད་ལག་བྲིས་མ་ཡིན་པས་པར་གཞི་གཞན་མེད་པ་དང་།ཐོག་མའི་མ་ཕྱིའང་དབུ་མེད་བྲིས་མ་འབའ་ཞིག་འདུག་པས་པར་དུ་བརྐོས་མི་འདུག་ཅིང་མ་ཡིག་བུ་ཡིག་ཏུ་བཤུས་པ་རེ་འདུག་པར་བཤད།དེ་བས་དཔྱད་རྩོམ་གྱི་ཁ་བྱང་དང་ནང་དོན་ལ་ཧེ་བག་འདུག་སྙམ་པའི་བློ་ཞིག་ཀྱང་བྱུང་བས་རྨོངས་འཆར་ཡིན་ན་དགོངས་དག་ཞུ།

གཉིས་པ། དབལ་མང་དཀོན་མཆོག་རྒྱལ་མཚན་གྱི་གསུང་འབུམ་དུ་འགྲིག་ཡིག་མི་ བཞུགས་པ།

འགྲིག་ཡིག་འདི་ནི་དབལ་མང་དཀོན་མཆོག་རྒྱལ་མཚན་གྱི་གསུང་འབུམ་ནང་དུ་བཞུགས་ཞེས་བྲིས་པ་ནི་བསམ་བློ་ཞིབ་ཏུ་མ་བཏང་བ་དང་དཔྱད་གཞིའི་ཡིག་ཚགས་ཞིབ་བསྡུར་གནད་དུ་མ་འཁེལ་བའི་སྐྱོན་འབའ་ཞིག་སྟེ་བོད་ཀྱི་བསྟན་བཅོས་ཁག་ཅིག་གི་མཚན་བྱང་དྲི་མེད་ཤེལ་དཀར་ཕྲེང་བལ་ཁྱོད་ཀྱིས་བལྟས་ཡོད་ན་དབལ་མང་ དཀོན་མཆོག་རྒྱལ་མཚན་གྱི་གསུང་འབུམ་དུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འགྲིག་མི་བཞུགས་པ་ཤེས་ཐུབ་ཅིང་།བླ་བྲང་བཀྲ་ཤིས་འཁྱིལ་གྱི་དཔེ་མཛོད་ལྷ་ཁང་དུ་བཞུགས་པའི་དབལ་མང་པཎྚི་ཏ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་བོའི་གསུང་འབུམ་དུ་འགྲིག་ཡིག་གི་སྐོར་གྱི་ཤོག་ངོས་གཅིག་ཀྱང་མི་འདུག་པ་དང་།TBRCདྲ་ངོས་སུ་སྤེལ་བའི་དབལ་མང་པཎྚི་ཏ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་བོའི་གསུང་འབུམ་དུའང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འགྲིག་ཡིག་མི་འདུག་པས་ཀ་རིང་རིན་ཆེན་གྱིས་གང་ལས་མཐོང་བ་ཡིན་ནམ།དབལ་མང་པཎྚི་ཏ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་བོའི་གསུང་འབུམ་གྱི་དཀར་ཆག་ལ་གསུང་འབུམ་སྤྱིའི་དཀར་ཆག་དང་བཀའ་རྒྱ་མའི་དཀར་ཆག་གཉིས་ཡོད་ཅིང་དེ་གཉིས་ཀར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འགྲིག་ཡིག་ཡོད་པའི་སྐོར་ཚིག་གཅིག་ཀྱང་བཀོད་མི་འདུག།གསུང་འབུམ་ཤིང་དཔར་གྱི་ཤོག་ངོས་རེ་རེ་ཐེངས་བདུན་བརྒྱད་བལྟས་ཀྱང་འགྲིག་ཡིག་གི་སྐོར་མི་འདུག་པས་གསུང་འབུམ་དཀར་ཆག་ཏུ་ཆད་ལུས་ཐེབས་པ་མིན་པར་ངེས།དེ་ནི་དཀར་ཆག་ཏུ་མ་བཀོད་པའི་ཕྱག་རྩོམ་རེ་གཉིས་གསུང་འབུམ་དུ་འདུག་པས་དཀར་ཆག་གཅིག་པུར་མ་རློམ་པར་གསུང་འབུམ་ཞིབ་ཏུ་བཀླགས་པ་ཡིན།


གསུམ་པ།ཐག་གཅོད་སྔ་བའི་སྐྱོན།

འདིར་བརྗོད་པར་བྱ་བའི་བླ་བྲང་བཀྲ་ཤིས་འཁྱིལ་ལྟ་བུ་ལ་མཚོན་ནའང་བཅའ་ཡིག་ནི་བཀའ་རྒྱ་མ་ཡིན་ལ།ཞེས་པར་དཔྱད་པར་བྱ་བ་འདི་ཡོད་དེ།ཀུན་མཁྱེན་འཇིགས་ མེད་དབང་བོའི་གསུང་འབུམ་པོད་ཐ་རུ་བཞུགས་པའི་གདན་ས་རང་གི་རྨད་བྱུང་ཐོས་ གླིང་གི་བཅའ་ཡིགདཀར་ཆག་དང་བཅའ་ཡིག་གི་རིམ་པ་ཤེལ་དཀར་མེ་ལོང་ཞེས་ བྱ་བ་བཞུགས་སོ།ཞེས་པ་བཀའ་རྒྱ་མའི་ཁོངས་སུ་བཅུག་མེད་པ་དང་།གུང་ཐང་ བསྟན་པའི་སྒྲོན་མེ་དཔལ་བཟང་བོས་མཛད་པའིདབེན་གནས་ཡིད་དགའ་ཆོས་འཛིན་གྱི་བཅའ་ཡིག་ཡང་དག་སྒྲུབ་པའི་འཇུག་ངོགས་ཞེས་བྱ་བ་དང་།དེའི་ཟུར་ འདེབས་དང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དེབ་ཡིག་མགོ་རྒྱན་ཕུན་ཚོགས་འདོད་དགུའི་རོལ་མཚོ།གསུང་འབུམ་ཇ་རུ་བཞུགས་པ་གཉིས་ཀྱང་བཀའ་རྒྱ་མའི་ཁོངས་སུ་བཅུག་མེད་པ་ཅི་ཡིན་ནམ།ཁྱོད་ཀྱིས་བླ་བྲང་དགོན་པའི་འགྲིག་ཡིག་དང་བཅའ་ཡིག་ལ་དཔྱད་པ་ཞིབ་མོར་གནང་སྟེ་དཔྱད་རྩོམ་འདི་ཉིད་བྲིས་པ་མ་ཡིན་ནམ།བླ་བྲང་དགོན་པའི་བཅའ་ཡིག་དང་འགྲིག་ཡིག་བཀའ་རྒྱར་གཏོགས་ཚུལ་ཁྱོད་ལ་སུས་བཤད་པ་ཡིན།ཡང་ན་ཡིག་ཚགས་གང་ལས་མཐོང་བ་ཡིན།གང་དྲན་དུ་བཤད་ན་ཆོག་གམ།དགོན་པ་གང་དེའི་བཅའ་ཡིག་དགོན་པ་དེའི་དགེ་འདུན་པ་མང་བོ་འཚོགས་པའི་ཚོགས་སུ་ཀློག་པའི་སྲོལ་འདུག་པས་བཀའ་རྒྱ་མ་ཡིན་ན་ཁྲོམ་སྒྲོག་ཅི་ལ་བྱེད།ད་དུང་ཁྱོད་ཀྱིས་ འགྲིག་ཡིག་འདི་ནི་ཕལ་ཆེར་མདོ་སྨད་ས་ཁུལ་གྱི་འགྲིག་ཡིག་གི་ཐོག་མ་ཡིན་ཞེས་བརྗོད་ན་ཆོག་པར་སྙམ།ཞེས་དང་འགྲིག་ཡིག་འདི་ཉིད་ལ་དཔེ་བྱས་ནས་མདོ་སྨད་ས་ཁུལ་དུ་བཅའ་ཡིག་གི་ནང་དོན་གསར་བ་གང་མང་ཞིག་ཁ་སྣོན་བྱས་ལ་ཞེས་པ་ཧམ་པ་ཆེ་དྲག་པའི་གཏམ་ཞིག་མ་ཡིན་ནམ།དགོན་པ་གང་གིས་འགྲིག་ཡིག་འདི་ལ་དཔེ་བྱས་ནས་བཅའ་ཡིག་གི་ནང་དོན་གསར་བ་ཁ་སྣོན་བྱས་འདུག་པ་ཁྱོད་ཀྱིས་ཞིབ་བསྡུར་བྱས་ཡོད་དམ།བླ་བྲང་བཀྲ་ཤིས་འཁྱིལ་གྱི་བཅའ་ཡིག་ཆེན་མོ་ནི་ཀུན་མཁྱེན་སྐུ་ཕྲེང་བཞི་བ་རྗེ་བཙུན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་གིས་མཛད་པས་དུས་ཡུན་གྱི་ངོས་ནས་བཤད་ན་སྔ་རྒྱུ་མི་འདུག།བཅའ་ཡིག་ཆེན་པོ་རྩོམ་སྐབས་འགྲིག་ཡིག་འདི་ཉིད་དཔྱད་གཞིར་བཟུང་ཡོད་མེད་ཀྱང་རྣམ་ཐར་དུ་ཟུར་ཙམ་ཡང་མེད་པས་ཡོད་དང་མེད་ཅེས་ཁ་ཚོན་གཅོད་དཀའ།ལྷག་པར་བཅའ་ཡིག་ཆེན་མོ་མཇལ་བའི་སྐལ་བ་མ་ཤར་བས་ཚིག་ཐག་ཆོད་པོས་སྨྲ་བར་མ་སྤོབས།

ཁོ་བོས་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འགྲིག་ཡིག་གི་མ་ཕྱི་དང་TBRC དྲ་ངོས་སུ་བཀོད་པའི་འགྲིག་ཡིག་གཉིས་ཞིབ་བསྡུར་བྱེད་པའི་སྐལ་བ་ཤར་བས་གཏམ་དྲང་བོར་ཞུས་པ་ལས་གཞན་པའི་དམིགས་ཡུལ་མེད། བཤད་ཉེས་སོང་ན་དགོངས་འགལ་མེད་པར་ཞུ།

 

 

2 TBRCདྲ་ངོས་སུ་སྤེལ་བའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འགྲིག་ཡིག1

དབལ་མང་པཎྚི་ཏའི་རྣམ་ཐར།མི་རིགས་དཔེ་སྐྲུན་ཁང་།བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས།2001ལོའི་ཟླ་2པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།222 223

བོད་ཀྱི་བརྡ་ལ་བརྟེན་ནས་གསུང་རབ་ལ་འཇུག་པའི་སྒོ་ཤེས་བྱ་རབ་གསལ་ཞེས་བྱ་བ་བཞུགས་སོ།ཀན་སུའུ་མི་དམངས་དཔེ་སྐྲུན།1954ལོའི་ཟླ་བ་3པའི་ནང་པེ་ཅིན་དུ་དཔར་གཞི་ཐེངས་དང་པོ་བཀོད་པ།དགེ་བཤེས་ཤེས་རབ་རྒྱ་མཚོས་ཞུ་དག་གནང་།

བོད་ཀྱི་བསྟན་བཅོས་ཁག་ཅིག་གི་མཚན་བྱང་དྲི་མེད་ཤེལ་དཀར་ཕྲེང་བམཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1985ལོའི་ཟླ་1པར་པར་གཞི་དང་བོ་དཔར།323-328

ཞྭ་སེར་རིང་ལུགས་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་གི་རྟོགས་པ་བརྗོད་པ་རིན་ཆེན་ ཕྲེང་བ་ཞེས་བྱ་བ་བཞུགས་སོ།བླ་བྲང་ཤིང་པར།65-66རུ།ཉེར་གསུམ་ཉིན་འཚོགས་འདུ་རྒྱས་པར་བཅའ་ཡིག་ཆེན་མོ་འབུལ་སྐབས་བཀོད་ཁྱབ་ལ།ཀུན་མཁྱེན་བར་མ་དེ་ཉིད་ཀྱིས་འགྲིག་ཡིག་རྒྱས་པ་ཞིག་ཡོད་ན་བཅའ་ཡིག་འབྲི་སླ་གསུང་ཏེ་བཅའ་ཡིག་གསུང་བཞེད་ཡོད་ཀྱང་སུས་མ་ཞུས།དེ་བཞིན་སྐུ་འཕྲེང་གསུམ་པས་ཀྱང་གསུང་རྒྱུའི་དགོངས་བཞེད་ཡོད་ ཀྱང་བསྐུལ་མཁན་མ་བྱུང་སྟབས་མ་ཞུས་པར་ནི་མི་འཆད་དོ་གསུངས་པ་དེ་རེད།དེས་ན་ད་རེབ་ངེད་ནས་བསམ་བཟང་གི་ངོས་བྲིས་པ་ཡིན།བཅའ་ཡིག་ཆེན་མོ་ཞེས་འགྲིག་ལམ་སྔར་མེད་པའི་གསར་བ་ཞིག་དང་ཆོས་འདུལ་བ་གསར་བ་ཞིག་ཡོད་པ་མ་རེད།སངས་རྒྱས་ལས་ལྷག་པའི་འདུལ་བ་བཤད་མཁན་མི་སྲིད་མོད་དེས་ན་བཅའ་ཡིག་སྔ་ཕྱི་གང་ཡིན་ཀྱང་འདུལ་ཁྲིམས་ལས་གཞན་མེད་པས་སྔ་མར་མ་འདུས་པའི་རིགས་ཁ་བསྐང་སྟེ་དེ་རིང་གཟའ་སྐར་འཕྲོད་སྦྱོར་ལེགས་པས་ཕུལ་བ་ཡིན་ཞུས་ཏེ་བསྟན་པ་རྒྱས་པའི་བསྔོ་སྨོན་གྱི་ཚིགས་བཅད་འགའ་འདོན་པ་དང་བཅས་ཚོགས་འདུ་ལ་སྤྲད།


版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!




卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章