རེ་བའི་འབོད་སྐུལ། ནུབ་བྱང་མི་རིགས་སློབ་ཆེན་ནས་བསེ་ཚང་གིས་གསུངས།

文摘   2025-01-11 10:34   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平


རེ་བའི་འབོད་སྐུལ། 

 

༡༩༩༨ལོའི་ཟླ་༥པར་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཚོགས་ཁང་ཆེན་མོ་ནས།


སྙན་ཞུ་པ། བསེ་ཚང་བློ་བཟང་དཔལ་ལྡན།      
ཟིན་བྲིས་པ། ཁ་སྒང་བཀྲ་ཤིས་ཚེ་རིང་།

     

དང་པོ། གླེང་གཞི། 

དེང་སྐབས་འཛམ་གླིང་ཡོངས་ཀྱི་སྤྱི་ཚོགས་ཧ་ལམ་བདེ་འཇགས་ཡིན། མི་རིགས་གཞན་པ་ཁྲོ་ཞན་སོགས་དང་བསྡུར་ན་ང་ཚོ་ནི་རྗེས་ལུས་ནང་གི་རྗེས་ལུས་རེད། དེའི་རྒྱུ་རྐྱེན་གཙོ་བོ་ནི་ཚན་རིག་དང་རིག་གནས་མ་དར་བ་དང་མིའི་བསམ་བློ་འདི་ཕྱོགས་སུ་མ་འཁོར་བའི་རྐྱེན་རེད། ང་ཚོའི་རིག་གནས་གཏིང་ཟབ་མོ་ཡིན་ཀྱང་། མང་ཚོགས་ནང་དུ་ཁྱབ་གདལ་དུ་དར་མ་ཐུབ། བཅིངས་འགྲོལ་རྗེས་སུ་ཕྱོགས་གང་ཐད་ནས་གོང་འཕེལ་དུ་སོང་ཡོད་ཀྱང་རིག་གསར་སོགས་ཀྱི་རྐྱེན་གྱིས་གནོད་ཚབས་ཆེན་པོ་ཐེབས། ཚོགས་ཆེན་སྐབས་གསུམ་པའི་རྗེས་སུ་ཇེ་བཟང་དུ་སོང་བ་མགྱོགས། འོན་ཀྱང་གཞན་དང་བསྡུར་ན་ཧ་ཅང་རྗེས་ལུས་ཡིན། ཤེས་ཡོན་ཅན་མང་པོ་གཞན་ལ་བརྟེན་དགོས། གཞན་ལ་བརྟེན་ན་རང་ལྟ་བུ་མ་ཡིན་པར་གོང་འཕེལ་དུ་སོང་བ་དལ། དེ་བས་ཤེས་ཡོན་ཅན་ནི་གལ་ཆེན་ནང་གི་དོན་ཆེན་རེད། ཤེས་ཡོན་ཅན་བསྐྱེད་བསྲིངས་ཀྱི་བྱ་བ་དེ་ནི་འཛུགས་སྐྲུན་ཆེན་པོ་ཞིག་རེད། དགེ་རྒན་གྱི་ཆ་རྐྱེན་བཟང་ཡང་སློབ་མ་མ་བཟང་ན་མི་ཆོག་པས་རིག་གནས་ནི་རང་གཞན་གཉིས་ཀར་རག་ལས། དངོས་པོ་འཛུགས་སྐྲུན་ནི་དེ་ལས་ལྡོག་སྟེ་མགྱོགས་པ་རེད། དཔེར་ན་དགོན་སྡེ་གསར་བ་བཞེངས་བར་དུས་ཚོད་རིང་པོ་མི་དགོས་པར་མགྱོགས་པོར་འཛུགས་བསྐྲུན་བྱེད་ཐུབ་པ་ལྟ་བུ་རེད། ཤེས་ཡོན་གྱི་འཛུགས་སྐྲུན་ནི་དེ་ལྟ་བུ་མ་རེད། ཤེས་ཡོན་ཅན་འཛུགས་སྐྲུན་བྱེད་པ་ནི་དཀའ་ཚེགས་ཆེ་བ་ཞིག་རེད། ང་ཚོར་སྔོན་གྱི་རིག་གནས་ཡོད་ཀྱང་ཁྱབ་ཁུངས་ཆུང་སོང་པ་དང་རང་རང་སོ་སོར་གྱུར་བས་གཅིག་གྱུར་གྱི་བཀོད་སྒྲིག་བྱེད་མ་ཐུབ། ཀན་ལྷོར་སྔོན་ཆད་སློབ་གྲྭ་གཅིག་ལས་མེད་པས་ཚང་མ་དགོན་པར་འགྲོ་དགོས་པ་དང་། ཨ་ཁུ་ཞིག་གིས་རིག་གནས་ཤེས་ན་མ་གཏོགས་ཤེས་མཁན་གཞན་མེད། ཀན་ལྷོར་གཏེར་ཁ་མང་པོ་ཡོད་ཀྱང་རང་གིས་སྤྱོད་མ་ཐུབ་པར་ཡི་དྭགས་གཏེར་སྲུང་གི་ལྟར་གྱུར་ཡོད། ཟ་རྒྱུ་ཆེ་ཡང་ཟ་མཁན་གྱི་ཁ་ཆུང་བས་ཟ་མ་ཐུབ། གཙོ་བོ་ཡོན་ཏན་མེད་པས་རེད། མི་རིགས་གཞན་པས་བླངས་རྗེས་ཇི་ཙམ་སྤྱོད་རྒྱུ་རང་ལ་དབང་མེད་པར་ཁོ་ཚོར་བལྟ་དགོས་བྱུང་། རང་གི་ས་ཁུལ་གྱི་འཛུགས་བསྐྲུན་མི་ཤེས་པ་ནི་གཙོ་བོ་ཡོན་ཏན་མེད་པས་རེད། 

སློབ་གསོ་ཟེར་བར་སྣ་ཁ་མང་པས་ཡི་གེ་སློབ་གསོ་ཙམ་མ་ཡིན་པར་བསམ་བློའི་སློབ་གསོ་དགོས། བསམ་བློའི་སློབ་གསོ་ཞན་ན་ཡར་ཐོན་ཡོང་མི་ཐུབ། སྔོན་གྱི་དགེ་རྒན་རྣམས་ཀྱིས་རིག་གནས་ཁྲིད་པ་ཙམ་མ་ཡིན་པར་མི་དེའི་རྒྱུད་དུལ་བ་སྟེ་བསམ་བློའི་སློབ་གསོ་གཙོ་བོར་བྱེད། དགེ་རྒན་ཞིག་གི་རང་གི་ཀུན་སྤྱོད་མ་བཟང་ན་མི་ཆོག། སློབ་མར་རིག་གནས་དང་ཀུན་སྤྱོད་དང་བཅས་པ་བཟང་པོར་བསྒྱུར་རྒྱུ་ནི་དགེ་རྒན་གྱི་འགན་གཙོ་བོ་རེད། བསམ་པའི་དཔལ་ཡོན་བཟང་པོ་ཞིག་ཡོད་ན་དངོས་པོའི་དཔལ་ཡོན་བཟང་པོ་འབྱུང་ཐུབ། ཚན་རིག་སློབ་གསོའི་སྐོར་འདི་མང་ཚོགས་ནང་དུ་ཁྱབ་གདལ་དུ་གཏོང་དགོས། ཤེས་ཡོན་མེད་པའི་སྐྱོན་གྱིས་རྩྭ་ས་རྩོད་གླེང་སོགས་འབྱུང་བ་མ་ཟད། གསོད་མཁན་ལ་བྱ་དགའ་སྟེར་བ་སོགས་མ་ཤེས་པའི་སྡིག་ལས་ངན་པ་དེ་དག་འབྱུང་བཞིན་ཡོད། ཨ་ཁུས་ཚ་བོ་བསད་པར་ཁ་བཏགས་འཐེན་པའི་སྤྱོད་ངན་དེ་དག་ང་ཚོ་ས་ནས་བྱུང་། 

གཉིས་པ། རིག་གནས། 

     ང་ཚོའི་རིག་གནས་འདིར་དགེ་མཚན་ཆེ་བ་སོགས་ཀྱིས་འཛམ་གླིང་རིག་གནས་ཁྲོད་དུ་རིན་ཐང་ཆེ་བའི་རིག་གནས་སུ་གྱུར་ཡོད། འོན་ཀྱང་མང་ཚོགས་ནང་དུ་དར་ཁྱབ་མ་བྱུང་པས་རིག་གནས་པ་ཇེ་ཉུང་དུ་འགྲོ་བཞིན་པའི་ཚུལ་འདི་རེད། ད་ལྟ་ང་ཚོའི་རིག་གནས་དར་འཕེལ་བྱུང་ཟེར་བ་ནི་དོན་ལ་མི་གནས་པའི་བཤད་སྟངས་ཤིག་རེད། དོན་ངོ་མས་བཤད་ན་མྱུར་སྐྱོབ་བྱེད་པའི་དུས་རེད་ཟེར་ན་འགྲིག། མིག་སྔར་ལ་ལ་ཞིག་གིས་བོད་ཡིག་སློབ་འདོད་མེད་པའི་རྣམ་པ་དེ་ནི་རིག་གནས་འདི་ཉམས་བཞིན་པའི་རྟགས་རེད།

   ང་ཚོའི་རིག་གནས་འདིར་མ་འདུས་པ་མེད་ཟེར་ཆོག ། ནང་སྒོས་སུ་ནང་དོན་རིག་པ་འདི་ཐུན་མོང་མ་ཡིན་པའི་རིག་གནས་ཡིན། སེམས་ཁམས་དང་མངོན་པར་ཕྱི་རོལ་གྱི་ཚན་རིག་འདུས། ང་ཚོའི་རིག་གནས་དེར་བལྟ་ཤེས་མིན་ལ་རག་ལས་ཡོད། སེམས་འདུལ་བའི་རིག་པ་དེ་ང་ཚོའི་ནང་དོན་རིག་པའི་ཁྲོད་ཀྱི་ནང་དོན་གཙོ་བོ་ཞིག་རེད།

    ཕར་ཕྱིན་ནི་ནང་དོན་རིག་པའི་གཙོ་བོ་ཡིན། རང་གི་མི་རིགས་ཀྱི་ཁྱད་ཆོས་དང་གོམ་གཤིས་ནི་མི་རིགས་གཞན་དང་ཁྱད་པར་འབྱེད་བྱེད་ཡིན། ཧོས་རིགས་ལ་རང་གི་གོམས་གཤིས་ཡོད་པས་འགྱུར་དཀའ། ང་ཚོས་རང་གི་གོམས་གཤིས་དང་སྐད་རིགས་ལ་ཉན་འཇོག་མ་བྱས་ན་འགྱུར་རྒྱུ་རེད། ཉེན་ཁ་ཆེ། བོད་ལ་སྤྱི་སྐད་མེད་པར་ཐ་དད་ལྟ་བུར་གནས་ཀྱང་རིག་གནས་སྟེང་ནས་བོད་རིགས་ཐུན་མོང་བ་གྲུབ་ཡོད། རང་གི་སྐད་རིགས་མ་ཤེས་པར་གཞན་སྐད་ཤེས་པ་ཡོན་ཏན་མ་རེད་ཅེས་པཎ་ཆེན་རིན་པོ་ཆེས་གསུངས། ཡང་པཎ་ཆེན་རིན་པོ་ཆེས། བོད་ཡིན་པར་ངོ་ཚ་བ་རྣམས་ཀྱིས་མིང་བརྗེ་ཆོག་པ་དང་ལྭ་བ་བརྗེ་ཆོག་ཀྱང་རུས་པ་བོད་ཡིན་པས་ཁྱོད་ཚོ་བྲག་མགོ་ནས་ལྕེབས་ཏེ་ཕྱི་མར་མི་རིགས་གཞན་དུ་སྐྱེ་བར་སྨོན་ལམ་འདེབས་ན་མ་གཏོགས་ཐབས་ཅི་ཡོད་ཅེས་བཀའ་བཀྱོན་གནང་མྱོང་། ཡང་ཁོང་གིས། ང་ཚོ་མི་རིགས་གཅིག་ཉམས་སོང་ན་ཀྲུང་ཧྭ་མི་རིགས་ཉམས་སོང་བ་རེད། མི་རིགས་གཅིག་དར་ན་ཀྲུང་ཧྭ་མི་རིགས་དར་བ་ཡིན་ཞེས་གསུངས། 

གསུམ་པ། སློབ་སྦྱོང་བྱེད་ཐབས། 

     སློབ་སྦྱོང་ལ་དཀའ་སྤྱད་ཤུ་རེ་བྱེད་དགོས། སྤྲུལ་སྐུ་རྣམས་ཀྱི་དང་པོ་རྣམས་ཀྱིས་སྡུག་རུས་ལ་བརྟེན་ནས་གྲྭ་མང་ཁྲོད་ནས་ཡོན་ཏན་གོང་འཕེལ་དུ་སོང་བ་རེད། རྗེས་མ་རྣམས་སྐྱིད་ཀྱི་ཁྲོད་ནས་ཆེར་སྐྱེས་པ་ཡིན་པས་ཡོན་ཏན་ཞན། ཐོག་མར་བསྡུས་གྲྭར་ལོ་བཞི། རྟགས་རིགས་ལ་ལོ་གཅིག་དགོས།  ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོ་དང་བཞི་བ་ཕྱོགས་གཅིག་ཏུ་བསྡུས་པ་བློ་རྟགས་ཡིན། ཚད་མ་སྡེ་བདུན་གྱི་རིགས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པར་བསྡུས་གྲྭ་ཟེར། ཡིག་ཆ་རྣམས་ཀྱི་ཁྱད་པར་སོགས་ངེས་དགོས། དབུ་མ་ནི་གཙོ་བོ་དབུ་མ་རྩ་བ་ཤེས་རབ་ཡིན། དབུ་མ་ལ་རྩ་འཇུག་གཞི་གསུམ་ཡོད། མངོན་པ་མཛོད་ནི་འདུལ་བ་ལུང་སྡེ་བཞི་གཙོ་བོ་ཡིན། གཞུང་ལུགས་དེ་ལག་ལེན་བྱེད་ཐབས་ནི། ལྷ་རམས་དམ་བཅའ་བཞག་རྗེས་སྔགས་ལམ་དུ་ཞུགས་པ་ཡིན། ཁོང་གི་བླ་མས། ཁྱེད་ཚོ་ཨ་ལག་ཚོ་སྡུག་རུས་མེད་པས་མཁས་པ་འཁྱོངས་དཀའ། ང་ཚོ་གྲྭ་སར་ཡོད་དུས་རྩམ་པ་མེད་པར་རྩམ་ཁུག་ལ་སྣོམ་ནས་ཉིན་འགའ་སོང་བ་ཡོད་ཅེས་དངོས་སུ་གསུངས། སྡུག་རུས་ཆེ་མི་ཆེ་དེ་ཡོན་ཏན་ཆེན་པོ་འབྱོར་མི་འབྱོར་གྱི་རྩ་བའི་རྒྱུ་རྐྱེན་ཡིན། སྡུག་རུས་ཆེ་ན་ཡོན་ཏན་འབྱོར་ངེས་ཡིན། 

བཞི་པ། སློབ་མའི་ཁྱད་ཆོས་སྐོར།

     ཁྲིམས་སུ་བཅའ་བ་ཀུན་རང་རྟོགས་མེད་པ་ལས་བྱུང་། སློབ་སྦྱོང་བྱེད་དུས་དམིགས་ཡུལ་ཞིག་ཡོད་དགོས། ང་ཚོའི་རྒྱལ་ཁབ་དང་རང་ཡུལ་ལ་གཅེས་པའི་མིག་རྒྱངས་ཤིག་ཡོད་དགོས། རང་ཉིད་ཀྱི་འདོད་པ་ཁོ་ནར་འདང་མ་རྒྱག། དཀའ་སར་སྐྱོད་ཐུབ་མཁན་ཞིག་ཡིན་དགོས། རང་གི་མི་རིགས་ལ་བཀའ་དྲིན་ཅུང་ཙམ་ཞིག་ཞུ་དགོས། ཁྲེལ་མེད་བྱེད་མི་ཉན། རང་ཉིད་མི་རིགས་ཀྱི་རྗེས་ལུས་བསྒྱུར་བར་བརྩོན་དགོས། དེའི་ཐད་ནས་འགན་ཞིག་འཁུར་དགོས། རང་གིས་ནུས་ཚོད་ཀྱི་འགན་ཞིག་ཁུར་ཏེ། རང་ཡུལ་གྱི་མི་རིགས་དང་རང་ཡུལ་གྱི་འཛུགས་སྐྲུན་སོགས་ལ་ཞབས་འདེགས་ཞུ་ནུས་པ་ཞིག་ཏུ་གཏོང་དགོས། ང་ཚོ་མི་རབས་འདིས་ཚན་རིག་ལག་རྩལ་གྱི་ཕྱོགས་ནས་མི་རབས་རྗེས་མར་ལག་རྗེས་ཤིག་འཇོག་རྒྱུ་ཧ་ཅང་གལ་ཆེ། ཞེས་གསུངས། 


版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!




卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章