སྐད་དང་ཡི་གེའི་སྣེ་མོ་ན་ཡོད་པའི་དགེ་རྒན། ཚེ་དཔག་རྡོ་རྗེ།

文摘   2025-01-04 19:07   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平

སྐད་དང་ཡི་གེའི་སྣེ་མོ་ན་ཡོད་པའི་དགེ་རྒན།


ཚེ་དཔག་རྡོ་རྗེ།  ཀན་ལྷོ།


      སྤྱིར་རང་ཉིད་ལ་མཚོན་ན་སློབ་འབྲིང་ན་ཡོད་དུས་ནས་དགེ་རྒན་ཞིག་བྱེད་འདོད་པའི་འདུན་པ་དྲག་ཏུ་ཡོད་དེ།ལྷག་པར་དུ་སྐད་ཡིག་དགེ་རྒན་ཞིག་བྱེད་འདོད་པའི་རེ་བ་དེ་ལས་ཀྱང་ཆེ།ཐེངས་འདིར་ལས་སྐལ་བཟང་བོ་ཞིག་དང་མི་བུ་ལྷག་བསམ་ཅན་ཁ་ཤས་ཀྱི་བཀའ་དྲིན་གྱི་མཐུན་རྐྱེན་ལ་བརྟེན་ནས་ང་རང་རང་གི་མ་ཡུམ་སློབ་འབྲིང་གི་ནང་དུ་དངོས་སྦྱོང་བྱེད་པའི་གོ་སྐབས་རེག་སོང་།འདི་ནི་ང་ལ་མཚོན་ན་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་དོན་དག་ཅིག་ཅི་ལ་མིན།

     སློབ་མགོ་བརྩམས་མ་ཐག་གཅིག་གྱུར་གྱི་སློབ་ལྭ་གོན་ཞིང་སློབ་སྐབས་སྐབས་གསར་བར་རེ་བ་གསར་བ་དང་ཡིས་ཆེས་གསར་བ་ཞིག་བཅངས་འདུག་པའི་སློབ་མ་དག་ཚང་ཁ་ཤིག་ཤིག་གིས་རང་རང་གི་ས་ན་མིང་ཐོ་འགོད་བཞིན་འདུག  སྣང་ཚུལ་འདི་རིག་ན་མི་ལོ་གསུམ་བཞིའི་སྔོན་གྱི་ང་རང་ཚོའི་སློབ་འབྲིང་གི་ལོ་ཟླ་དེ་ཡིད་ལ་་ལེར་དྲན་ཡོང་།  སློབ་མགོ་རེ་རྩོམ་ལ་ཡོད་དུས་ང་ཚོའི་སློབ་གྲོགས་ཚོའི་གྲས་ན་བསམ་པའི་ཁྱེར་ཕྱོགས་མི་འདྲ་བ་མང་དུ་ཡོད་དེ།ལ་ལས་ཐེངས་འདིའི་སློབ་སྐབས་ལ་སློབ་སྦྱོང་ལེགས་པོ་ཞིག་བྱས་ནས་རྒྱུགས་འབྲས་དགའ་ཞིག་ལེན་འདོད་པའི་ཆོད་སེམས་བཅངས་ནས་ཡོད་ལ།ལ་ལས་གུང་གསེང་གི་ལས་བྱ་བྲིས་ཚར་མེད་པས་འཇིགས་དངངས་སྐྱེས་ནས་ཡོད།ལ་ལས་རང་ཉིད་སློབ་གྲྭ་ལ་གཏན་ནས་འགྲོ་འདོད་མེད་མོད་དུས་རབས་ཀྱི་རྗེས་སུ་སྙེག་པའི་རླབས་རྒྱུན་དང་ཕ་མ་ཚོའི་བསམ་ཚུལ་དང་བཀོད་སྒྲིག་ནང་བཞིན་སློབ་གྲྭར་ཡོང་བཞིན་པ་ཡང་ཡོད།གང་ལྟར་དེ་དུས་ཚང་མ་དགའ་དགའ་སྤྲོ་སྤྲོའི་ངང་ནས་ཡོང་མཁན་ཉུང་།དེ་ནི་རྒྱུ་མཚན་ཅིའི་ཕྱིར་ཡིན་པ་མི་ཤེས་མོད་སློབ་གྲྭ་ནས་སྒོར་འབུད་དུས་ཀྱི་འཛུམ་མདངས་དང་སློབ་གྲྭར་ཚོགས་དུས་ཀྱི་སྐྱོ་སྣང་དེ་ལྟ་བུ་ཞིག་གང་ནས་ཡོང་བ་ཡིན།དེ་ནི་ངོ་མ་བསམ་གཞིག་བྱེད་དགོས་པ་ཞིག་རེད་སྙམ།དེ་དུས་ང་ཚོའི་སློབ་དེབ་མང་ཆེ་བ་བོད་ཡིག་རྐྱང་རྐྱང་གིས་ཁྲིད་བཞིན་ཡོད་ལ་བོད་ཡིག་གི་ཆུ་ཚད་བཟང་བའི་སློབ་གྲོགས་དག་བསླབ་ཚན་གཞན་པ་ཚོར་ཡང་དེ་བསྟུན་གྱིས་བཟང་།འོན་ཀྱང་ད་བར་སློབ་དེབ་མང་ཆེ་བ་རྒྱ་ཡིག་ཏུ་བསྒྱུར་ཟིན་པས་སྐབས་དེའི་ང་ཚོའི་གནས་ཚུལ་དེ་ལས་ལྡོག་སྟེ་རྒྱ་ཡིག་གི་ཆུ་ཚད་བཟང་བའི་སློབ་གྲོགས་དག་དེ་བསྟུན་གྱིས་བསླབ་ཚན་གཞན་པ་ཚོར་ཡང་བཟང་བའི་ཚོད་དུ་གདའ།དེ་བས་ངས་སློབ་གྲོགས་ཚོར་བོད་ཡིག་གཏན་ནས་འདོར་མ་ཉན་པ་དང་རྒྱ་ཡིག་ལ་ཧུར་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན།

  རང་ཉིད་ཀྱི་རེ་འདུན་དང་སློབ་གྲྭའི་བཀོད་སྒྲིག་ནང་བཞིན་དུ་ང་རང་འཛིན་གྲྭ་གཅིག་གི་སྐད་ཡིག་དགེ་རྒན་དུ་ཚགས་རྒྱབ་སོང་། འདི་ནི་ང་ལ་མཚོན་ན་ཤིན་ཏུ་ཐོབ་འདོད་ཆེ་བའི་གོ་སྐབས་ཤིག་གམ་ཡང་ན་རང་ཉིད་ཀྱིས་ཤིན་དུ་བསྒྲུབ་བསམ་པའི་དོན་དེ་ཡིན་པས་དགའ་སྤྲོ་ཆེན་པོ་སྐྱེས་སོང་།སྤྱིར་ན་དགེ་རྒན་ཞེས་པའི་མིང་བྱང་ལྗིད་མོ་འདི་འཁུར་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན་ཏེ།དེ་ལ་གཙང་མཁས་གཞན་ལ་ཕན་པར་འདོད་པའི་མཚན་ཉིད་ཚང་དགོས་ལ།སྒོ་གསུམ་དགེ་ལ་སྦྱོར་ཞིང་འཁྲིད་བྱའི་སློབ་མ་རྣམས་ལས་བསླབ་པ་རྒན་པ་སོགས་ཀྱི་བླང་བྱ་དང་ཆ་རྐྱེན།འགན་འཁྲི་གང་གི་ཆ་ནས་ཀྱང་ཤིན་ཏུ་ནས་ཀྱང་དཀའ་བའི་ཚོད་དུ་གདའ་མོད།ལྷག་བསམ་དཀར་པོ་ཞིག་གི་ཀུན་སློང་དང་བོད་རང་གི་སྐད་ཡིག་རིག་གནས་ལ་ཞེན་པའི་དུང་བ།ནམ་ཡང་ཧུར་བརྩོན་བྱེད་དགོས་པའི་ཆོད་སེམས་སོགས་ཀྱིས་ཀུན་ནས་བསླང་སྟེ་སྐད་ཡིག་དགེ་རྒན་ཞིག་བྱེད་པའི་སྤོབས་པ་སྐྱེས་སོང་།

      ཉིན་གཉིས་གསུམ་ཙམ་ལ་སློབ་ཁྲིད་བྱས་རྗེས་ང་ལ་གཞི་ནས་སེམས་ཚོར་དང་རྟོགས་སད་ཡ་མཚན་ཞིག་བྱིན་སོང་།དེ་ནི་ཆེས་ཐོག་མར་ཁྲིད་སྟེགས་སྟེང་ལ་མ་བུད་པའི་ཡར་སྔོན་ལ་ང་ལ་རང་གིས་ཤེས་པའི་ཤེས་བྱ་ཕྲན་ཙམ་པོ་དེ་ཚང་མ་ལ་ངོམ་འདོད་ཀྱི་ང་རྒྱལ་ཞིག་ཡོད་རུང་ཉིན་གཉིས་གསུམ་རིང་སློབ་ཁྲིད་བྱས་རྗེས་ང་ལ་རང་ཉིད་ཀྱི་ཆུ་ཚད་ནི་ནི་ད་རུང་ཆེས་དམའ་བའི་དོང་ནང་ཞིག་ན་གནས་པ་ཚོར་བྱུང་།སྔོན་ཆད་རང་ཉིད་འཛིན་གྲྭ་དང་སློབ་གྲོགས་སོགས་ཀྱི་གྲལ་ན་གནས་དུས་ཅུང་ཙམ་ཡིན་མདོག་དང་ཁས་འཆེས་ཀྱི་རྣམ་པ་གང་མང་བསྟན་རུང་ད་ལྟ་འདི་ལྟར་ཁྲིད་སྟེགས་སྟེང་ལ་བུད་ན་རང་ཉིད་ལ་སློབ་ཚན་གང་ཡང་རུང་བ་ཞིག་སྟབས་བདེའི་ངང་ཁྲིད་པའི་ཆུ་ཚད་ཅིག་ཡོད་ནའང་དེ་ཁ་གསལ་གོ་བདེའི་སྒོ་ནས་ཁྲིད་པའི་ཐབས་ཤེས་ཐད་ནས་མི་འདང་བ་ཚོར་བྱུང་།གཞན་ཡང་སློབ་མ་རྣམས་ལ་ཚིག་འགྲེལ་དང་དོན་འགྲེལ་སོགས་རྒྱག་དུས་ཐ་སྙད་ཀྱིས་མི་འདང་བ།རྒྱུན་ཤེས་ཀྱིས་མི་འདང་བ།བློར་འཛིན་གྱིས་མི་འདང་བ།ཉམས་མྱོང་ནི་བཤད་ཅི་དགོས།སློབ་སྦྱོང་དང་དཔེ་ཀློག་གིས་མི་འདང་བ་སོགས་གནད་དོན་མང་པོ་ལ་ཐུག་སོང་།འདི་དག་ལས་ད་གཟོད་ངས་སློབ་མའི་དུས་སུ་དགེ་རྒན་ནི་ཇི་འདྲའི་ལས་སླ་མོ་ཞིག་རེད་ཨང་སྙམ་པའི་འདུ་ཤེས་དེ་འགྱུར་སོང་། ང་རྒྱལ་དེ་བཅོམས་སོང་།  ད་དུང་ལས་བྱར་བལྟ་བ་དང་བློར་འཛིན་ལ་ཞིབ་བཤེར་ཞིབ་བྱེད་པ།རྩོམ་ཡིག་དག་བཅོས་བྱེད་པ།སློབ་མའི་ཆུ་ཚད་མ་འདྲ་བ་ལ་གཞིགས་ནས་ཁྲིད་ཐབས་བཙལ་བ།སློབ་མ་ལ་འགན་འཁུར་བའི་དགེ་རྒན་ཞིག་ཡིན་ན་འདི་དག་རེ་རེའི་ཁྲོད་ན་བགྲང་མི་ཚར་བའི་གནད་དོན་རེ་རེ་ཡོད་ལ།དེ་དག་རེ་རེ་ཐག་གཅོད་པའི་ནུས་པ་དང་ཐབས་ཤེས་ཅི་ནས་ཀྱང་ཡོད་དགོས།སློབ་མའི་དུས་སུ་རང་རང་གི་འགན་ཁུར་ཙམ་པོ་བ་དེ་འགྲུབ་ཚེ་ལས་འགན་རྫོགས་སོང་བར་འདོད་ནས་རྟག་ཏུ་རྣམ་གཡེང་གི་དབང་དུ་འགྲོ་བ་ལས་དགེ་རྒན་ལ་དེ་ལྟ་བུའི་སེམས་ཚེག་དང་ལས་འགན།གནད་དོན་གང་མང་ལ་ཕྲད་འདུག་པ་ཡེ་ནས་མ་ཚོར།

      འཚོ་བའི་ཕྱོགས་ནས་རང་ལ་དཀའ་ཁག་དང་སྡུག་བསྔལ།མི་སྐྱིད་པའི་དོན་དག་ཅི་ཞིག་བྱུང་རུང་སློབ་ཁང་དུ་ཐོན་རྗེས་དེ་དག་ཐམས་ཅད་རྗེད་དུ་བཅུག་ནས་འཛུམ་མུལ་མུལ་གྱིས་སློབ་མ་རྣམས་ལ་ནམ་རྒྱུན་བཞིན་སློབ་ཁྲིད་ལེགས་པོ་རེ་བྱེད་རྒྱུ་གལ་ཆེན་པོ་ཡིན།ཕྱི་རོལ་ཁོར་ཡུག་གིས་ཤན་ཞུགས་པའི་ནག་ནོག་གི་སེམས་ཁམས་དེ་དྭངས་གཙང་གི་སློབ་ཁང་ནང་དུ་གཏན་ནས་འཁྱེར་ཡོང་མི་ཉན།སྤྱིར་མ་གཞི་རང་ཉིད་ཀྱི་སེམས་ཁམས་ཤིན་ཏུ་སྐྱིད་ཀྱང་སློབ་ཁྲིད་སྐབས་སུ་སློབ་མ་རྣམས་ཀྱིས་ཁ་ལེན་ཚིག་བརྩི་མི་བྱེད་པར་ཁོང་ཁྲོ་བསླང་སྟེ་སེམས་ཁམས་ཉོག་ཏུ་གཏོང་དུས་ཀྱང་ཡོད།འདི་ལྟར་སེམས་ཁམས་བདེ་སྡུག་གི་ཆ་ནས་བལྟས་ན་ཡང་དགེ་རྒན་ནི་དེ་འདྲའི་ལས་སླ་མོ་ཞིག་གཏན་ནས་མ་རེད།འོན་ཀྱང་སློབ་མའི་དུས་སྐབས་སུ་དགེ་རྒན་ནི་ཇི་འདྲའི་བདེ་སྐྱིད་ལྡན་པ་ལའང་སློབ་ཁྲིད་ཇི་ལྟར་བྱེད་པ་རང་ཉིད་ཀྱི་རང་དབང་དང་སློབ་མར་གཅར་བསམ་དུས་གཅར་ན་ཆོག་པ་དང་གཅར་མི་བསམ་དུས་མི་གཅར་བ་སོགས་ལོག་ལྟ་མང་པོ་སྐྱེས་མྱོང་།ད་ལྟ་ཕྱིར་འདང་རེ་རྒྱབ་ན་བཀའ་བཀྱོན་བཙན་པོ་རེ་གནང་བ་དང་ལུས་ཆད་ཅུང་ཙམ་རེ་གཅོད་པ་ཐམས་ཅད་རང་ཅག་སློབ་བུ་ཚོའི་དོན་ཤ་སྟག་ཡིན་པ་གཞི་ནས་ཧ་གོ་ཡོང་།དུས་སྐབས་སུ་དགེ་རྒན་གྱི་སེམས་ཁམས་ལ་འདང་རྒྱག་པའི་བློ་ཞིག་གཏན་ནས་སྐྱེས་མ་མྱོང་།

      འདི་ལྟར་ཟླ་ངོ་གཉིས་གསུམ་ཙམ་གྱི་རིང་ལ་དགེ་རྒན་གྱི་གཟུགས་བརྙན་ཙམ་བཟུང་བའི་མྱོང་སྣང་ལས་ད་གཟོད་སློབ་མའི་སྐབས་སུ་སློབ་མའི་མིག་ལམ་གྱི་དགེ་རྒན་དང་དགེ་རྒན་གྱི་སྐབས་སུ་དགེ་རྒན་རང་གི་སེམས་ཀྱི་རང་ཉིད་ལ་ཁྱད་པར་ཆེན་པོ་ཡོད་པ་རྟོགས་སོང་།ད་དུང་སློབ་མའི་དུས་སྐབས་ཀྱི་རང་ཉིད་དང་ད་ལྟ་དགེ་རྒན་གྱི་མིག་ ནང་གི་སློབ་མ་སོགས་ལ་ཁྱད་པར་དང་མི་འདྲ་ས།སྡུར་བ་བྱེད་རྒྱུ་མང་པོ་ཡོད།དགེ་སློབ་ཅེས་པ་ནི་མ་གཞི་ནས་མཐོ་དམན་རྐྱང་རྐྱང་གིས་དབྱེ་བ་འབྱེད་དགོས་པ་ཞིག་མིན་པར་སྙམ།མཐའ་གཅིག་ཏུ་འདྲ་མཉམ་གྱི་ལྟ་ཚུལ་ཡང་འཛིན་མི་འོས་ཏེ་དགེ་རྒན་མཐོ་དྲག་པ་དང་སློབ་མ་དམའ་དྲག་པ་ཞིག་ཅིས་ཀྱང་བྱེད་མི་ཉན།ཆེས་གཙོ་བོ་སློབ་མ་རྣམས་ལ་འགྲོགས་འདྲིས་བྱེད་རྒྱུ་གལ་ཆེན་པོ་རེད་བསམ།དགེ་རྒན་རྣམས་ཀྱང་སློབ་མ་ཚོའི་འཚོ་བའི་ནང་དུ་ཚབས་ཞུགས་བྱས་ན་ཁོ་ཚོའི་གཤིས་ཀ་ལ་རྒྱུས་ལོན་བྱེད་པ་དང་ཁོ་ཚོའི་སེམས་ཁམས་ལ་རྒྱུས་ལོན་བྱེད་པ།ཁོ་ཚོའི་དགའ་ཕྱོགས་ལ་རྒྱུས་ལོན་སོགས་བྱས་ན་དགེ་སློབ་ཀྱི་འབྲེལ་བ་ཇེ་བཟང་དུ་གཏོང་ཐུབ།དེ་ལྟར་བྱས་ཚེ་སློབ་མ་རྣམས་དགེ་རྒན་གྱི་སྟེང་ལ་བརྩེ་བ་ཆགས་ཐུབ་པ་དང་བསྟུན་ནས་དགེ་རྒན་གྱིས་བཤད་པའི་སྐད་ཆ་གང་ཞིག་ཡིན་ཡང་ཁོ་ཚོས་སེམས་གཏིང་ནས་དང་ལེན་བྱེད་ཐུབ་པ་དང་ཁ་ལེན་ཚིག་བརྩི་བྱ་ངེས་པ་རེད

      འདི་ནི་ཐེངས་འདིའི་དངོས་སྦྱོང་གི་གོ་སྐབས་བརྒྱུད་དེ་དགེ་རྒན་གྱི་གཟུགས་བརྙན་ཙམ་འཛིན་ཁུལ་བྱས་པའི་མྱོང་སྣང་ཕྲན་ཙམ་ཡིན་པ་ལས་རིག་གཞུང་གང་ཞིག་གི་དཔྱད་པ་དང་སློབ་གསོའི་ལམ་ལུགས་ཟེར་བའི་ཐ་སྙད་ལྕི་མོ་དག་གི་སྡོམ་ཚིག་དང་ཐག་གཅོད་ཅིས་ཀྱང་མིན་ལ་འོས་ཀྱང་མི་འོས།སླད་མར་ལས་དང་སྐལ་བ་བཟང་ན་དོན་དང་མཐུན་པའི་སྐད་ཡིག་དགེ་རྒན་ཞིག་ཏུ་འགྱུར་བར་སྨོན་ལམ་བཏབ་པའོ།


版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!




卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章