ཁོང་གིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུད་དུ་རྟོག་ཞིབ་གནང་བ།

政务   2024-10-25 08:53   西藏  


ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུད་དུ་རྟོག་ཞིབ་གནང་སྐབས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་།


    སྤྱི་ཚེས་23ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲང་གིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུད་དུ་རྟོག་ཞིབ་གནང་སྟེ། ཡིག་བསྐུར་ངོ་བཅར་ལས་བྱེད་ལས་བཟོ་ཚོར་འཚམས་འདྲི་གནང་བ་དང་། ཡིག་བསྐུར་ངོ་བཅར་གྱི་དོ་གནད་དཀའ་གནད་དང་ཡིག་བསྐུར་ངོ་བཅར་ལས་དོན་གནས་ཚུལ་སོགས་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་།    ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། དུས་རབས་གསར་པའི་ཡིག་བསྐུར་ངོ་བཅར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་། ལས་འགན་སྒྲུབ་སེམས། དགོས་གཏུག་གི་བསམ་པ་བཅས་ཆེ་རུ་ཏན་ཏིག་གཏོང་བ།  ཡིག་བསྐུར་ངོ་བཅར་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་བ་བཅས་བྱས་ནས་ཡིག་བསྐུར་ངོ་བཅར་ལས་དོན་ཡག་པོ་སྒྲུབ་དགོས།

འདི་ནི་ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུད་དུ་རྟོག་ཞིབ་གནང་བཞིན་པ།

     ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། རྫོང་ཁག་དང་(ཆུས། གྲོང་ཁྱེར)ཚན་པ་ཁག་གིས་ཡིག་བསྐུར་ངོ་བཅར་གྱི་ལས་ཀ་དེ་ཏང་གི་མང་ཚོགས་ལས་ཀའི་གྲུབ་ཆ་གལ་ཆེན་ཞིག་དང་། སྒོ་རྩར་སྐྱེལ་བའི་མང་ཚོགས་ཀྱི་ལས་ཀ་ཞིག་ཏུ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ་དང་། “དོན་དག་ཐག་གཅོད་བྱེད་རྒྱུ་”རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་འགོ་ཁྲིད་ཀྱིས་གྱོད་དོན་བདག་སྤྲོད་དང་།    དུས་བཀག་ནང་ཞུ་བཅར་ལ་སྣེ་ལེན།    ཧུར་བརྩོན་དང་རང་འགུལ་གྱི་རྩད་ཞིབ་ཐག་གཅོད་སོགས་ཀྱི་བྱེད་ཐབས་ནུས་ལྡན་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་།  སྤྲོ་སྣང་དང་སེམས་ཁུར། ཞིབ་ཚགས་བཅས་ཀྱི་སྒོ་ནས་ཡིག་བསྐུར་ངོ་བཅར་གྱི་ལས་ཀ་ལེགས་པར་སྒྲུབ་དགོས།  ཡིག་བསྐུར་ངོ་བཅར་ལས་དོན་གྱི་“སེམས་ཁམས་རིག་པ་”སློབ་སྦྱོང་ཡག་པོ་བྱས་ནས་མང་ཚོགས་ཀྱི་དོགས་གཞི་དང་ཐེ་ཚོམ་སེལ་བའི་ལས་དོན་ཧུར་ཐག་དང་རང་འགུལ་ངང་ལེགས་པར་བསྒྲུབ་དགོས། གཞན་སྡོད་སར་རང་འཇོག་པ་དང་ཐུགས་ཁུར་བྱེད་པ་དང་། འགན་འཁུར་བའི་རྣམ་འགྱུར་བཅས་ཀྱི་ཐོག་ནས་ཡིག་བསྐུར་ངོ་བཅར་གྱི་གྱོད་དོན་རེ་རེ་བཞིན་ནན་ཏན་གྱིས་ལེགས་པར་བསྒྲུབས་ཏེ།  བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱེད་པ་དང་།  ཡིག་བསྐུར་ངོ་བཅར་དུས་ཐོག་ཏུ་བདག་སྤྲོད་བྱེད་ཚད་དང་།  དུས་ཐོག་ཏུ་ཞིབ་གཅོད་བྱེད་ཚད།  མང་ཚོགས་བློ་ཡིད་ཚིམ་ཚད་བཅས་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་དགོས།     

 
    ཡིག་བསྐུར་ངོ་བཅར་ལས་ཀ་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུ་རྒྱུན་འཁྱོངས་བྱེད་དགོས།  ཁྲིམས་སྐྱོང་གི་བསམ་གཞི་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་ཡིག་བསྐུར་ངོ་བཅར་གྱི་ལས་ཀ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ནས་“གནད་འཁེལ་གསུམ་དང་ཐག་གཅོད་གཅིག་”ཐུབ་པ་དང་།  ཡིག་བསྐུར་ངོ་བཅར་གྱི་གནད་དོན་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་དུས་ཐོག་ཏུ་ཐག་གཅོད་འོས་ཤིང་འཚམ་པ་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས།      
    འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།   འགག་སྒོ་མདུན་སྤོ་དང་གཙོ་གནད་གཤམ་དུ་འཇོག་པ་རྒྱུན་འཁྱོངས་དང་།  ངོ་བཅར་དང་འབྲེལ་བ་ཡོད་པའི་འགལ་བ་དང་རྩོད་གཞི་གྲལ་བཤེར་མཐུན་སྦྱོར་ཐག་གཅོད་བྱེད་པའི་ལམ་སྲོལ་རྒྱུན་རྣམ་ཅན་དུ་དོན་འཁྱོལ་བྱས་ཏེ།    གཞི་རིམ་དུ་ཟབ་འཇུག་དང་ལས་ཡུལ་དངོས་སུ་ཟབ་འཇུག  མི་དམངས་ཀྱི་གནས་ཚུལ་འདྲི་ཞིབ། གནས་ཚུལ་དངོས་ལ་རྟོག་ཞིབ། གཞི་གྲངས་མཐིལ་རྟོགས་བཅས་བྱེད་པ་དང་།    མགོ་འབུས་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་བྱས་ཏེ། འགལ་བ་གཞི་རིམ་དུ་ཐག་གཅོད་དང་།    གནད་དོན་འབྱུང་རྩ་ནས་ཐག་གཅོད་ཏན་ཏིག་བྱ་དགོས།    
    སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།    ཡིག་བསྐུར་ངོ་བཅར་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་།  ཏང་སྲིད་ཀྱིས་འགན་འཁྲི་གཅིག་མཚུངས་འཁུར་བ།  ལས་གནས་གཅིག་ལ་འགན་འཁྲི་གཉིས་འཁུར་བ།  ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་དགོས།  ཡིག་བསྐུར་ངོ་བཅར་སྐོང་བསྡུ་བྱེད་མཁན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་དུས་བཀག་ནང་ཡིག་བསྐུར་ངོ་བཅར་ལས་དོན་གྱི་བྱ་བ་སྤྱི་འདོམས་མཐུན་སྦྱོར་བྱེད་པ་དང་།  ཡིག་བསྐུར་ངོ་བཅར་གྱི་མངོན་གསལ་དོད་པའི་གནད་དོན་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ།  ལྟ་སྐུལ་དང་སྐུལ་འདེད་གཏོང་བ་བཅས་བྱས་ནས་གནད་དོན་དུས་ཐོག་ཏུ་ཐག་གཅོད་དང་མི་མངོན་པའི་རྐྱེན་རྩ་དུས་ཐོག་ཏུ་སེལ་རྒྱུ་འགན་ལེན་བྱེད་དགོས།      
    དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས།     ཡིག་བསྐུར་ངོ་བཅར་ལས་ཀ་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་།《ཡིག་བསྐུར་ངོ་བཅར་ལས་ཀའི་སྲོལ་ཡིག་》སོགས་འབྲེལ་ཡོད་ཁྲིམས་སྲོལ་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཏེ་ལས་དོན་ཁྲིམས་ལྟར་སྒྲུབ་པ་དང་། གནད་དོན་ཐུག་ཚེ་ཁྲིམས་འཚོལ་བ།  གནད་དོན་ཐག་གཅོད་བྱེད་པར་བཅའ་ཁྲིམས་སྤྱོད་པ།    འགལ་བ་སེལ་བར་བཅའ་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་སྐྲུན་དགོས།    
    ཡིག་བསྐུར་ངོ་བཅར་ཚན་པའི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།     རིགས་པའི་གཞུང་ལུགས་དང་ལས་སྒོའི་ཤེས་བྱ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་བྱས་ཏེ་ཡིག་བསྐུར་ངོ་བཅར་ལས་སྒོ་སྒྲུབ་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།  ཡིག་བསྐུར་ངོ་བཅར་ལས་བྱེད་པའི་ལས་སྒོའི་གསོ་སྦྱོང་དང་ལག་ལེན་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་དགོས།     ཡིག་བསྐུར་ངོ་བཅར་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས་ལས་དོན་དང་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་རོགས་བྱེད་དགོས།     
 

  གྲོང་ཨུད་རྒྱུན་ཨུ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཀྲ་ཤིས་ཕུན་ཚོགས་དང་། གྲོང་སྤྱི་གཞོན་པ་ཧན་ལེང་ལྷན་དུ་ཞུགས་ཡོད་པ་རེད།

ཡེ་ཤེས་བཟང་མོས་བསྒྱུར། བསོད་བསྟན་དང་བསོད་དོན་གྱིས་ཞུས།


   

ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།   ཡེ་ཤེས་བཟང་མོ། 

ཞུ་དག  བསོད་ནམས་དོན་གྲུབ།

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章