སྐབས་དོན་གསར་འགྱུར། 〔༢༠༢༤.༡༡.༡༨〕

政务   2024-11-19 18:30   西藏  




བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད།


བསམ་གྲུབ་ཚེ་རིང་གིས་ངོ་བཅར་ལ་ཡོང་མཁན་མང་ཚོགས་ལ་སྣེ་ལེན་གནང་བ།

ཟླ་11ཚེས་15ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་མི་དམངས་མང་ཚོགས་ཀྱི་ཡིག་འབུལ་ངོ་བཅར་སྣེ་ལེན་ཁང་དུ་ཕེབས་ནས་ས་གནས་ས་ཐོག་ཏུ་ངོ་བཅར་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུས་གནང་བ་དང་འབྲེལ་མང་ཚོགས་ཀྱི་རེ་ཞུར་ལན་རྒྱག་པ་དང་ཐག་གཅོད་གནང་བ་རེད། ཁོང་གིས་མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་མཐར་ཕྱིན་བྱེད་དགོས་པ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱེད་པ། འབྱུང་རྩ་ནས་སྔོན་འགོག་བྱ་རྒྱུར་སྣང་ཆེན་བཅས་ཀྱི་ཐོག་ནས་ཡིག་བསྐུར་ངོ་བཅར་ལས་དོན་གྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཐོག་དམངས་ཀྱི་འདོད་འདུན་དང་མཐུན་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་སེམས་ལ་དྲོ་སྐྱིད་སྤྲོད་པ་བཅས་ཀྱི་ལས་དོན་དག་མང་ཚོགས་ཀྱི་སེམས་ལ་ཟུག་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ངོ་བཅར་སྣེ་ལེན་གནང་རིང་། བསམ་གྲུབ་ཚེ་རིང་གིས་ཡིག་བསྐུར་ངོ་བཅར་བྱེད་མཁན་མང་ཚོགས་ཁག་གསུམ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་གནང་བ་དང་། མང་ཚོགས་ཀྱི་རེ་ཞུ་ནན་ཏན་ངང་གསན་པ་དང་འབྲེལ་ཡོད་གནས་ཚུལ་འདྲི་རྩད་ཞིབ་ཕྲ་གནང་བ་མ་ཟད། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་གནས་ས་ཐོག་ཏུ་གནད་དོན་གྱི་འགག་རྩར་དབྱེ་ཞིབ་དང་ཐག་གཅོད་བྱ་ཐབས་ལ་ཞིབ་འཇུག་གནང་ནས་ཐག་གཅོད་བསམ་འཆར་དང་ཐག་གཅོད་དུས་བཅད་ཁ་གསལ་བཟོས་གནང་བ་རེད།
བསམ་གྲུབ་ཚེ་རིང་གིས་ནན་བཤད་གནང་དོན། ཡིག་བསྐུར་ངོ་བཅར་ནི་སྒོ་རྩར་བསྐྱལ་བའི་མང་ཚོགས་ཀྱི་ལས་དོན་ཞིག་ཡིན་ལ་སྤྱི་ཚུལ་དམངས་འདུན་ཞུ་བའི་ལས་དོན་ཞིག་ཀྱང་ཡིན་པས། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། མི་སྡོད་སར་རང་ཉིད་སྡོད་པའི་བསམ་བློའི་ཐོག་ནས། “འབངས་ཀྱི་བདེ་སྡུག་རང་གིས་སྒྲུབ་པ་”དང་། “ཞུ་འབུལ་འཕྲལ་མར་སྒྲུབ་པ་”བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་འཛིན་པ། ཁ་ཞེ་གཉིས་མེད་ཀྱིས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བཅས་བྱེད་དགོས། འབྱུང་རྩ་ནས་འགོག་ཟོན་བྱེད་པར་དོ་སྣང་དང་། འགག་སྒོ་མདུན་སྤོས་ཀྱིས་གཙོ་གནད་གཤམ་སྒྱུར་བྱ་རྒྱུ་མཐའ་འཁྱོངས། ཡིག་བསྐུར་ངོ་བཅར་གྱི་འགལ་ཟླ་གྲལ་བཤེར་ལ་ཤུགས་སྣོན་བཅས་ཀྱི་ཐོག་ནས་མང་ཚོགས་ལ་ཁྲིམས་ལྟར་ཚུལ་མཐུན་གྱི་རེ་འབོད་ཞུ་དགོས་པའི་ཁྲིད་སྟོན་བྱས་ཏེ། འགལ་བ་དང་རྩོད་གཞི་དག་གཞི་རིམ་ནས་སེལ་བ་དང་། ཐོན་མ་ཐག་སེལ་ཐུབ་པ་བྱ་དགོས།
ཡིག་བསྐུར་ངོ་བཅར་ཐེངས་དང་པོ་བྱེད་སྐབས་ཀྱི་ཐེངས་གཅིག་རང་བཞིན་གྱི་འདུམ་འགྲིག་ལས་དོན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ཡིག་བསྐུར་ངོ་བཅར་ཐེངས་དང་པོ་བྱེད་སྐབས་ཀྱི་འགན་འཁྲི་བདའ་འདེད་ལམ་སྲོལ་འཛུགས་པ། འགལ་བ་ཛ་དྲག་ཏུ་འགྲོ་བ་དང་། གནད་དོན་གསོག་འཇོག  ཡིག་བསྐུར་ངོ་བཅར་མང་དུ་འགྲོ་བ་བཅས་གཏན་འགོག་བྱེད་དགོས་པ། ཡིག་བསྐུར་ངོ་བཅར་ཐོག་མའི་ལས་དོན་སྒྲུབ་པའི་འགན་འཁྲི་ནན་དུ་གཏོང་དགོས། དབྱེ་ཞིབ་དང་དཔྱད་གཅོད་ལ་ཤུགས་སྣོན་རྒྱག་པ་དང་། ཡིག་བསྐུར་ངོ་བཅར་གྱི་གནད་དོན་མངོན་གསལ་ཅན་ལ་དམིགས་ཏེ། ཡིག་བསྐུར་ངོ་བཅར་གྱི་དམིགས་བསལ་གྱོད་གཞིའི་ཁྲོད་ནས་གཏིང་རིམ་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་། གནད་དོན་གྱི་འབྱུང་རྩ་གསལ་འཚོལ། ཐུན་མོང་རང་བཞིན་གྱི་ཆོས་ཉིད་ལ་ཕྱོགས་སྡོམ་བཅས་བྱེད་མཁས་པོ་བྱས་ཏེ། གནད་དོན་གཅིག་ཐག་གཅོད་བྱེད་པར་བརྟེན་ནས་གནད་དོན་རིགས་གཅིག་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། འདུ་ཤེས་དང་བསམ་ཕྱོགས་ལ་འགྱུར་ལྡོག་བཏང་ནས་དུས་རབས་གསར་པའི་ཡིག་བསྐུར་ངོ་བཅར་ལས་དོན་གྱི་འགྱུར་ལྡོག་གསར་པ་དང་ཁྱད་ཆོས་གསར་པ་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས་པ་དང་། “འགྱངས་ཆད་གཉིས”སོགས་ཀྱི་མངོན་གསལ་དོད་པའི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་ལ་དམིགས་པ། ཡིག་བསྐུར་ངོ་བཅར་ལས་དོན་གྱི་ཐབས་ལམ་གསར་པ་དང་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ། བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱེད་པ། རྒྱུན་ཆད་མེད་པར་དོན་བསྒྲུབ་ཚོད་ལྟ་བྱེད་པ། ཁྱབ་གདལ་དང་འདྲ་བཟོ་ཆོག་པའི་ཉམས་མྱོང་གསར་པ་གཏོད་པ་བཅས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས།

ངེད་གྲོང་ཁྱེར་གྱི་གཞི་རིམ་ལས་བྱེད་པའི་འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

ཟླ་11ཚེས་18ཉིན། ངེད་གྲོང་ཁྱེར་གྱི་གཞི་རིམ་ལས་བྱེད་པའི་འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཉི་མ་བསྟན་འཛིན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། གྲོང་ཨུད་རྒྱུན་ཨུ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཉི་མ་བསྟན་འཛིན་གྱིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་འཕྲལ་སྡོམ་དོ་དམ་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ནང་དོན་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་ནུས་པ་ཆེ་རུ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས། གཞི་རིམ་གྱི་ལག་ལེན་ལ་གཞི་ཚུགས་ཏེ་ཆབ་སྲིད་ཀྱི་ཞུན་བརྡར་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འགན་འཁྲི་སྒྲུབ་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། མ་མཐའི་མཚམས་ཐིག་གི་བསམ་བློ་མཐའ་འཁྱོངས་ཀྱིས་འགོག་ཟོན་དང་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས་པ། མཐུན་སྦྱོར་གཞོགས་འདེགས་བྱ་ཤུགས་ཆེ་རུ་གཏོང་བ་དང་དངོས་འཐབ་མཉམ་འགུལ་ནུས་པ་ཆེ་རུ་བཏང་ནས་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་དང་ཐག་གཅོད་ནུས་པ་དང་ཆུ་ཚད་ཆེ་རུ་གཏོང་དགོས། སློབ་སྦྱོང་དང་བེད་སྤྱོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་ཤུགས་ཆེན་བཏང་ནས་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་ཐུབ་པ། སྤྱོད་ཚུལ་མུ་མཐུད་ལེགས་སུ་གཏོང་བ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ལས་ཀའི་གྲུབ་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་གི་ཕན་འབྲས་ལ་ཞིབ་བཤེར་བཅས་བྱས་ཏེ་སློབ་སྦྱོང་དང་གསོ་སྦྱོང་ལ་ཕན་འབྲས་དངོས་ཐོབ་རྒྱུར་འགན་ལེན་བྱེད་དགོས། 

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་གསུམ་ཡིན་ཞིང་། དྲ་ཐོག་གི་རྣམ་པའི་ཐོག་ནས་སྤེལ་རྒྱུ་དང་། འབྲེལ་ཡོད་ཚན་པའི་འགན་འཁུར་བ་དང་རིགས་གཅིག་མཁས་ཅན་གདན་དྲངས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁ་ཕྲལ་ལ་ངོ་རྒོལ་འཐབ་རྩོད་བྱེད་པ། དྲ་རྒྱའི་གླེང་ཕྱོགས་ཤེས་རྟོགས་དང་ཐག་གཅོད། འཕྲལ་སྡོམ་དོ་དམ་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་ཐབས་གསལ་འགྲེལ། མེ་ཟོན་དོན་རྐྱེན་བརྟག་དཔྱད་ཐག་གཅོད། སྤྱི་པའི་བདེ་འཇགས་དོན་རྐྱེན་ལ་ཁ་གཏད་གཅོག་ཐབས་དང་ཐག་གཅོད་བཅས་ཕྱོགས་དྲུག་གི་ནང་དོན་ལ་དམིགས་ནས་ཆེད་དོན་ཟུར་ཁྲིད་བྱ་རྒྱུ་ཡིན་པ་རེད། 

གྲོང་ཁྱེར་དང་རྫོང(ཆུས་སམ་གྲོང་ཁྱེར)རིམ་པ་གཉིས་ཀྱི་ཐོན་སྐྱེད་བདེ་འཇགས་ཨུ་ལྷན་གྱི་ཁོངས་གཏོགས་ཚན་པའི་འགན་འཁུར་བ་དང་། ཤང་གྲོང(ཁྲོམ་གཞུང)ཏང་ཨུད་དང་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

ཨན་ཤིན་གོ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བརྗོད་དོན་གཙོ་བོ་བྱས་པའི་ཏང་གི་སློབ་ཚན་འཁྲིད་གནང་བ།

ཟླ་11ཚེས་18ཉིན། གྲོང་ཨུད་རྒྱུན་ཨུ། དྲུང་ཆེ་ཨན་ཤིན་གོ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་བརྗོད་བྱ་གཙོ་བོར་བྱས་ནས་གྲོང་ཨུད་གཞུང་དོན་ཁང་དང་། གྲོང་ཨུད་རྒྱལ་ཁབ་བདེ་འཇགས་གཞུང་དོན་ཁང་། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན། གྲོང་ཁྱེར་ལས་ཁུངས་ལས་དོན་དོ་དམ་ཅུས་བཅས་ཀྱི་ཏང་ཡོན་ལས་བྱེད་པར་ཆེད་དོན་ཏང་གི་སློབ་ཚན་འཁྲིད་གནང་བ་རེད།

སློབ་ཚན་ཐོག་ཨན་ཤིན་གོ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། སྒྱུར་བཅོས་ཁྲོད་བོད་ཀྱི་ལག་ལེན་གྱི་སྟོབས་ཤུགས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཕྱོགས་གསུམ་ལ་དམིགས་ནས་དོན་ཟབ་ལ་གོ་བདེ་བའི་གསལ་འགྲེལ་གནང་ཞིང་། ཁོང་གིས་གྲོང་ཨུད་གཞུང་དོན་ཁང་དང་། གྲོང་ཨུད་རྒྱལ་ཁབ་བདེ་འཇགས་གཞུང་དོན་ཁང་། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན། གྲོང་ཁྱེར་ལས་ཁུངས་ལས་དོན་དོ་དམ་ཅུས་བཅས་ཚང་མ་ནི་ཏང་གི་ལས་ཁུངས་དང་ཏང་གི་ལས་དོན་སྡེ་ཁག་གལ་ཆེན་ཡིན་པས། ཏང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་མདུན་གྲལ་དུ་སྐྱོད་དགོས་པ་དང་མིག་དཔེ་འདོན་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་ངོ་།།

ཡར་ཀླུང་བསྡུས་འཕྲིན།


ཉེ་ཆར། ལྷུན་རྩེ་རྫོང་གིས་རྫོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཏེ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་པ།
ཉེ་ཆར།  སྣེ་གདོང་ཆུས་ཀྱིས་སློབ་གྲྭའི་ནང་ནར་མ་སོན་པའི་མིར་བརྙས་བཅོས་གཏོང་རིགས་གཏན་འགོག་བྱེད་པའི་དྲིལ་བསྒྲགས་བྱས་པ།
ཉེ་ཆར། གོང་དཀར་རྫོང་གིས་ཞིང་འབྲོག་ཁུལ་གྱི་ཕུལ་བྱུང་གཞི་རིམ་ཏང་རྩ་འཛུགས་གཏོད་པའི་ས་གནས་ས་ཐོག་གི་ལྟ་སྦྱོང་སྤེལ་རེས་བྱས་པ།
ཟླ་11ཚེས་15ཉིན། སྣ་དཀར་རྩེ་རྫོང་གིས་རྫོང་ཨུད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

བསོད་ནམས་བསྟན་པས་བསྒྱུར། བསོད་ཡེ་བདེས་ཞུས།


 ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།   བསོད་ནམས་དོན་གྲུབ།

ཞུ་དག  ཡེ་ཤེས་བཟང་མོ།  བདེ་སྐྱིད་དཔལ་སྒྲོལ།

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章