བདེ་སྐྱིད་དང་ལྡན་པའི་བོད་ལྗོངས། བརྩེ་བས་ཕྱུག་པའི་ལྷོ་ཁ་ཞེས་པར་འབོད་པའི་རིག་གནས་ཡུལ་སྐོར་ཁྱབ་གདལ་བྱེད་སྒོ་ཐེ་ལན་དུ་གཉེར་བ།ཟླ་11པའི་ཚེས་18ཉིན། ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་བདེ་སྐྱིད་ལྡན་པའི་བོད་ལྗོངས། བརྩེ་བས་ཕྱུག་པའི་ལྷོ་ཁ་ཞེས་པར་འབོད་པའི་ཀྲུང་གོའི་བོད་རང་ལྗོངས་ལྷོ་ཁ་གྲོང་ཁྱེར་རིག་གནས་ཡུལ་སྐོར་དང་ཚོང་འགུག་མ་འདྲེན་(ཐེ་ལན)ཁྱབ་གདལ་བྱེད་སྒོ་ཐེ་ལན་པང་ཁོག་ཏུ་གཉེར་བ་རེད།བྱེད་སྒོ་སྤེལ་ཡུལ་དུ་བོད་འབྱུང་ལྷོ་ཁ་ཞེས་རྒྱ་ཡིག་ཡིག་འབྲུ་འཁོད་པའི་འགྲེམས་སྟོན་ཁུལ་དང་། པར་རྒྱག་དྲན་རྟེན་འཇོག་ཁུལ། རིག་གཏོད་འགྲེམས་འཚོང་ཁུལ། མངོན་མིན་རིག་གནས་ཤུལ་བཞག་རྒྱན་གོས་ཉམས་ལེན་ཁུལ། བོད་སྐད་ཡིག་སློབ་ཁྲིད། མངོན་མིན་རིག་གནས་ཤུལ་བཞག་རླུང་གཡབ་དཔེ་རིས་སོགས་ཁྱད་ལྡན་བྱེད་སྒོ་ཉམས་ལེན་ནང་དོན་ཕུན་སུམ་ཚོགས་པ་ཡོད་པས། ཐེ་ལེན་དུ་ཡུལ་སྐོར་དང་ཚོང་དོན་གཉེར་མཁན་མང་དག་གི་ཡིད་དབང་བཀུག་པ་མ་ཟད། ཐེ་ལན་གྲོགས་པོ་མང་དག་གིས་ལྷོ་ཁའི་ཁྱད་ལྡན་རིག་གནས་ལ་མྱོང་ཚོར་གང་ལེགས་ཐུབ་ཡོད་པ་རེད། ཐེ་ལེན་དུ་ད་དུང་རིག་གནས་ཡུལ་སྐོར་ཁྱབ་གདལ་ལྟེ་གནས་བཙུགས་ཡོད་པའི་ཁར། ཡུལ་སྐོར་མཉམ་ལས་སྤྱི་ཡོངས་ཀྱི་གྲོས་མཐུན་ཡི་གེ་བཞག་པ་དང་། ལྷོ་ཁའི་ཡུལ་སྐོར་ཐོན་ཟོག་ཞིབ་འཇུག་གསར་སྤེལ་དང་། ཡུལ་སྐོར་འགྲུལ་ཁུངས་བསུ་སྐྱེལ། ལན་པར་གསར་གཏོད་སོགས་ཕྱོགས་གང་མང་གི་ཐད་མཉམ་ལས་དེ་བས་ཟབ་པ་སྤེལ་རྒྱུ་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཁྱབ་གདལ་བྱེད་སྒོའི་ཕན་འབྲས་སྔར་བས་ཟབ་གཏོང་དང་། རིག་གནས་སྤེལ་རེས་དང་ཡུལ་སྐོར་འགྲུལ་ཁུངས་བསུ་སྐྱེལ་ལ་སྐུལ་འདེད་ཡག་པོ་གཏོང་ཆེད། ཐེ་ལན་གྱིས་ས་གནས་དེ་གའི་ཡུལ་སྐོར་ཚོང་དུད་སྒྲིག་འཛུགས་བྱས་ནས་བོད་ཀྱི་ལོ་གསར་རིང་ལྷོ་ཁར་ཡོང་སྟེ་ས་ཡུལ་དངོས་ནས་ཡུལ་སྐོར་ལམ་ཐིག་བརྟག་བཤེར་གྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་འབྲེལ། ས་གནས་ས་ཐོག་ནས་ལྷོ་ཁའི་ཐུན་མིན་མཛེས་ལྗོངས་དང་དམངས་སྲོལ་ཡུལ་ལུགས་ལ་ཉམས་ལེན་བྱ་རྒྱུ་ཡིན་པ་རེད། དུས་མཚུངས་སུ། ཐེ་ལེན་གྱི་ཆུ་རྩེད་དུས་ཆེན་རིང་། ལྷོ་ཁས་ས་གནས་དེ་གའི་ཡུལ་སྐོར་ཚོང་དུད་སྒྲིག་འཛུགས་བྱས་ཏེ་ཐེ་ལེན་པང་ཁོག་ཏུ་བསྐྱོད་ནས་ཡུལ་སྐོར་ལམ་ཐིག་བརྟག་བཤེར་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། དེ་ལས་ས་གནས་གཉིས་ཀྱི་རིག་གནས་སྤེལ་རེས་དང་ཐོན་ཁུངས་མཉམ་སྤྱོད། ཉོ་ཚོང་འགྲོ་འོང་བཅས་ཀྱི་དཔེ་གཞིའི་ཁྲིད་སྐུལ་འོག མཉམ་ལས་རྒྱུན་རིང་ཐུབ་རྒྱུར་རྨང་གཞི་སྲ་ཞིང་བརྟན་པ་ཞིག་བཏིང་ཡོད་པ་རེད།ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་མི་སྣས། ལྷོ་ཁ་གྲོང་ཁྱེར་གྱིས་ཐུན་མིན་གྱི་རང་བྱུང་མཛེས་ལྗོངས་དང་ཁྱད་ལྡན་རིག་གནས་ལ་བརྟེན་ནས་འཛམ་གླིང་ཡུལ་སྐོར་དམིགས་སའི་ཁྱད་ལྡན་ཁུལ་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བརྗོད་དོ། །
བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་བདེ་ཡེས་ཞུས།ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་དོན་གྲུབ།
ཞུ་དག ཡེ་ཤེས་བཟང་མོ། བདེ་སྐྱིད་དཔལ་སྒྲོལ།