@ལས་ཀ་འཚོལ་མཁན་ཚོས། གདན་ཞུའི་འདུ་ཚོགས་འདིར་དོ་སྣང་མཛོད།

政务   2024-11-16 15:24   西藏  

 

  ཉེ་ཆར། ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུད་ཀྱིས་སྤྱི་བསྒྲགས་སྤེལ་བར་གཞིགས་ན། 2024ལོའི་ཟླ་11པའི་ཚེས་15ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ནས་ཉིན་དགུང་ཆུ་ཚོད་1པོའི་བར། ལྷོ་ཁ་གྲོང་ཁྱེར་ཝེ་ཡུན་ཚན་རྩལ་རིག་གནས་ལྟེ་གནས་ཀྱི་ཐང་ཆེན་ཐོག 2024ལོའི་དགུན་དུས་ཆེད་དོན་གདན་ཞུའི་འདུ་ཚོགས་དེ་གཉེར་རྒྱུ་ཡིན་ཞིང་། གདན་ཞུའི་འདུ་ཚོགས་ནང་། ཁེ་ལས་སྡེ་ཚན་85ཡིས་ལས་ཞུགས་ལས་གནས་ཁ་གྲངས་1207མཁོ་འདོན་བྱ་རྒྱུ་རེད། དེ་དུས་རྒྱ་ཆེའི་ལས་ཀ་འཚོལ་མཁན་ཚོས། རང་ཉིད་ཀྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དང་། སློབ་ཐོན་ལག་ཁྱེར། སློབ་གནས་ལག་ཁྱེར། རྩལ་ནུས་རིམ་པའི་དཔང་ཡིག་སོགས་འཁྱེར་ནས་གདན་ཞུའི་ནང་ཧུར་ཐག་ཞུགས་རྒྱུའི་རེ་སྒུག་འཆང་འདུག 

  བློ་འདྲིའི་ཁ་པར། 0893-7663886(ལྷོ་ཁ་གྲོང་ཁྱེར་ཤིན་ཏཱ་མི་རྒྱུན་ཐོན་ཁུངས་ཞབས་ཞུ་ཚད་ཡོད་ཀུང་སི)



ཞིབ་ཕྲའི་ལས་གནས་ཆ་འཕྲིན་གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་ནས་ལྟ་རོགས།



ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།   བདེ་སྐྱིད་དཔལ་སྒྲོལ།

ཞུ་དག  ཡེ་ཤེས་བཟང་མོ། བསོད་ནམས་དོན་གྲུབ། 

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章