སྐབས་དོན་གསར་འགྱུར།〔༢༠༢༤.༡༡.༢༡〕

政务   2024-11-21 18:30   西藏  




བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོའི་ཆེའི་ཕུགས་འདུན་མངོན་འགྱུར་བྱེད།


གྲོང་ཁྱེར་ཐད་གཏོགས་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་སྐུལ་འདེད་ཚོགས་འདུ་དང་གསར་དུ་བསྐོ་བཞག་བྱས་པའི་ལས་བྱེད་པའི་མཉམ་སྡེབ་གླེང་མོལ་ཚོགས་འདུ་བསྐོང་འཚོགས་བྱས་པ།

ཟླ་11པའི་ཚེས་20ཉིན། གྲོང་ཁྱེར་ཐད་གཏོགས་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་སྐུལ་འདེད་ཚོགས་འདུ་དང་གསར་དུ་བསྐོ་བཞག་བྱས་པའི་ལས་བྱེད་པའི་མཉམ་སྡེབ་གླེང་མོལ་ཚོགས་འདུ་བསྐོང་འཚོགས་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་དགོངས་དོན་དང་མཆན་བཀོད་རྩོམ་ཡིག དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་འབྲེལ་ཡོད་གསུང་བཤད་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་ལས་ཀའི་གནས་ཚུལ་སྙན་ཞུ་གསན་ཐོག་འབྲེལ་ཡོད་མི་དོན་བསྐོ་འཐེན་གྱི་བརྡ་ཐོ་སྒྲོག་སྦྱངས་ཐོག དུས་མཚམས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།

གྲོང་ཨུད་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང་ཕན་ཀང་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་བ་རེད།

ཕན་ཀང་ཕིང་གིས་བླང་བྱ་བཏོན་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ཐད་གནང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དང་། ལྗོངས་ཏང་ཨུད་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཐད་བཏོན་པའི་མཛུབ་སྟོན་རེ་འདུན་དང་གྲོང་ཨུད་ཀྱིས་ཏང་སྲོལ་སྲིད་གཙང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་བཀོད་སྒྲིག་བཅས་ལ་རྒྱུས་མངའ་ཡང་དག་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་གྱི་བསམ་བློའི་རང་འགུལ་དང་། ཆབ་སྲིད་ཀྱི་རང་འགུལ། བྱ་སྤྱོད་ཀྱི་རང་འགུལ་བཅས་ལ་དམ་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། གཙོ་གནད་བརྒྱུད་རིམ་ལ་དམ་འཛིན་ཡག་པོ་བྱས་ཐོག ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་། ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་སྤྱོད་ཚུལ་ལ་འགྱུར་ལྡོག་དང་རུལ་སུངས་འགོག་བཅོས་ནུས་ལྡན། འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་བཅས་རྒྱུན་འཁྱོངས་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་དོན་འཁྱོལ་ལ་བརྟེན་ནས་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། ལོ་རྒྱུས་ཀྱི་རང་འགུལ་ཟབ་ཏུ་བཏང་སྟེ། རྩ་འཛུགས་ཀྱི་འགོ་ཁྲིད་དང་། མཉམ་འདྲེས་ཟུང་འབྲེལ། ལྟ་སྐུལ་དཔྱད་དཔོག དཔུང་ཁག་འཛུགས་སྐྱོང་། ཁོར་ཡུག་རྣམ་པ་འཛུགས་གཏོད་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་དགོས། བྱ་ཐབས་ནུས་ལྡན་ལ་བརྟེན་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་འདི་ཉིད་གཏིང་ཟབ་སར་ཁྲིད་སྐུལ་བྱེད་དགོས། གསར་དུ་བསྐོ་བཞག་བྱས་པའི་ལས་བྱེད་པས་ཡར་ཐོན་ལེགས་བརྩོན་གྱི་འདུ་ཤེས་དང་སྲིད་གཙང་རང་གཅུན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་བྱ་གཞག་སྔར་བས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་དེ་བས་ཡག་པ་གཏོང་དགོས།


ཡར་ཀླུང་བསྡུས་འཕྲིན།


ཉེ་ཆར། སྣ་དཀར་རྩེ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་དཔྱད་དཔོག་སྲིད་ཇུས་སྐོར་གྱི་གསོ་སྦྱོང་སྤྲས་པ།

ཉེ་དུས། འཕྱོངས་རྒྱས་རྫོང་གིས་ཡར་ཀླུང་ཞིབ་དཔྱོད་གླེང་སྟེགས་ཞེས་པར་འབོད་པའི་ཞིབ་དཔྱོད་ལས་སྒོའི་གསོ་སྦྱོང་སྤྲས་པ།

ཉེ་སྔོན། ཆུ་གསུམ་རྫོང་གིས་འཛད་སྤྱོད་དངོས་ཟོག་གསར་རྙིང་བརྗེས་པ་རྒྱག་པའི་དྲིལ་བསྒྲགས་ལས་སྒོའི་གསོ་སྦྱོང་བྱས་པ།
ཉེ་དུས། ལྷོ་བྲག་རྫོང་གིས་བརྗོད་དོན་གཙོ་བོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ལས་དོན་སྤེལ་བ།

ཉེ་སྔོན། གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་ལས་བཟོ་པའི་ཕིང་ཕང་སྤོ་ལོའི་འགྲན་བསྡུར་སྐབས་བཞི་པ་གཉེར་འགོ་ཚུགས་པ།

བསོད་དོན་གྱིས་བསྒྱུར། བསོད་བདེ་ཡེས་ཞུས།



ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།   བསོད་ནམས་དོན་གྲུབ།

ཞུ་དག  ཡེ་ཤེས་བཟང་མོ།  བདེ་སྐྱིད་དཔལ་སྒྲོལ།

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章