བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད།
བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་51སྐོང་འཚོགས་གནང་བ།
ཟླ་11པའི་ཚེས་12ཉིན། གྲོང་ཨུད་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་51སྐོང་འཚོགས་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》《དྲང་གཞག་འགྲན་རྩོད་ལ་ཞིབ་བཤེར་བྱེད་པའི་སྲོལ་ཡིག》 ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཨུད་བཅས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་དང་། རྨོ་ཞིང་སྲུང་སྐྱོང་། འབྲུ་རིགས་བདེ་འཇགས་བཅས་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཀྱི་ལས་དོན་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུ་གསན་པ་དང་། འབྲེལ་ཡོད་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།
གྲོང་སྤྱི་གཞོན་པ་ཡང་ཧུང་པིང་དང་འཇམ་དགའ། ཚེ་རིང་། ཀྲེན་ཁྲོན་ཅིང། ཕུན་ཚོགས། ལིའུ་ཙུང་ཁྲང་། ཧན་ལེའང་བཅས་ཚོགས་ཞུགས་གནང་བ་རེད།
བསམ་གྲུབ་ཚེ་རིང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་དང་། ཕུན་སུམ་ཚོགས་པའི་ནང་དོན་དང་། དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་ནས་སྒྱུར་བཅོས་ཀྱི་ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ་དང་། སྒྱུར་བཅོས་ཀྱི་ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པ། སྒྱུར་བཅོས་ཀྱི་འགན་འཁྲི་ཤུགས་ཆེར་གཏོང་བ། སྒྱུར་བཅོས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ། སྒྱུར་བཅོས་ཀྱི་ལས་འགན་རང་འགུལ་ངང་ངོས་འཛིན་བྱེད་པ། གཞི་རིམ་གྱི་གསར་གཏོད་ལ་སྣང་ཆེན་བྱེད་པ། ཉམས་མྱོང་དང་ལམ་བུ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ནས་སྒྱུར་བཅོས་ཀྱི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས།
བསམ་གྲུབ་ཚེ་རིང་གིས་བླང་བྱ་བཏོན་དོན། ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་གཏོང་དགོས་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པ། དམངས་སྲིད་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས་པ།གྲོང་ཁྱེར་བཅོས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ། གླིང་ཁུལ་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱེད་དགོས་པ། དམག་དཔུང་དང་ས་གནས་དབར་མཉམ་རོགས་བྱེད་ཤུགས་ཆེ་རུ་གཏོང་བ། སྐོར་ཞིབ་དག་ཐེར་ལ་དམ་འཛིན་ནན་པོ་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་དཔྱད་དཔོག་བསུ་བའི་ལས་དོན་ཡག་པོ་སྒྲུབ་དགོས་པ། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས་པ། ཐོན་སྐྱེད་བདེ་འཇགས་ལ་མཐོང་ཆེན་བྱ་དགོས་པ་བཅས་སོ།།
བསམ་གྲུབ་ཚེ་རིང་གིས་ནན་བཤད་གནང་དོན། མཐོང་ཆེན་བྱ་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་པ་དང་། སྔོན་འགོག་བྱ་རྒྱུ་དེ་འགག་རྩར་འཛིན་པ། ཁྲིམས་ལྟར་ལས་དོན་བསྒྲུབ་རྒྱུ་ལྟེ་བར་འཛིན་པ། འགན་འཁྲི་ཁ་གསལ་བཟོ་རྒྱུ་གཙོ་གནད་དུ་འཛིན་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་བྱ་རྒྱུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་བྱེད་ཤུགས་ཆེ་རུ་གཏོང་བ། ཚད་གཞི་དང་བླང་བྱ་མཐོ་པོས་རྨོ་ཞིང་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།།
གྲོང་ཨུད་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་ཀའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།
ཟླ་11ཚེས་13ཉིན། གྲོང་ཨུད་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་ཀའི་སྐུལ་སྤེལ་ཚོགས་འདུ་འཚོགས་ཏེ་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལས་དོན་ལ་ཕྱོགས་སྡོམ། ལྟ་སྐུལ་ཞིབ་བཤེར་གནས་ཚུལ་བརྡ་ཁྱབ་བཏང་ནས་དུས་མཚམས་རྗེས་མའི་ལས་འགན་ལ་བཀོད་སྒྲིག་བྱས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྒྱུར་བཅོས་གཞུང་དོན་ཁང་གི་ཀྲུའུ་རེན་ཉི་མ་བསྟན་འཛིན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། གྲོང་ཨུད་རྒྱུན་ཨུ། དྲུང་ཆེ། སྒྱུར་བཅོས་གཞུང་དོན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཨན་ཤིན་གོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཉི་མ་བསྟན་འཛིན་གྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་དུས་རབས་གསར་པར་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། སྔར་བས་རང་རྟོགས་ཀྱི་སྒོ་ནས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་བཀུར་དང“སྲུང་སྐྱོང་གཉིས”ཐུབ་པ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་ཁྲིད་ཁ་ཕྱོགས་བརྒྱུད་དཔའ་ངར་ཆེན་པོས་མདུན་སྐྱོད་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། གྲོང་ཨུད་སྐབས་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། སྔར་བས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་རྩ་དོན་གལ་ཆེན་དང་། བྱ་ཐབས་དང་ཐབས་ལམ། བླང་བྱ་གལ་ཆེན་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་བློ་བརྟན་འགྱུར་མེད་སྒོ་ནས་སྒྱུར་བཅོས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། དཀའ་གནད་དང་འགག་གནད་སེལ་བ་དང་། ཕྱོགས་ཡོངས་ནས་དཀའ་གནད་ལས་སྒྲོལ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་འབད་འཐབ་དམིགས་ཚད་མཐའ་འཁྱོངས། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས། དོན་ཆེན་དང་དོན་དག་གལ་ཆེན་ལ་དམ་པོར་དམིགས་པ། ཚོད་ལྟ་སྔོན་ལ་སྤེལ་བ། ཡུལ་བབ་དང་བསྟུན་པ། བརྟན་ཐོག་ཡར་འཕེལ། ཆུང་ས་ནས་ཁ་བཤོ་འབིགས་པ། གནད་འཁེལ་ཅན་བཅས་ཀྱི་སྒོ་ནས་སྒྱུར་བཅོས་ཁག་ལ་ཕྱོགས་ཡོངས་དང་མཐུན་སྦྱོར་ངང་སྐུལ་འདེད་བཏང་ཐོག་སྒྱུར་བཅོས་ལ་བརྟེན་ནས“དོན་ཆེན་བཞི”ཡག་པོ་བསྒྲུབས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་གཞུང་འཁྱོངས་གསར་འབྱེད་དང་། གནད་དོན་ལ་ཁྲིད་ཕྱོགས། བརྒྱུད་རིམ་ལྡན་པའི་བསམ་བློ་བཅས་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་དང་། གཏོར་འཛུགས་རྩོད་སྒྲུབ་གཅིག་གྱུར། སྒྱུར་བཅོས་དང་སྒོ་དབྱེ་ཕན་ཚུན་གཅིག་གྱུར་བཅས་མཐའ་འཁྱོངས་བྱས་ཏེ་བཀོད་སྒྲིག་དང་དོན་འཁྱོལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་མཐའ་འཁྱོངས། ཕྱོགས་ཡོངས་ནས་ཇུས་འགོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱེད་པ། སྒྱུར་བཅོས་ཀྱི་ཕྱོགས་བསྡུས་ཕན་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྒྱུར་བཅོས་ཀྱི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་ངོ་།
ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་རྣམ་པའི་ཐོག་ནས་སྐོང་ཚོགས་བྱས་པ་རེད།།
ཡར་ཀླུང་བསྡུས་འཕྲིན།
ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། བདེ་སྐྱིད་དཔལ་སྒྲོལ།
ཞུ་དག ཡེ་ཤེས་བཟང་མོ། བསོད་ནམས་དོན་གྲུབ།