ནམ་ཟླ་དབྱར་མཇུག་སྟོན་འགོའི་དུས་སུ། ཡར་ཀླུང་གཙང་པོའི་ངོགས་ཀྱི་གཞུང་ལམ་བརྒྱུད་དེ་ལྷོ་ཁ་གྲོང་ཁྱེར་དུ་བསྐྱོད་སྐབས་འདྲེན་བྱེད་མིག་ལམ་དུ་སྔོ་ཞིང་འཇམ་པའི་ལྗོན་ཤིང་དང་། དྭངས་ཤིང་གཙང་བའི་ཆུ་མོ། གཡའ་དག་པའི་ནམ་མཁའ་བཅས་འཆར་འོངས། སྔོན་ཆད་གནས་འདི་ནི་བོད་དུ་སྐད་གྲགས་ཡོད་པའི་བྱེ་སྒང་ཡིན།དུས་རབས་20པའི་ལོ་རབས་བརྒྱད་ཅུར། ལྷོ་ཁ་གྲོང་ཁྱེར་གྱིས་གཞན་གྱི་སྔོན་ལ་ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཚལ་སྐྲུན་འགོ་ཚུགས་ཤིང་། ལྷོ་ཁ་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་རྒྱལ་གྱི་ནགས་ལས་ཆུ་བེད་ལས་གྲྭའི་ལོ་རྒྱུས་ཐོག་གི“གཟེར་དབྱིབས་ཆུ་རགས”ཐོག་མར་བཏོད་པ་དང་། “སྡོང་ཕྲུག་གཏིང་འཛུགས”སོགས་ཀྱི་བྱ་ཐབས་ཚོད་ལྟ་བྱས་ཏེ། མཐོ་གྲང་ཐན་ཁུལ་དུ་ནགས་བཟོ་བྱེ་བཅོས་ཀྱི་ཚན་རྩལ་གྲུབ་འབྲས་མང་པོ་ཞིག་འཚོལ་ཞིབ་བྱས་ཡོད།མི་མང་པོས་དུས་ཡུན་རིང་པོའི་ནང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། གཞི་ཁྱོན་ཆེ་བའི་བྱེ་སྒང་གི་རྒྱ་ཁྱོན་ལོ་རེ་བཞིན་ཆུང་དུ་ཕྱིན་པ་དང་ཆུ་རྩ་གསོ་ནུས་ཀྱང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ད་ཆ། ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་གཞིས་རྩེ་དང་། ལྷོ་ཁ། ལྷ་ས། ཉིང་ཁྲི་སོགས་ཀྱི་གཙང་པོའི་ངོགས་སུ་ཚང་ཚིང་གི་ནགས་ཚལ་དང་མུ་མཐའ་མེད་པའི་སྤང་ལྗོངས་སུ་གྱུར་ཡོད། ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི“ལྗང་མདོག་གི་ལྕགས་རི་རིང་མོས”གནས་དེ་གའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱེད་བཞིན་ཡོད།འདི་ནི་ཡར་ཀླུང་གཙང་པོའི་གཙང་འགྲམ་དུ་རང་འགུལ་ཆུ་གཏོར་སྒྲིག་ཆས་ཀྱིས་ལྗོན་ཤིང་ལ་ཆུ་གཏོར་བཞིན་པ།
འདི་ནི་ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་བྱེ་འཇགས་རྩྭ་གྲུ་བཞི་མ་དང་དེའི་གསེང་དུ་སྐྱེས་པའི་ལྗོན་ཤིང་ཡིན་པ།
འདི་ནི་ལྷོ་ཁའི་གྲ་ནང་བྱེ་སྒང་སྒྱུ་རྩལ་སྤྱི་གླིང་དུ་ཡུལ་སྐོར་བས་བྱེ་བགྲོད་སྦག་སྦག་ལ་མྱོང་རོལ་བྱེད་བཞིན་པ།
འདི་ནི་ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་གྲོང་མིས་བྱེ་སྒང་ཐོག་བཏབ་པའི་ལྗོན་ཤིང་ལ་ཆུ་རྒྱག་བཞིན་པ།
འདི་ནི་གནམ་གྲུ་ཞིག་ཡར་ཀླུང་གཙང་པོའི་མཁའ་ནས་འཕུར་བཞིན་པ།
འདི་ནི་ལྷོ་ཁའི་གྲ་ནང་བྱེ་སྒང་སྒྱུ་རྩལ་སྤྱི་གླིང་གི་ཟུར་ཞིག་ཡིན་པ།
འདི་ནི་ཡངས་ཤིང་རྒྱ་ཆེ་བའི་ཡར་ཀླུང་གཙང་ངོས་དང་དེའི་ངོགས་སུ་བཏབ་པའི་ལྗོན་ཤིང་ཡིན་པ།
(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། འཇིགས་མེད་རྡོ་རྗེས་པར་བླངས)
ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། བདེ་སྐྱིད་དཔལ་སྒྲོལ།
ཞུ་དག ཡེ་ཤེས་བཟང་མོ། བསོད་ནམས་དོན་གྲུབ།