བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་གནས་པའི་བསམ་ཡས་དགོན་པ་ནི་སྤྱི་ལོའི་དུས་རབས་8པར་པུར་རྒྱལ་དུས་སུ་བསྐྲུན་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཞིག་ཡིན། ལོ་ཟླའི་བསླད་སྐྱོན་དང་། ཁོར་ཡུག་གི་འགྱུར་ལྡོག དུ་དྲེག་སྦགས་བཙོགསོགས་ཀྱི་དབང་གིས་ལྡེབས་རིས་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་བྱུང་ཡོད། 2023ལོའི་ཟླ་12པར་ལྷོ་ཁ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོང་མ་དངུལ་ཁྲི་1500བེད་སྤྱོད་བྱས་ནས་བསམ་ཡས་དགོན་པའི་དབུ་རྩེ་ལྷ་ཁང་གི་ལྡེབས་རིས་སྲུང་སྐྱོང་ལས་གྲྭ་ལག་བསྟར་བྱེད་འགོ་ཚུགས་ཤིང་། མིག་སྔར་ལས་གྲྭའི་ལས་འབོར་གྱི་88%ལེགས་གྲུབ་ཟིན་པ་དང་། འདི་ལོའི་ཟླ་12པར་ལེགས་གྲུབ་ཟིན་རྒྱུ་ཡིན་པ་རེད།
ད་ཐེངས་ཀྱི་ཉམས་གསོའི་ནང་། དབུ་རྩེ་ལྷ་ཁང་གི་ཁྱབ་ཁོངས་མང་པོ་དང་། རྒྱ་ཁྱོན་སྨི་ངོས་གྲུ་2563ཙམ་ཟིན་ཅིང་། ལྡེབས་རིས་ཀྱི་གཞི་ངོས་ཚོས་གཞི་འགྱུར་བ་ཉམས་གསོ་དང་གས་སྲུབས་བྱ་རྒྱུ་སོགས་ཚུད་ཡོད་ཅིང་། ཉམས་གསོ་བྱས་པ་བརྒྱུད་གཞི་ཚོན་བརྟན་པོ་དང་གྱང་གཞི་བརྟན་དུ་བཏང་ནས་ལྡེབས་རིས་ཡུན་རིང་ཉར་ཚགས་ཐུབ་པ་བྱེད་རྒྱུ་ཡིན་པ་རེད།
ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་དོན་གྲུབ།
ཞུ་དག ཡེ་ཤེས་བཟང་མོ། བདེ་སྐྱིད་དཔལ་སྒྲོལ།