སྐབས་དོན་གསར་འགྱུར།〔༢༠༢༤.༡༡.༡༡〕

政务   2024-11-11 18:23   西藏  


བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད།


ངེད་གྲོང་ཁྱེར་གྱིས་གསར་འགོད་པའི་དུས་ཆེན་ཉེར་ལྔར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་འཚོགས་པ།

ཉེ་ཆར། ངེད་གྲོང་ཁྱེར་གྱིས་གསར་འགོད་པའི་དུས་ཆེན་ཐེངས་ཉེར་ལྔར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་འགྱུར་གླེང་ཕྱོགས་ལས་དོན་དང་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་སྐོར་ལ་གནང་བའི་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་སློབ་སྦྱོང་སྒོས། ལོ་འཁོར་མའི་ཕུལ་བྱུང་གི་གསར་འགྱུར་ལས་དོན་པ་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་གསར་འགྱུར་བརྩམས་ཆོས་ལ་གཟེངས་བསྟོད་བྱས་པ་རེད། གྲོང་ཨུད་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཕན་ཀང་ཕིང་ཚོགས་འདུར་ཕེབས་ཡོད་པ་མ་ཟད་གསུང་བཤད་གནང་བ་རེད།

ཕན་ཀང་ཕིང་གིས། གྲོང་ཨུད་ཀྱི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་གསར་འགྱུར་ལས་དོན་པ་ཚོར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་དང་འབྲེལ། ད་ལོ་ཚུན་ངེད་གྲོང་ཁྱེར་གྱི་གསར་འགྱུར་གླེང་ཕྱོགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་རེད། ཁོང་གིས། གྲོང་ཁྱེར་ཡོངས་ཀྱི་གསར་འགྱུར་ལས་དོན་མི་སྣས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། རང་རྟོགས་ངང་དར་ཆ་མཐོན་བསྒྲེང་དང་། དམངས་སེམས་གཅིག་སྡུད། མི་གསར་གསོ་སྐྱོང་། རིག་གནས་དར་རྒྱས། གཟུགས་བརྙན་འགྲེམས་སྟོན་བཅས་ཀྱི་བརྗིད་ཆེའི་ལས་འགན་ཕྲག་ཐོག་ཏུ་འཁུར་ཐོག་གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྤེལ་བྱེད་ཤུགས་དང་། ཁྲིད་སྟོན་བྱེད་ཤུགས། ཤུགས་རྐྱེན་ཐེབས་ཤུགས། ཡིད་རྟོན་འཕེར་ཤུགས་བཅས་མཐོ་རུ་གཏོང་དགོས། ཤེས་བྱ་གསར་པ་རྒྱུས་ལོན་དང་མཐོང་རྒྱ་གསར་པ་རྒྱ་སྐྱེད་ཟམ་མི་ཆད་པ་བྱས་ཏེ། འགྲོ་ནུས་དང་། ལྟ་ནུས། བསམ་ནུས། འབྲི་ནུས་བཅས་ཟབ་ཏུ་གཏོང་དགོས། གསར་འགྱུར་ལས་དོན་པའི་ཆེད་ལས་བྱང་ཚད་དང་རྩལ་ནུས་སྐྱེད་སྲིང་དང་མཐོར་འདེགས་ཡོང་རྒྱུར་དོ་སྣང་བྱས་ཏེ། དོན་དངོས་ལས་ཀའི་ཁྲོད་ཉམས་མྱོང་གསོག་འཇོག་ཡག་པོ་བྱས་ཏེ། གསར་འགྱུར་གླེང་ཕྱོགས་འཐབ་ཕྱོགས་ཀྱི་རྩེར་སོན་པ་ཆགས་པ་བྱ་དགོས། སྲོལ་རྒྱུན་སྨྱན་སྦྱོར་གྱི་ལེགས་ཆ་དང་སྨྱན་སྦྱོར་གསར་པའི་ཁྱད་ཆོས་ཟུང་འབྲེལ་ཡག་པོ་བྱས་ཏེ། ཆ་ཚང་སྨྱན་གཟུགས་ཀྱི་བརྒྱུད་བསྒྲགས་རྣམ་པ་འཛུགས་སྐྱོང་བྱ་དགོས། གསར་འགྱུར་གླེང་ཕྱོགས་ལས་དོན་འདི་ཉིད་གསར་གཏོད་ཁྲོད་གསོན་ཤུགས་གསར་པ་རྒྱས་པ་བྱ་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་འདི་ཉིད་རྒྱུན་གཏན་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ། ཆབ་སྲིད་བརྟན་ཐུབ་དང་། ལས་སྒོ་རྩེར་སོན། སྤྱོད་ཚུལ་ལེགས་གཏོང་བཅས་ལྡན་པའི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་དཔུང་ཁག་ཅིག་གཏོད་རྒྱུར་ཧུར་ཐག་འབད་དགོས། 

ཚོགས་འདུའི་ཐོག ལྷོ་ཁ་རྒྱང་བསྒྲགས་བརྙན་འཕྲིན་ལས་ཁུངས་དང་། ལྷོ་ཁ་གྲོང་ཁྱེར་སྨྱན་སྦྱོར་ལྟེ་གནས། ལྷོ་ཁར་བཅའ་སྡོད་བོད་ལྗོངས་ཉིན་རེའི་ཚགས་པར་ས་ཚིགས། འཕྱོངས་རྒྱས་རྫོང་བཅས་ཀྱིས་ཁག་སོ་སོར་གཏམ་བཤད་སྤེལ་རེས་བྱས་པ་དང་། རྫོང་ངམ་ཆུས་སམ་གྲོང་ཁྱེར་ཁག་གི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགྱུར་ལས་དོན་པའི་འཐུས་ཚབ་མི་སྣ་དང་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་བཞུགས་མོལ་ནང་ཞུགས་པ་རེད།

ངེད་གྲོང་ཁྱེར་གྱིས་119མེ་ཟོན་དྲིལ་བསྒྲགས་ཟླ་བའི་མཛད་སྒོ་སྤེལ་འགོ་ཚུགས་པ།

ཉེ་དུས། ངེད་གྲོང་ཁྱེར་གྱིས་2024ལོའི་119མེ་ཟོན་དྲིལ་བསྒྲགས་ཟླ་བའི་མཛད་སྒོ་སྤེལ་འགོ་ཚུགས་ཤིང་། མཛད་སྒོའི་ཐོག 2024ལོའི་ངེད་གྲོང་ཁྱེར་གྱི་119མེ་ཟོན་གྱི་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་གྱི་གཟེངས་བསྟོད་མིང་ཐོ་སྒྲོག་སྦྱངས་བྱས་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་སྔོན་ཐོན་སྡེ་ཚན་དང་། སྔོན་ཐོན་ཤང་གྲོང་རྡལ་ལམ་ཁྲོམ་གཞུང་གི་མེ་ཟོན་ལས་དོན་སོའོ། སྔོན་ཐོན་ཤང་གྲོང་རྡལ་སྲིད་གཞུང་གི་ཆེད་སྒྲུབ་མེ་ཟོན་རུ་ཁག་སོགས་བྱ་དགའ་ཐོབ་མཁན་འཐུས་མིར་གཟེངས་བསྟོད་བྱས་པ་རེད། གྲོང་སྤྱི་གཞོན་པ། གྲོང་ཁྱེར་སྤྱི་བདེ་ཅུད་ཀྱི་ཅུད་ཀྲང་ལིའུ་ཙོང་ཁྲང་གིས་ཤིས་ཚིག་བསྒྲོན་པ་རེད།

ལིའུ་ཙོང་ཁྲང་གིས་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ཏེ། ངེད་གྲོང་ཁྱེར་གྱི་མེ་ཟོན་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་འཐབ་འཛིང་བཀོད་འདོམས་པར་མཛའ་བརྩེའི་འཚམས་འདྲི་གནང་བ་རེད། ཁོང་གིས། མེ་ཟོན་འཐབ་འཛིང་བཀོད་འདོམས་པ་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་བརྗིད་ཆེའི་ལས་འགན་ཕྲག་ཐོག་ཏུ་འཁུར་ནས་མེ་འགོག་མེ་གསོད་དང་ཉེན་སྐྱོབ་རོགས་སྐྱོར་གྱི་འགན་ནུས་འདོན་སྤེལ་ཡག་པོ་བྱ་དགོས། རིམ་ཁག་ཚན་པ་དང་སྤྱི་ཚོགས་སྡེ་ཚན་གྱིས་བྱེད་པོའི་འགན་འཁྲི་འཁུར་ཤུགས་ཟབ་ཏུ་བཏང་སྟེ། དྲིལ་བསྒྲགས་སློབ་གསོ་ཟབ་གཏོང་བརྒྱུད། ཕྱོགས་ཡོངས་ནས་ཉེན་ཟོན་དཔྱད་དཔོག་དང་། བདེ་འཇགས་ཞིབ་བཤེར། མངོན་མེད་རྐྱེན་རྩ་བཅོས་སྒྲིག་བཅས་བྱེད་དགོས་པ་མ་ཟད། མེ་ཟོན་བདེ་འཇགས་ཀྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས། གྲོང་མི་གྲོགས་པོ་ཚོས་མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་ཁག་གི་ནང་ཧུར་ཐག་ཞུགས་ནས་མེ་ཟོན་བདེ་འཇགས་ཀྱི་འགོག་ཟོན་འདུ་ཤེས་མཐོ་རུ་གཏོང་དགོས་པ་དང་། མེ་ཟོན་བདེ་འཇགས་ཤེས་བྱ་དང་རྩལ་ནུས། འཕྲལ་སྡོམ་ཉེན་གཡོལ་ནུས་པ་བཅས་མཐོ་རུ་གཏོང་དགོས།

མཛད་སྒོ་མཇུག་འགྲིལ་རྗེས། ཚོགས་ཞུགས་མི་སྣས་ད་དུང་ས་ཡུལ་དངོས་ལ་བསྐྱོད་ནས་འགྲེམས་སྟོན་ས་ཁོངས་ལ་ལྟ་སྐོར་ཉམས་ལེན་བྱས་པ་རེད།


ཡར་ཀླུང་བསྡུས་འཕྲིན།


ཉེ་སྔོན། སྣ་དཀར་རྩེ་རྫོང་ཏང་སྲིད་ཚོགས་པས་ཨན་ཧུའེ་ཞིང་ཆེན་པེང་ཧྥུའུ་གྲོང་ཁྱེར་དུ་རྟོག་ཞིབ་དང་སློབ་སྦྱོང་ལ་བསྐྱོད་པ།

འདི་ལོ་ཚུན། ཟངས་རི་རྫོང་ཨུད་ཀྱིས་ཏང་ཡོན་ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་ལས་དོན་ལ་མཐོང་ཆེན་བྱས་ནས་ཤེས་ལྡན་མི་སྣའི་རྨང་གཞི་སྲ་བརྟན་དང་རིག་སྟོབས་ལ་འགན་སྲུང་བྱས་པ།

ཉེ་སྔོན། གོང་དཀར་རྫོང་སྡེ་ཁུལ་ལས་དོན་མི་སྣའི་གྲོང་ཁྱེར་སྡེ་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྒྲིག་ལ་སྣེ་ཁྲིད་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་གཉེར་བ།

ཉིན་ཤས་བསྟུད་མར། མཚོ་སྨད་རྫོང་གིས་སྲོག་ཆགས་རིམས་ནད་འགོག་ཟོན་གྱི་ལས་དོན་ཏན་ཏིག་སྤེལ་ནས་མང་ཚོགས་ཚོས་ཐུགས་བློ་བདེ་བའི་བཟའ་ཤ་མཁོ་འདོན་ལ་འགན་ལེན་བྱས་པ།

ཉེ་དུས། སྣེ་གདོང་ཆུས་སྐྱེད་པ་ཤང་སློབ་ཆུང་གིས་སློབ་ཆུང་སློབ་མའི་བརྗོད་དོན་གཙོ་བོའི་རི་མོའི་འགན་བསྡུར་སྤེལ་བ།

ཉེ་དུས། ངེད་གྲོང་ཁྱེར་གྱིས་ཞིང་པ་མང་ཚོགས་ཀྱི་གླ་ཆ་འགྱངས་ཆད་གནད་དོན་གཏན་འགོག་གྱི་སྐུལ་སྤེལ་ཚོགས་འདུ་བསྐོང་འཚོགས་བྱས་པ།

བསོད་དོན་གྱིས་བསྒྱུར། བསོད་ཡེ་བདེ་ཡིས་ཞུས།


ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།    བདེ་སྐྱིད་དཔལ་སྒྲོལ།

ཞུ་དག  ཡེ་ཤེས་བཟང་མོ། བསོད་ནམས་དོན་གྲུབ།

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章