སྐབས་དོན་གསར་འགྱུར།〔༢༠༢༤.༡༡.༢༠〕

政务   2024-11-20 18:30   西藏  




བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད།


ངེད་གྲོང་ཁྱེར་གྱིས་སྐབས་གསུམ་པའི་ལྗོངས་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་མིའི་ཟུར་ཁྲིད་མི་སྣའི་ཆེད་ལས་རྩལ་ནུས་འགྲན་བསྡུར་མཇུག་འགྲིལ་བ།


ཉེ་ལམ། དུས་ཡུན་ཉིན་བཞི་ཡིན་པའི་སྐབས་གསུམ་པའི་ལྗོངས་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་མིའི་ཟུར་ཁྲིད་མི་སྣའི་ཆེད་ལས་རྩལ་ནུས་འགྲན་བསྡུར་ཆེ་མོ་ངེད་གྲོང་ཁྱེར་དུ་བདེ་བླག་ངང་མཇུག་འགྲིལ་བ་དང་འབྲེལ་སློབ་མཇུག་འགྲིལ་བའི་མཛད་སྒོ་ཡང་འཚོགས་པ་རེད།

སྡེ་ཚོགས་ལྗོངས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལྗོངས་ལོ་ཆུང་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་པད་མ་སྒྲོལ་དཀར་ཚོགས་ཞུགས་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཉི་མ་བསྟན་འཛིན་གྱིས་གཙོ་སྐྱོང་གནང་བ་རེད།

པད་མ་སྒྲོལ་དཀར་གྱིས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུ་དམིགས་ཚད་དུ་བྱེད་པ་དང་། ལོ་ཆུང་གདོང་ལེན་རུ་མིའི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་དམིགས་པ། ལས་ཀའི་བྱེད་སྟངས་དང་གཞི་རྟེན་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ། མི་རིགས་ཁག་གི་ལོ་ཆུང་བྱིས་པར་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་སྣ་གསར་པ་ཞིག་ཏུ་འཚར་ལོངས་ཡོང་བ་བྱེད་དགོས། མ་མཐའི་མཚམས་ཐིག་གི་བསམ་བློ་ཟབ་ཏུ་གཏོང་བ་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་མཚོན་རྟགས་ཚད་ལྡན་དུ་གཏོང་བ། ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མཛད་སྒོ་སྤེལ་རིང་ཚད་ལྡན་མེད་པ་དང་། གཟབ་ནན་མེད་པ། ཕྱི་ཚུལ་རིང་ལུགས་སོགས་ཀྱི་བྱེད་སྤྱོད་དུས་ཐོག་ཏུ་བཀག་འགོག་དང་ཡོ་བསྲང་བྱས་ཏེ་མི་སྣ་གསོ་སྐྱོང་གི་ཕན་ནུས་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱེད་དགོས། འགན་འཁྲི་དང་ལས་ཀ་གཙོ་བོར་དམིགས་ཏེ“བྱིས་པའི་སྐད་ཆའི”ཐོག་ནས་ཏང་གི་གསར་གཏོད་རིགས་གཞུང་ཡག་པོ་ཤོད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ་མིག་ནང་འོད་སྣང་ལྡན་པ་དང་། སེམས་ནང་བརྩེ་སེམས་ཡོད་པ། ཕྲག་ཐོག་ཏུ་འགན་འཁྲི་ཡོད་པ། རྐང་འོག་ཏུ་ནུས་པ་ལྡན་པ་བཅས་དངོས་འབྲེལ་ཐུབ་པ་བྱས་ཐོག་བློ་སྟོབས་ཆེན་པོ་དང་སྤྲོ་སེམས་རབ་ཏུ་འཕེལ་བའི་སྒོ་ནས་འབད་འབུངས་ཡར་བརྩོན་གྱིས་བོད་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་པའི་ནན་བཤད་གནང་། 

ཉི་མ་བསྟན་འཛིན་གྱིས་གཙོ་སྐྱོང་གནང་སྐབས་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་ཏང་ཆེད་མི་གསར་སྐྱོང་བ་དང་། རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་བློ་ལ་བརྟན་པོར་ངེས་ནས་ཏང་གི་བྱ་གཞག་གི་ཤུལ་འཛིན་མཁན་ཡོད་པའི་རྩ་བའི་ཇུས་ཆེན་དེར་གཞི་ཚུགས་ཏེ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། རུ་ཞུགས་གོང་གི་སློབ་གསོ་དམ་འཛིན་ཏན་ཏིག་བྱེད་པ། སྡེ་ཚོགས་སློབ་གསོའི་མཐུན་སྦྱོར་གཏིང་ཟབ་ཏུ་གཏོང་བ། དཔུང་ཁག་གི་ནུས་པ་ཆེ་རུ་གཏོང་བ། རྒྱ་ཆེའི་ལོ་ཆུང་བྱིས་པར་ཏང་ལ་དགའ་ཞེན་དང་། རྒྱལ་གཅེས་རང་བརྩོན། འབད་འབུངས་ཡར་བརྩོན་བཅས་ཀྱི་དུས་རབས་གསར་པའི་ལོ་ཆུང་བཟང་པོ་ཞིག་བརྩོན་ལེན་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཐོག་དུས་རབས་གསར་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་ལེའུ་གསར་པ་ཞིག་རྩོམ་དགོས་ཞེས་གསུངས་པ་རེད། 

མཛད་སྒོའི་ཐོག་ད་ཐེངས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོའི་ཁྲོད་གཟེངས་སུ་ཐོན་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པར་གཟེངས་བསྟོད་བྱས་པ་རེད།

ཕན་ཀང་ཕིང་གིས་འབྲེལ་ཡོད་སློབ་གྲྭར་ཕེབས་ནས་ལྗོངས་ཏང་ཨུད་སྐོར་གཟིགས་ཀྱིས་ལན་ཆ་བྱས་པའི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གནད་དོན་བཅོས་སྒྲིག་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་གནང་བ།


ཚེས་18ཉིན། གྲོང་ཨུད་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང་ཕན་ཀང་ཕིང་གིས་སྔ་རྗེས་སུ་གྲོང་ཁྱེར་ལས་རིགས་སློབ་གྲྭ་གཉིས་པ་དང་། གྲོང་ཁྱེར་ཆ་ཚང་སློབ་འབྲིང་། གྲོང་ཁྱེར་སློབ་ཆུང་དང་པོ། གྲོང་ཁྱེར་སློབ་ཆུང་གསུམ་པ་བཅས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་གསུམ་པས་ལན་ཆ་བྱས་པའི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་གནང་བ་དང་འབྲེལ་གོམ་སྟབས་རྗེས་མའི་བཅོས་སྒྲིག་ལས་དོན་ཐད་བླང་བྱ་ཡང་བཏོན་གནང་བ་རེད།

“ཁྱེད་ཚོས་བཅོས་སྒྲིག་གི་བྱ་ཐབས་གང་ཞིག་སྤྱད་ཡོད་དམ”“མིག་སྔར་བཅོས་སྒྲིག་བྱས་པར་ཕན་འབྲས་གང་འདྲ་ཐོན་འདུག”“གོམ་སྟབས་རྗེས་མར་བཅོས་སྒྲིག་བྱེད་པའི་བརྒྱུད་རིམ་ནང་དཀའ་ངལ་གང་ཞིག་འདུག་གམ” སློབ་གྲྭ་ཁག་ཏུ་ཕན་ཀང་ཕིང་གིས་བཅོས་སྒྲིག་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞོར་དུ་གྲོང་ཁྱེར་སློབ་གསོ་ཅུད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་སློབ་གྲྭའི་འགན་འཁུར་བློ་མཐུན་གཙོ་བོར་བཀའ་འདྲི་ཡང་ཡང་གནང་བ་རེད། སློབ་གྲྭ་མང་ཆེ་བས་འཕྲལ་དུ་བྱ་སྤྱོད་སྤེལ་ནས་བཅོས་སྒྲིག་བྱས་པ་ཤེས་རྟོགས་བྱུང་རྗེས་ཁས་ལེན་གང་ལེགས་གནང་བ་དང་། སློབ་གྲྭ་ཁག་གཅིག་གིས་དག་ཐེར་ལས་དོན་རྣམ་པ་ཙམ་སྤེལ་ཡོད་པ་གཟིགས་སྐབས་སློབ་གྲྭའི་འགན་འཁུར་བློ་མཐུན་གཙོ་བོས་ཚད་མཐོའི་མཐོང་ཆེན་དང་ཕྱོགས་ཡོངས་ནས་དག་ཐེར་བྱེད་དགོས་པ་དང་། གྲོང་ཁྱེར་སློབ་གསོ་ཅུད་ཀྱིས་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དག་ཐེར་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཕན་ཀང་ཕིང་གིས་གྲོང་ཁྱེར་སློབ་གསོ་ཅུད་ཀྱི་ཏང་ཙུའུ་དང་སློབ་གྲྭ་ཁག་གི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་བྱས་ནས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ནི་ཏང་གི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་ཡིན་པ་ངོས་འཛིན་གང་ལེགས་ཐུབ་པ་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས་ལྗོངས་ཏང་ཨུད་སྐོར་གཟིགས་ཀྱིས་ལན་ཆ་བྱས་པའི་གནད་དོན་དག་ཐེར་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ལན་ཆ་བྱས་པའི་གནད་དོན་ལ་ཞིབ་བསྡུར་ནན་ཏན་བྱས་ཏེ“དཔེ་བཞག་རིགས་འགྲེལ”བྱས་ནས་གྲལ་བཤེར་གཏིང་ཟབ་བྱས་ཐོག་གནད་དོན་བཅོས་སྒྲིག་དང་སློབ་གྲྭའི་སློབ་གསོའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། སྟོབས་ཤུགས་མཉམ་སྒྲིལ་གྱིས་སེམས་ནུས་མཉམ་འདོན་བྱས་ཐོག“མི་གང་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་བྱས་ནས་མི་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་མི་གསོ་སྐྱོང་བྱེད་པ”བཅས་ཀྱི་རྩ་བའི་གནད་དོན་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་སློབ་གྲྭའི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།། 


ཡར་ཀླུང་བསྡུས་འཕྲིན།


ཉེ་ཆར། ལྷུན་རྩེ་རྫོང་གིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་ཀའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

ཉེ་ཆར། ཆུ་གསུམ་རྫོང་གི་གྲོང་ཚོ(སྡེ་ཁུལ)21གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་རབས་གསར་པའི་བུད་མེད་དང་བླངས་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ཏེ་རྒྱལ་གཅེས་འཕྲོད་བསྟེན་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།
ཉེ་ཆར། གྲ་ནང་རྫོང་གི་མང་ཚོགས་ཚོགས་པའི་ལས་དོན་པུའུ་ཡིས་རྫོང་ལྟེ་བའི་སྨན་ཁང་དང་ཞིབ་དཔྱོད་ཁང་སོགས་འབྲེལ་ཡོད་ཚན་པ་དང་མཉམ་དུ་སེམས་ནུས་གཅིག་ཏུ་སྒྲིལ་ནས་ཏང་གི་རྗེས་སུ་འབྲངས། མཐུན་སྒྲིལ་འབད་འཐབ་བྱས་ནས་རྒྱང་ལམ་གསར་པར་སྐྱོད་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་གཤམ་སྤེལ་ལྔའི་ཞབས་ཞུའི་བྱེད་སྒོ་དང་ཟླ་11པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ།
ཟླ་11ཚེས་18ཉིན། གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་གྱིས་གཞི་རིམ་སྒྲོག་འགྲེལ་པའི་ལས་སྒོའི་གསོ་སྦྱོང་བྱས་པ།

བསོད་ནམས་བསྟན་པས་བསྒྱུར། བསོད་ཡེ་བདེས་ཞུས།


ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།   བསོད་ནམས་དོན་གྲུབ། 

ཞུ་དག  ཡེ་ཤེས་བཟང་མོ། བདེ་སྐྱིད་དཔལ་སྒྲོལ།

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章