བདེ་འཇགས་ངང“སོལ་རླངས”སྤྱད་ནས། ལས་འཛོལ་སྔོན་འགོག་བྱེད་དགོས།

政务   2024-11-10 09:59   西藏  

སོལ་རླངས་ནི་འཚོ་བའི་ནང་མེད་དུ་མི་རུང་བའི་འཚོ་བའི་ནུས་ཁུངས་ཤིག་ཡིན་པས། ཁྱིམ་ཚང་དང་ཟ་ཁང་སོགས་སུ་རྒྱ་ཁྱབ་ངང་སྤྱོད་བཞིན་ཡོད། འོན་ཀྱང་བེད་སྤྱོད་ཡག་པོ་མ་བྱས་ན་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་པ་ཚབས་ཆེན་བཟོ་སྲིད་པས། སོལ་རླངས་བེད་སྤྱོད་གཏོང་སྐབས་ངེས་པར་དུ་དོ་སྣང་ཆེན་པོ་བྱས་ཏེ་ལས་འཛོལ་སྔོན་འགོག་བྱེད་དགོས།

གཅིག གནས་ཚུལ་གང་འདྲ་ཞིག་གི་འོག་སོལ་རླངས་འབར་གས་བྱེད་སྲིད་དམ།

སྤྱིར་སོལ་རླངས་འབར་གས་བྱུང་ནས་མེ་འབར་བའི“རྒྱུ་རྐྱེན་གཙོ་བོགསུམ་སྟེ།

(གཅིག) སོལ་རླངས་ཕྱིར་ཤོར་བ།

སོལ་རླངས་གཙོ་བོ་གནས་གསུམ་ནས་ཕྱིར་ཤོར་གྱི་ཡོད་པ་སྟེ། སྦྲེལ་མཚམས་དང་། སོལ་རླངས་ཀྱི་སྦུ་གུ་མཉེན་མོ། སྟེམ་སྒོ་བཅས་ཡིན།

(གཉིས) འབར་གས་ཀྱི་གར་ཚད་ལ་སླེབས་པ།

མིས་བཟོས་སོལ་རླངས་དང་རང་བྱུང་སོལ་རླངས་ཀྱི་གྲུབ་ཆ་གཙོ་བོ་ནི་ཝོན་ཀ་པ་ཡིན་པས། མཁའ་རླུང་ནང་གི་ཝོན་ཀ་པའི་གར་ཚད་མཐོ་དྲགས་པའམ་ཡང་ན་དམའ་དྲགས་ཚེ་སྤྱིར་བཏང་བྱས་ན་འབར་གས་བྱེད་མི་སྲིད། འོན་ཀྱང་དེ་གཉིས་ཀྱི་བར་དུ་གནས་ན་འབར་གས་བྱེད་སྲིད།

(གསུམ) མེ་དང་འཕྲད་པ།

འབར་གས་གར་ཚད་ཀྱི་ཁྱབ་ཁོངས་སུ་ཡོད་སྐབས། དེའི་ནང་དུ་གཅུས་སྒོ་བེད་སྤྱོད་བྱེད་སྐབས་དང་མིའི་གཟུགས་པོ་ནས་གློག་འཁྱུད་པའི་མེ་སྟག་ཆུང་ཆུང་དང་། མེ་མ་བསད་པའི་ཐ་མག་གི་རོ་ཏོ་ཚང་མས་འབར་གས་བྱེད་སྲིད།

གཉིས། སོལ་རླངས་བེད་སྤྱོད་སྐབས་ཀྱི་བདེ་འཇཌ་ཤེས་བྱ།

གཅིགདུས་རྒྱུན་འཚོ་བའི་ཁྲོདལྟ་བ་དང་། སྣོམ་པ། འདྲི་བ། བྱུག་པབཅས་བྱས་ཏེ་སོལ་རླངས་ཕྱིར་ཤོར་བའི་གནས་ཚུལ་སྔ་ཙམ་ཤེས་རྟོགས་བྱེད་དགོས།

1. ལྟ་བ་ཞེས་པ་ནི་སོལ་རླངས་དཔྱད་ཆས་ལ་ལྟ་བར་ཟེར། ཁྱིམ་གྱི་སོལ་རླངས་ཀྱི་གཅུས་སྒོ་བརྒྱབ་ནས་བེད་སྤྱོད་མི་བྱེད་པའི་གནས་ཚུལ་འོག གལ་ཏེ་སོལ་རླངས་ཆུ་ཚོད་ཀྱི་སྒྲོམ་དམར་པོའི་ནང་གི་ཨང་ཀི་མུ་མཐུད་ཕྱིན་ཚེ། ཁྱེད་ཀྱི་སོལ་རླངས་ཕྱིར་ཤོར་བའི་རྟགས་རེད།

2. སྣོམ་པ་ཞེས་པ་ནི་དྲི་མ་སྣོམ་པར་ཟེར། གལ་ཏེ་ཐབ་ཚང་ངམ་ཡང་ན་ཁྱིམ་དུ་རྒྱུ་རྐྱེན་གང་ཡང་མེད་པར་སྒོ་ང་རུལ་བ་ལྟ་བུའི་དྲི་ངད་འཐུལ་ན། ཕལ་ཆེར་སོལ་རླངས་ཕྱིར་ཤོར་བ་ཡིན་པས་ངེས་པར་དུ་དོ་སྣང་བྱེད་དགོས། གལ་ཏེ་ཁྱིམ་དུ་སོལ་རླངས་ཕྱིར་ཤོར་བའི་ཉེན་བརྡ་གཏོང་ཆས་བསྒར་ཡོད་ན། ཉེན་བརྡ་གཏོང་ཆས་ལ་བརྟེན་ནས་སོལ་རླངས་ཕྱིར་ཤོར་ཡོད་མེད་ཚོད་དཔག་བྱེད་ཐུབ།

3. འདྲི་བ་ཞེས་པ་ནི་སྐད་ཆ་ཡང་ཡང་འདྲི་བར་ཟེར། ཕྱི་ལ་འགྲོ་རིམ་བཞིན་ངེས་པར་དུསོལ་རླངས་ཀྱི་སྟེམ་སྒོ་བརྒྱབ་ཡོད་དམཞེས་ནང་མི་ཚོས་རྟག་ཏུ་ཕན་ཚུན་དྲན་སྐུལ་བྱེད་དགོས། སོལ་རླངས་བེད་སྤྱོད་བྱེད་སྐབས་ཁྱིམ་དུ་མི་མེད་ན་མི་འགྲིག་པ་དང་། ལྟོ་ཆས་བཟོ་བའམ་ཡང་ན་ཐབ་ཚང་ནས་ཁ་བྲལ་སྐབས་སོལ་རླངས་ཀྱི་གཅུས་སྒོ་དང་སྟེམ་སྒོ་རྒྱག་རྒྱུ་བརྗེད་མི་རུང་།

4. བྱུག་པ་ཞེས་པ་ནི་འདག་རྫས་ཀྱི་ཆུ་བྱུག་པར་ཟེར། སོལ་རླངས་ཤོར་བའི་དོགས་པ་ཡོད་སར(འགྱིག་སྦུག་དང་། མཐུད་ཁ། སྦུག་ལམ། འཁོར་འགག་སྟེམ་སྒོ་སོགས)འདག་རྫས་ཀྱི་ཆུའམ་ཡང་ན་འཁྲུད་ཆུ་ཉུང་ཉུང་ཞིག་བྱུག་དགོས། གལ་ཏེ་ཝུ་བ་ཆུང་ཆུང་ཐོན་པའམ་ཡང་ན་མུ་མཐུད་ཇེ་མང་དུ་སོང་ན། གནས་དེ་ནས་སོལ་རླངས་ཤོར་བ་ར་སྤྲོད་བྱེད་ཐུབ།

དེ་མིན་སོལ་རླངས་འགྱིག་སྦུག་རྙིང་པ་ཆགས་ཡོད་མེད་དང་བརྟན་པོ་མེད་པའི་སྣང་ཚུལ་ལ་ངེས་པར་དུ་ཞིབ་བཤེར་བྱེད་དགོས། གལ་སྲིད་རྒྱུན་གཏན་མིན་པའི་གནས་ཚུལ་ཡོད་ཚེ་འཕྲལ་མར་ཆེད་ལས་མི་སྣར་འབྲེལ་བ་བྱས་ཏེ་ཉམས་གསོ་བྱེད་པའམ་ཡང་ན་བརྗེ་པོ་རྒྱག་དགོས།

གཉིསསོལ་རླངས་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ནངཤར་གཏོངགསུམ་ཐུབ་དགོས།

1. སོལ་རླངས་བེད་སྤྱོད་བྱེད་སྐབས་སྒོ་དང་སྒེའུ་ཁུང་ཕྱེ་ནས་མཁའ་རླུང་ཤར་གཏོང་ཐུབ་དགོས།

2. སོལ་རླངས་ཕྱིར་ཤོར་བ་ཤེས་རྗེས་ལམ་སེང་ཁ་དང་སྣ་ཁུང་འགེབ་པ་དང་། རླངས་ཁུངས་འགོག་པ། སྒོ་དང་སྒེའུ་ཁུང་ཕྱེ་བ་བཅས་བྱས་ནས་མཁའ་རླུང་ཤར་གཏོང་ཐུབ་དགོས།

3. སོལ་རླངས་ཕྱིར་ཤོར་བ་ཤེས་རྗེས་གང་མགྱོགས་གནས་ཚུལ་ཐོན་ཡུལ་ནས་ཁ་བྲལ་དགོས་པ་མ་ཟད། དུས་ཐོག་ཏུ་སོལ་རླངས་ཀུང་སི་དང་སྡེ་ལས་ལ་བརྡ་ཐོ་གཏོང་དགོས་པ་དང་། མེ་སྐྱོན་དང་འབར་གས་ཀྱི་དོན་རྐྱེན་ཐོན་སྐབས་119ལ་ཁ་པར་བརྒྱབ་ནས་ཉེན་བརྡ་གཏོང་དགོས། སོལ་རླངས་ཕྱིར་ཤོར་ས་ནས་ཁ་པར་རྒྱག་པའམ་ཁ་པར་ལེན་པ་སོགས་བྱེད་མི་རུང་ལ། གློག་ཆས་ཀྱི་གཅུས་སྒོ་ཁ་འབྱེད་པའམ་ཡང་ན་ཁ་རྒྱག་ཀྱང་མི་རུང་།

(གསུམ) སོལ་རླངས་བེད་སྤྱོད་སྐབས་གཤམ་གསལ་གྱི་བྱེད་མི་རུང་བའི་གནད་དོན་བློ་ལ་བརྟན་པོར་ངེས་དགོས།

1. ཚད་གཞི་མ་ལོན་པའི་སོལ་རླངས་ཀྱི་ཐབ་ཆས་དང་དེའི་སྒྲིག་ཆས་བེད་སྤྱོད་བྱེད་མི་རུང་། མེ་གསོད་སྲུང་སྐྱོང་གི་ནུས་པ་ལྡན་པའི་ཐབ་ཆས་བེད་སྤྱོད་བྱས་ན་བདེ་འཇགས་དེ་བས་ཆེ།

2. སོལ་རླངས་སྦུག་ལམ་དང་སྒྲིག་ཆས་རིགས་བཤིག་པ་དང་བཟོ་བཅོས་བྱེད་མི་རུང་། འབྲེལ་ཡོད་བཀོལ་སྤྱོད་བྱེད་སྐབས་ངེས་པར་དུ་འོས་ཐོབ་ཡོད་པའི་སོལ་རླངས་སྒྲིག་སྦྱོར་དང་ཉམས་གསོའི་ཁེ་ལས་ཀྱིས་འགན་འཁུར་ནས་བཟོ་དགོས།

3. སོལ་རླངས་སྦུག་ལམ་དང་། སྟེམ་སྒོ སོལ་རླངས་ཀྱི་ཆུ་ཚོད། སོལ་རླངས་ཀྱི་དཔྱད་ཆས་སོགས་སོལ་རླངས་སྒྲིག་ཆས་གྱང་ལྡེབས་དང་། དཔྱང་རྩེ། ཕོར་ཆས་ཆ་སྒམ་བཅས་ཀྱི་ནང་དུ་ཁ་དམ་པོར་རྒྱག་པའམ་ཡང་ན་སྒྲིག་སྦྱོར་བྱེད་མི་རུང་།

4. སོལ་རླངས་ཀྱི་སྒྲིག་ཆས་སྟེང་དུ་དངོས་པོ་འཇོག་པ་དང་འགེལ་མི་རུང་ལ། སོལ་རླངས་བེད་སྤྱོད་སའི་ཁང་པའི་ནང་མི་སྡོད་མི་རུང་ལ་དངོས་པོ་སོགས་ཀྱང་འཇོག་མི་རུང་།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།     ཡེ་ཤེས་བཟང་མོ། 

ཞུ་དག   བསོད་ནམས་དོན་གྲུབ། བདེ་སྐྱིད་དཔལ་སྒྲོལ།

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章