ལི་ཧྥུའུ་ཀྲུང་གིས་སྒྲིག་བཤེར་ལྟ་ཞིབ་ཁོངས་སུ་རྟོག་ཞིབ་གནང་།

政务   2024-11-20 16:08   西藏  



ཟླ་11ཚེས་19ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་སུ་རྟོག་ཞིབ་གནང་བར་ཕེབས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད། ཆབ་སྲིད་སྐོར་ཞིབ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ལས་དོན་ཤེས་རྟོགས་གནང་བ་དང་འབྲེལ་ལས་བྱེད་ལས་བཟོར་འཚམས་འདྲི་ཡང་གནང་བ་རེད། ཁོང་གིས། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་པ་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་སྣང་ཚུལ་གཏོད་པ་བཅས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

གྲོང་ཨུད་འགོ་ཁྲིད་ལི་ཡཱ་ཞང་དང་། ཨན་ཤིན་གོ་རྣམ་གཉིས་ཀྱིས་བརྟག་ཞིབ་རིང་ཕེབས་རོགས་ཞུས་པ་རེད།


འདི་ནི་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་སྐོར་བཤེར་གཞུང་དོན་ཁང་དུ་གྲོང་ཨུད་ཀྱི་སྐོར་བཤེར་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་དང་ཤེས་རྟོགས་གནང་བཞིན་པ།

གྲོང་ཨུད་སྐོར་ཞིབ་གཞུང་དོན་ཁང་དུ། ལི་ཧྥུའུ་ཀྲུང་གིས་སྡེ་ཚན་ཁག་ཏུ་བསྐྱོད་པ་དང་སྙན་ཞུ་གསན་ནས་གྲོང་ཨུད་ཀྱི་སྐོར་ཞིབ་ལས་དོན་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་སྐོར་ཞིབ་ནི་གྲོང་ཨུད་ཀྱིས་འོག་རིམ་ཏང་རྩ་འཛུགས་ལ་ཏང་གི་འགོ་ཁྲིད་འགན་ནུས་སྒྲུབ་པའི་ཆབ་སྲིད་ཀྱི་ལྟ་སྐུལ་ཞིག་ཡིན་པས་བློ་བརྟན་འགྱུར་མེད་ངང་ཆབ་སྲིད་སྐོར་ཞིབ་ཟབ་ཏུ་གཏོང་དགོས་པ་དང་། སྐོར་ཞིབ་ལས་བྱེད་ཤེས་ལྡན་པའི་བང་མཛོད་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་བསྡུས་ཐོག་ནས་“ཕྱིར་མིག་ལྟ་བ”སོགས་ཀྱི་བྱེད་ཐབས་སྤྱོད་པ། སྐོར་ཞིབ་ཀྱི“རྗེས་མའི་ལས་དོན”ནན་ཏན་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་རལ་གྲི་མཐོན་པོར་འཕྱར་ནས་ཟིལ་གནོན་རྒྱུན་མཐུད་གནས་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།



འདི་ནི་ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་དུ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་དང་ཤེས་རྟོགས་གནང་བཞིན་པ།

གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་དུ་ཕེབས་སྐབས། ལི་ཧྥུའུ་ཀྲུང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུ་དེ་ཉིད་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་གཞི་རིམ་དང་མང་ཚོགས་ཀྱི་ཉེ་འགྲམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་པ་དང་། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ལན་ཆ་བྱས་པའི་གནད་དོན་དག་ཐེར་ནན་ཏན་བྱེད་དགོས་པ། གཙོ་གནད་ཁྱབ་ཁོངས་མངོན་གསལ་དོད་དུ་གཏོང་བ། དམངས་འཚོའི་ལས་དོན་ལ་དམིགས་པ། གཙོ་གནད་གནད་དོན་ལ་དམ་འཛིན་བྱེད་པ། སྟོབས་ཤུགས་གཅིག་སྡུད་དང་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

   

འདི་ནི་བཞུགས་མོལ་ཚོགས་འདུའི་ཟུར་ཞིག་ཡིན་པ།

    དེ་རྗེས་སྐོང་འཚོགས་བྱས་པའི་བཞུགས་མོལ་ཚོགས་འདུའི་ཐོག  ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་། གྲོང་ཨུད་སྐོར་ཞིབ་གཞུང་དོན་ཁང་གི་ལས་དོན་སྙན་ཞུ་གསན་པ་དང་། ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། གྲོང་ཨུད་ཀྱི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཚན་པའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་བྱམས་བརྩེའི་འཚམས་འདྲི་ཡང་གནང་བ་རེད། ཁོང་གིས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་རྟོགས་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་། རྦད་དེ་བློས་འགེལ་ཆོག་པ། རྦད་དེ་དྭངས་གཙང་བཅས་ཡོང་བ་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

     ལི་ཧྥུའུ་ཀྲུང་གིས། དུས་བབ་དང་ལས་འགན་ལ་སྟངས་འཛིན་ཡང་དག་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ལམ་དུ་གནས་པ་དང་། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་བྱེད་བཞིན་ཡོད་པ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་དགོས་པ། “བརྟེན་དགོས་པ་དགུའི”ལག་ལེན་གྱི་བླང་བྱ་ཁོང་དུ་ཡང་དག་ཆུད་པ་བཅས་བྱས་ཏེ་རུལ་སུངས་ཀྱི་གནད་དོན་ཐོན་སའི་རྐྱེན་རྩ་མཐའ་གཅིག་ཏུ་མེད་པ་བཟོ་རྒྱུ་གཙོ་གནད་དུ་བྱས་ཐོག་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་ལྟ་སྐུལ་གཏིང་ཟབ་ཏུ་གཏོང་དགོས་པ་དང་། རུལ་སུངས་ལ་ཆད་པ་མཐའ་གཅིག་ཏུ་གཅོད་པ། གཅིག་སྡུད་བཅོས་སྒྲིག་མཐར་ཕྱིན་བྱེད་པ། ཆབ་སྲིད་ཀྱི་སྐོར་ཞིབ་ལ་དམ་འཛིན་ཏན་ཏིག་བྱེད་པ། ཉེན་ཟོན་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ། རྒྱུན་གཏན་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། སྤྱོད་ཚུལ་འཛུགས་སྐྱོང་མཐར་ཕྱིན་པ་བྱེད་པ། སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་གི་འགོ་ཁྲིད་དེ་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པ་བྱས་ཐོག་ལས་དོན་ཁག་སྒྲིག་ལམ་ཅན་དང་། ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁྲི་གཙོ་བོ་དང་སྒྲིག་ཨུད་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་ཏང་གིས་ཏང་ལ་དོ་དམ་དང་། ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ཐོག་ལས་དོན་ཁག་ལ་ཕན་འབྲས་དངོས་ཐོན་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་གཏོང་དགོས་པ་དང་། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། རྒྱུན་གཏན་ཅན་གྱི་སྒོ་ནས་ཆབ་སྲིད་སློབ་གསོ་དང་། ཏང་གཤིས་སློབ་གསོ། ཕུགས་བསམ་དད་སེམས་སློབ་གསོ་བཅས་སྤེལ་དགོས་པ། ཚད་གཞི་མཐོ་པོ་དང་རེ་བ་ནན་པོས་ཚན་ཁག་དམ་འཛིན་དང་དཔུང་ཁག་ལ་སྣེ་ཁྲིད་བཅས་བྱས་ཏེ་ཏང་ཐུགས་བློ་བདེ་པོ་དང་མི་དམངས་བློ་ཡིད་ཚིམ་པའི་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་ཧུར་ཐག་གཏོད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས་པ་དང་། རང་འགུལ་ངང་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་པ། འགན་ལེན་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ལས་བྱེད་པས་བློ་བདེའི་ངང་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་འཁུར་ཕོད་པའི་ལྕག་སྐུལ་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་རྩ་དོན་མཐའ་འཁྱོངས་དང་། རལ་གྲི་འཕྱར་ཕོད་པ། འཐབ་རྩོད་བྱེད་ཕོད་པ་བཅས་བྱས་ཏེ། སྒྲིག་སྲོལ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་སོ།།

བསོད་ནམས་བསྟན་པས་བསྒྱུར། བསོད་དོན་དང་ཡེ་བཟང་གིས་ཞུས། 


ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།   བསོད་ནམས་དོན་གྲུབ། 

ཞུ་དག  ཡེ་ཤེས་བཟང་མོ། བདེ་སྐྱིད་དཔལ་སྒྲོལ།

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章