གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེ་དང་འཛད་སྤྱོད་དངོས་ཟོག་གསར་རྙིང་བརྗེས་པ་རྒྱག་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞེས་པའི་རྒྱལ་ཁབ་འཕེལ་སྒྱུར་ཨུད་དང་ནོར་སྲིད་པུའུ་ཡིས་མཉམ་འབྲེལ་ཐོག་པར་འགྲེམས་བྱས་པའི་བརྡ་ཐོ(འཕེལ་སྒྱུར་ཁོར་ཡུག་མ་དངུལ་〔2024〕ཡིག་ཨང་1104པ)དང་། རླངས་འཁོར་གསར་རྙིང་བརྗེས་པ་རྒྱག་པའི་འབྲེལ་ཡོད་ལས་དོན་ཡག་པོ་སྤེལ་རྒྱུའི་སྐོར་གྱི་ཚོང་དོན་པུའུ་སོགས་ཚན་པ་7གྱི་བརྡ་ཐོ(ཚོང་འཛད་སྤྱོད་འཕྲིན་〔2024〕ཡིག་ཨང་392པ) དེ་བཞིན་ཁྱིམ་སྤྱོད་གློག་ཆས་གསར་རྙིང་བརྗེས་པ་རྒྱག་པའི་ལས་དོན་ཡག་པོ་སྤེལ་རྒྱུའི་སྐོར་གྱི་ཚོང་དོན་པུའུ་སོགས་ཚན་པ་4ཡི་པར་འགྲེམས་བྱས་པའི་བརྡ་ཐོ(ཚོང་འཛད་སྤྱོད་འཕྲིན་〔2024〕ཡིག་ཨང་397པ)དང་གློག་སྒུལ་རྐང་འཁོར་གསར་རྙིང་བརྗེས་པ་རྒྱག་པའི་ཇུས་གཞི་གསར་པ་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཚོང་དོན་པུའུ་སོགས་ཚན་པ་5ཡི་གཞུང་དོན་ཐིང་ངམ་ཁང་གིས་པར་འགྲེམས་བྱས་པའི་བརྡ་ཐོ(ཚོང་གཉེར་ཤར་གཏོང་འཕྲིན་〔2024〕ཡིག་ཨང་396པ)བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཐུབ་ཆེད། ལྷོ་ཁ་གྲོང་ཁྱེར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། འཛད་སྤྱོད་དངོས་ཟོག་གསར་རྙིང་བརྗེས་པ་རྒྱག་པའི་བྱེད་སྒོ་འཆར་གཞི་ལྟར་སྒྲིག་འཛུགས་ཐོག་སྤེལ་རྒྱུ་ཡིན་པས། རྫོང་ངམ་ཆུས་སམ་གྲོང་ཁྱེར་ཁག་གིས་དྲིལ་བསྒྲགས་ལས་དོན་ཡག་པོ་བསྒྲུབ་སྟེ། ཚོང་དུད་ཚོས་བྱེད་སྒོའི་ནང་མིང་ཐོ་ཧུར་ཐག་བཀོད་ནས་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས། འབྲེལ་ཡོད་ནང་དོན་གཤམ་གསལ་ལྟར།
གཅིག གཙོ་གཉེར་ཚན་པ་དང་ལག་བསྟར་ཚན་པ།
མཛུབ་སྟོན་སྡེ་ཚན། རང་སྐྱོང་ལྗོངས་ཚོང་དོན་ཐིང་།
གཙོ་གཉེར་ཚན་པ། ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་།
གཉེར་སྒྲུབ་ཚན་པ། ལྷོ་ཁ་གྲོང་ཁྱེར་ཚོང་དོན་ཅུད།
ལག་རྩལ་རྒྱབ་སྐྱོར། བོད་ལྗོངས་ཅཱ་ཧུའེ་ཏོ་ཏོ་ཧྲུའུ་ཀྲེ་ཚན་རྩལ་ཚད་ཡོད་ཀུང་སི།
ཞབས་ཞུའི་རྒྱབ་སྐྱོར། བོད་ལྗོངས་ཅཱ་ཧུའེ་ཏོ་ཏོ་ཧྲུའུ་ཀྲེ་ཞབས་ཞུ་ཚད་ཡོད་ཀུང་སི།
གཉིས་པ། མིང་ཐོ་འགོད་པའི་དུས་ཚོད།
2024ལོའི་ཟླ་11པའི་ཚེས་18ཉིན་གྱི་ཉིང་དགུང་ཆུ་ཚོད་2པ་ནས་2024ལོའི་ཟླ་11པའི་ཚེས་22གྱི་ཉིན་དགུང་ཆུ་ཚོད་12ཀྱི་བར།
གསུམ་པ། མིང་ཐོ་འགོད་པའི་ཁྱབ་ཁོངས།
གཅིག ཁྱིམ་སྤྱོད་གློག་ཆས་དང་། ཐབ་ཚང་དང་གསང་སྤྱོད་ཡོ་བྱད་སྒྲིག་སྦྱོར། གློག་སྒུལ་རྐང་འཁོར་བཅས་ཁོངས་སུ་གཏོགས་ཚད་ད་ཐེངས་ཀྱི་འཛད་སྤྱོད་ཐོན་ཟོག་གསར་རྙིང་བརྗེས་པ་རྒྱག་པའི་བྱེད་སྒོའི་ནང་ཞུགས་ནས་ཁ་གསབ་ལེན་ཆོག་པ་ཕུད། དེ་མིན་གཞན་དག་བྱེད་སྒོའི་ནང་ཞུགས་མི་ཆོག
༡ ཁྱིམ་སྤྱོད་གློག་ཆས།
འཁྱགས་སྒམ་དང་། གོས་འཁྲུ་འཕྲུལ་འཁོར། བརྙན་འཕྲིན། རླུང་སྙོམས་འཕྲུལ་བྱད། གློག་ཀླད། ཆུ་དྲོད་གཏོང་ཆས། སོལ་རླངས་ཐབ་ཆས། དུ་སྣུམ་འཐེན་བྱད་བཅས་རིགས་ཆེ་གྲས་བརྒྱད་དང་། དེ་མིན་3Cགྲངས་འཛིན་ཐོན་ཟོག་ནང་གློག་ཀླད་ཚུད་མེད། ཐབ་ཚང་དང་གསང་སྤྱོད་ཡོ་བྱད་སྒྲིག་སྦྱོར་ནང་གི་སྒྲིག་ཆས་རིགས་22ཚང་བ་ཕུད་དེ་མིན་ཚུད་མེད།
༢ ཐབ་ཚང་དང་གསང་སྤྱོད་ཡོ་བྱད་སྒྲིག་སྦྱོར།
མལ་ཁྲི་དང་། མལ་གདན། ཧྲ་ཧྥ། གྱོན་ཆས་བླུགས་སྒྲོམ། དཔེ་སྒྲོམ། ལྟོ་སྣོད་བླུགས་སྒྲོམ། བརྙན་འཕྲིན་འཇོག་སྒྲོམ། ཅོག་ཙེ། རྐུབ་བཀྱག རྒྱ་ཅོག་བཅས་ཁྱིམ་སྤྱོད་དངོས་རྫས་རིགས་10ཡོད་པ།
རླངས་བཙོས་སྐམ་བསྲེག་གློག་སྒམ་དང་། ཝེ་བོ་ཚ་ཐབ། ཕོར་འཁྲུ་འཕྲུལ་འཁོར། དུག་སེལ་གློག་སྒམ། གློག་ཁོག ཀོ་ཧྥེ་བཟོ་ཆས། མན་པའོ་བག་སོབ་བཟོ་བྱད། ཇ་བསྲུ་འཕྲུལ་འཁོར། ཆུ་བགྲུང་བཟོ་བྱད། མཁའ་རླུང་གཙང་བཟོ་ཡོ་བྱད། གད་རྒྱག་འཕྲུལ་མི། རྡུལ་འཐེན་འཕྲུལ་འཁོར། བརྙན་སྟོན་འཕྲུལ་ཆས། རིག་ནུས་སྒོ་ལྕགས། རིག་ནུས་གསང་སྤྱོད་སྦུབ་ཟོམ། རིག་ནུས་གྱོན་གོས་སྐམ་སྒྲོམ། རིག་ནུས་ལུས་འཁྲུད་ཡོ་བྱད། ཁྲུས་ཁང་དྲོད་གློག ངོ་གདོང་འཁྲུད་གཞོང་། དབུར་གཏོང་གློག་བྱད། རླུང་འབུད་འཕྲུལ་འཁོར། གློག་སྒུལ་སྨ་ར་བཞར་བྱད་བཅས་ཐབ་ཚང་དང་གསང་སྤྱོད་ཡོ་བྱད་རིགས་22ཀྱི་སྒྲིག་སྦྱོར་བཅས་ཡོད་པ།
༣ པང་གཅལ(ས་ཕག་ཚུད)དང་། ཁྱིམ་སྤྱོད་བདེ་འཇགས་སྒོ། གློག་སྒྲོན་ཡོ་བྱད་བཅས་ཨར་སྐྲུན་རྒྱུ་ཆ་རིགས་3ཡོད་པ།
༤ གློག་སྒུལ་རྐང་འཁོར།
འཛད་སྤྱོད་པས་རང་ཉིད་མིང་གི་འོག་ལ་ཡོད་པའི་རྒྱལ་ཁབ་ཀྱི་གཏན་འབེབས་དང་མི་མཐུན་པའི་གློག་སྒུལ་རྐང་འཁོར་ཟོག་རོར་བཏང་ནས་བདེ་འཇགས་ལག་རྩལ་ཚད་ལྡན(ལག་བསྟར་ཚད་གཞི་GB17761-2018དང་མཐུན་པ། རྐང་ཤུགས་ལ་བརྟེན་ནས་འགྲོ་བསྐྱོད་བྱེད་ནུས་ཚང་བ། འཁོར་རིགས་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་25ཙམ་ཟིན་པའམ་དེ་ལས་མི་བརྒལ་བ། གློག་འཕྲུལ་རྩོལ་ཕྱོད་ཝ་400ཙམ་ཟིན་པའམ་དེ་ལས་མི་བརྒལ་བ། འཁོར་རིགས་སྤྱིའི་ལྗིད་ཚད་ཆན་ཁེ་55ཙམ་ཟིན་པའམ་དེ་ལས་མི་བརྒལ་བ། འཕྲུལ་སྒུལ་འཁོར་རིགས་མིན་པར་གཏོགས་པ་སོགས་ཆ་རྐྱེན་ལོངས་པ)ཡིན་པའི་གློག་སྒུལ་རྐང་འཁོར་གསར་པ་ཉོ་རིགས།
བཞི་པ། མིང་ཐོ་འགོད་པའི་ཆ་རྐྱེན་དང་མིང་ཐོ་འགོད་སྟངས།
བྱེད་སྒོའི་ནང་ཞུགས་མཁན་ཚོང་དུད་ཚོས། མིང་ཐོ་འགོད་པའི་དཔྱད་ཡིག་དྲང་བདེན་མཁོ་འདོན་བྱེད་དགོས་པ་དང་། ཡིད་རྟོན་ཚོང་གཉེར་དང་ཁྲལ་ཆད་ཁྲལ་རྐུང་ཁྲིམས་འགལ་སྒྲིག་འགལ་རིགས་མེད་པ། ཁྱིམ་སྤྱོད་སྒྲིག་ཆས་ཚོང་གཉེར་ལས་རིགས་ཀྱིས་ཕྱིར་འཚོང་འཛིན་ཤོག་མཁོ་འདོན་བྱེད་དགོས་པ། འཛད་སྤྱོད་པའི་ཁས་ལེན་ཡི་གེ་ཚོང་དུད་ཀྱིས་ཚབ་འབྲི་མི་བྱེད་པ། གསར་རྙིང་བརྗེས་པ་རྒྱག་པར་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་ལས་མི་འགལ་བ་དང་འཁོར་བདག་གི་གསང་བ་ཕྱི་ལ་མི་གྱར་བ་བྱེད་དགོས་པ། ཚོང་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ལ་འགན་ལེན་ཡོད་པའི་ཁར་ཞབས་ཞུར་འགན་སྲུང་བྱེད་དགོས་པ། ཚོང་རྫས་ཀྱི་རིན་གོང་རང་དགར་མི་སྤོར་བ། ཁ་གསབ་རོགས་དངུལ་བསླུ་ཐབས་ཀྱིས་མི་ལེན་པ་སོགས་ཀྱི་ཆ་རྐྱེན་ཚང་དགོས།
མིང་ཐོ་འགོད་སྟངས་ནི། ཅཱ་ཧུའེ་ཏོ་ཏོ་ཧྲུའུ་ཀྲེ་“嘉惠多多数智”ཞེས་པར་འབོད་པའི་འཕྲིན་ཕྲན་སྤྱི་སྟེགས་ལ་དོ་ཁུར་བྱས་ཏེ། གྲོང་ཁྱེར་རིམ་པའི་མིང་ཐོ་འགོད་པ་“市级报名”ཞེས་པར་འབོད་པ་དེ་མནན་ནས། ལྷོ་ཁ་གྲོང་ཁྱེར་གྱི་གསར་རྙིང་བརྗེས་པ་རྒྱག་པའི་“山南市以旧换新”འཆར་ངོས་ནས་འཛུལ་ཐོག འབྲེལ་ཡོད་རེ་འདུན་བཞིན་དཔྱད་ཡིག་རྩིས་སྤྲོད་བརྒྱུད། གོ་བསྡུར་ཞིབ་བཤེར་སྒུག་དགོས།
(གོང་གི་རྩ་གཉིས་ཨང་རྟགས་བཤེར་ནས་འཕྲིན་ཕྲན་ཐད་ཀར་དོ་ཁུར་བྱེད་ཐུབ།)
ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་དོན་གྲུབ།
ཞུ་དག ཡེ་ཤེས་བཟང་མོ། བདེ་སྐྱིད་དཔལ་སྒྲོལ།