དབང་ཧའེ་ཀྲོའུ་ཡིས་ཁོང་ཚོར་བྱ་དགའ་གནང་བ་དང་འབྲེལ་རྟོག་ཞིབ་གནང་བ།

政务   2024-11-18 17:15   西藏  


ཉིན་ཤས་གོང་། 2024ལོའི་རང་སྐྱོང་ལྗོངས་ཀྱི་གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུར་འབོད་པའི་དཔྱད་བསྡུར་བྱེད་སྒོ་ལྷོ་ཁར་མཇུག་འགྲིལ་བ་དང་། ས་གནས་ཁག་གིས་འོས་སྦྱོར་དང་། རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ། ས་གནས་ས་ཐོག་ཏུ་གཏམ་བཤད། ཕྱོགས་བསྡུས་སྐར་རྒྱག་སོགས་ཀྱི་ལྷུ་ཚིགས་བརྒྱུད་གཞི་རིམ་གྱི་སྒྲོག་འགྲེལ་པ་ཁྱོན་29མཐའ་བསྡུར་ནང་ཚུད་པ་ལས་བུ་ཆུང་སོགས་མི་10ལ་2024ལོ་འཁོར་གྱི་གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུར་འབོད་པའི་མཚན་སྙན་ཐོབ་ཡོད་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་ནས་བྱ་དགའ་ཐོབ་མཁན་ལ་བྱ་དགའ་སྤྲད་གནང་བ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་དང་། གྲོང་ཨུད་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང་ཕན་ཀང་ཕིང་གིས་རྟོག་ཞིབ་བྱེད་སྒོ་འགའ་ཤས་ནང་ཞུགས་ནས་ཕེབས་རོགས་ཞུས་པ་རེད།

འདི་ནི་དབང་ཧའེ་ཀྲོའུ་ཡིས་འགྲན་ཞུགས་པ་ཚོར་བྱ་དགའ་སྤྲོད་གནང་བཞིན་པ།

འདི་ནི་དབང་ཧའེ་ཀྲོའུ་ཡིས་སྣེ་གདོང་ཆུས་རྩེད་ཐེར་མངོན་མིན་རིག་གནས་ཤུལ་བཞག་རྩེད་ཐེར་འཐག་ལས་མཉམ་ལས་ཁང་དུ་རྟོག་ཞིབ་གནང་བཞིན་པ།
ཚེས་13དང་14ཉིན་དབང་ཧའེ་ཀྲོའུ་དང་བཅས་པ་སྲིན་བུ་རིའི་གནས་སྤོ་ས་ཚིགས་དང་། དགའ་གདོང་མཐུན་སྒྲིལ་གྲོང་གསར་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས། རྩེད་ཐེར་འཐག་ལས་ཆེད་ལས་མཉམ་ལས་ཁང་། ལྷོ་ཁ་གྲོང་ཁྱེར་དཔེ་མཛོད་ཁང་། ལྷོ་ཁ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སོགས་སུ་བརྟག་ཞིབ་གནང་བར་ཕེབས་ཏེ་ཚང་མར་དཀའ་སྤྱད་ལས་སྒྲུབ་དང་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་སྐུལ་ལྕག་གནང་ཞིང་། ཁོང་གིས། ས་བབ་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རྟ་རྒྱུག་དང་། རྟ་ཐོག་ལྗོངས་རྒྱུ། རིག་རྩལ་འཁྲབ་སྟོན། ཁྱད་ལྡན་བཟའ་བཏུང་སོགས་ཀྱི་རྣམ་པ་བརྒྱུད་མཉམ་འགུལ་རང་བཞིན་དང་མྱོང་རོལ་རང་བཞིན་ཆེ་རུ་བཏང་ནས། ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུག་པ་དང་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་བྱ་རྒྱུ་དེ་རིག་གནས་ཡུལ་སྐོར་ཐོན་ལས་དང་གྲོང་གསེབ་དར་རྒྱས་དང་ཟུང་འབྲེལ་དམ་ཟབ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཐོན་རྫས་གསར་སྤེལ་གསར་གཏོད་དང་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཁྲོམ་ར་ཅན་གྱི་རྣམ་པའི་ཐོག་ནས་སྤུས་རྟགས་ཀྱི་སྙན་གྲགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྲོལ་རྒྱུན་རིག་གནས་ཀྱི་རྩལ་ནུས་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱེད་དགོས། སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་ཚད་དང་རིག་གནས་ཐོན་རྫས་མཁོ་སྤྲོད་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་སྨྱན་སྦྱོར་གསར་པའི་ལས་སྟེགས་ལ་བརྟེན་ནས་ཐར་ཐོར་ཅན་དང་གཏམ་རྒྱུད་རང་བཞིན་གྱི་སྨྱན་སྦྱོར་མཉམ་འདྲེས་ཀྱི་ཐོན་རྫས་དེ་བས་མང་བ་འདོན་པ་དང་། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་རིག་གནས་དང་རིག་རྩལ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།

འདི་ནི་དབང་ཧའེ་ཀྲོའུ་ཡིས་ལྷོ་ཁ་གྲོང་ཁྱེར་དཔེ་མཛོད་ཁང་དུ་རྟོག་ཞིབ་གནང་བཞིན་པ།

འདི་ནི་དབང་ཧའེ་ཀྲོའུ་ཡིས་ངེད་གྲོང་ཁྱེར་གྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་དང་བཞུགས་མོལ་གནང་བཞིན་པ།

ལྷོ་ཁ་གྲོང་ཁྱེར་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་དང་བཞུགས་མོལ་གནང་སྐབས་སུ། དབང་ཧའེ་ཀྲོའུ་ཡིས། ཞི་ཅིན་ཕིང་གི་དགོངས་པས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རིག་གནས་དར་བའི་ས་ཁུལ་སྟོབས་ཆེན་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་བཀོད་སྒྲིག་རེ་འདུན་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་རིག་གནས་ཀྱི་བརྗིད་ཆེའི་ལས་འགན་གསར་པ་ཕྲག་ཐོག་ཏུ་ཡག་པོ་འཁུར་དགོས། མང་ཚོགས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོར་ཤུགས་སྣོན་རྒྱུན་མཐུད་བརྒྱབ་སྟེ། དུས་ཐོག་ཏུ་ཏང་གི་སྲིད་ཇུས་དང་གསུང་སྒྲ་བརྒྱུད་བསྒྲགས་ནུས་ལྡན་བྱས་ནས་ཚང་མས་ཉན་འདོད་པ་དང་། རྟོགས་ཐུབ་པ། ལག་ལེན་ནང་བསྟར་ཐུབ་པ་བཅས་བྱེད་དགོས། བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་རྒྱུན་མཐུད་བྱས་ཏེ། བསམ་བློའི་ལྟ་བར་འགྱུར་ལྡོག་ཧུར་ཐག་བཏང་ནས་རིག་གནས་ལམ་སྲོལ་ལམ་ལུགས་ཀྱི་བསྒྱུར་བཅོས་དོན་ཐོག་ཏུ་སྨིན་པ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། འདུ་ཤེས་ཁྱབ་ཁོངས་ཀྱི་ལས་ཀའི་འགན་འཁྲི་ལམ་ལུགས་དོན་འཁྱོལ་ནན་སྲུང་བྱས་ཏེ། འདུ་ཤེས་ཁྱབ་ཁོངས་ཀྱི་འཐབ་ས་ཡག་པོ་སྲུང་ནས་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས། ལས་དོན་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་སྐུལ་སྤེལ་ལ་ཤུགས་སྣོན་བརྒྱབ་སྟེ། གྲངས་འཛིན་ཅན་གྱི་བསམ་གཞི་དང་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་། ལག་རྩལ་གསར་པ་དང་ཐབས་ལམ་གསར་པ་བེད་སྤྱོད་མཁས་པོས་གནད་དོན་ཐག་གཅོད་ཡང་དག་དང་ལས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

བསོད་དོན་གྱིས་བསྒྱུར། བསོད་བདེ་ཡེས་ཞུས།


ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།   བསོད་ནམས་དོན་གྲུབ། 

ཞུ་དག  ཡེ་ཤེས་བཟང་མོ།  བདེ་སྐྱིད་དཔལ་སྒྲོལ།

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章