སྐབས་དོན་གསར་འགྱུར།〔༢༠༢༤.༡༡.༡༥〕

政务   2024-11-15 19:45   西藏  




བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད།


གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་ཨུད་ཀྱིས་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་ཚོགས་འདུ་འཚོགས་པ།

ཟླ་11ཚེས་14ཉིན། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ལས་ཨུད་ཨུ་ཡོན་ཚོགས་འདུ་སྐོང་ཚོགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་གནང་བའི་འབྲེལ་ཡོད་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན། གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། བསམ་འཆར་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཞིབ་འཇུག། འབྲེལ་ཡོད་ལས་དོན་ལ་གྲོས་ཞིབ་བཅས་བྱས་པ་རེད།

གྲོང་ཨུད་རྒྱུན་ཨུ། དྲུང་ཆེ། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཨན་ཤིན་གོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་སྔོན་དུ་བསྐྱོད་པ་དང་མིག་དཔེ་བསྟན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའུ་ཅན་དང་། ཨན་ཧུའེ། ཧུའུ་པེ་བཅས་སུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་དགོས་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་ཆེར་གཏོང་བ། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས། ལས་དོན་ཨུ་ལྷན་གྱི་ཚོད་སྤྱོད་དུས་ཡུན་ཐིམ་ནས་དངོས་སྒྱུར་བྱས་པའི་ལས་བྱེད་པ་ཚོས་འགན་འཁྲིའི་འདུ་ཤེས་དང་། འགན་འཁུར་ཕོད་པའི་འདུ་ཤེས། སྤྱོད་གཙང་གི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་སློབ་སྦྱོང་གི་ནུས་པ་དང་། མཐུན་སྦྱོར་གྱི་ནུས་པ། ལས་སྒྲུབ་ནུས་པ། འགན་སྒྲུབ་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཐོག་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཏང་ཡོན་འཕེལ་རྒྱས་གཏོང་བ་དང་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་དང་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྐབས་བརྗེའི་འདེམས་བསྐོ། ལེགས་འདེམས་ལེགས་བསྐོ(གསབ་སྣོན)སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ“དོན་ཆེན་བཞིར”དམིགས་ནས། “འཛུགས་གཏོད་བཞི”དང་། “མདུན་གྲལ་དུ་སྐྱོད་པ་བཞི”ལྷོ་ཁས“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་དྲུག”དེ་བཞིན་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཏང་འཛུགས་སྐྱོང་གིས་ལས་སྒོར་ཁྲིད་སྟོན་དང་། ལས་སྒོ་འཕེལ་རྒྱས་ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་གྲུབ་འབྲས་མངོན་མཚོན་བཅས་བྱེད་དགོས། 



ཡར་ཀླུང་བསྡུས་འཕྲིན།


ཉེ་ལམ། ལྷོ་བྲག་རྫོང་གིས་སྐབས་བཅུ་པའི་རྫོང་ཨུད་རྒྱུན་ཨུད(རྒྱ་ཆེ)ཚོགས་འདུ་འཚོགས་པ།

ཉེ་ཆར། མཚོ་སྨད་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྫོང་དང་ཤང་རིམ་པ་གཉིས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་10སྒྲིག་འཛུགས་བྱས་ནས་གཞིས་རྩེ་གྲོང་ཁྱེར་དུ་ལྟ་སྐོར་སློབ་སྦྱོང་བྱེད་པར་མངགས་པ།

ཉེ་ཆར། ལྷུན་རྩེ་རྫོང་གིས་རྩལ་ནུས་དགེ་མཚན་འདོན། ལས་རིགས་བྱས་རྗེས་གཏོད་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལས་རིགས་རྩལ་ནུས་ཀྱི་འགྲན་བསྡུར་ཆེ་མོ་གཉེར་བ།

ཉེ་ལམ། སྣེ་གདོང་ཆུས་ཀརྨ་ཆེ་སྡེ་ཁུལ་གྱིས་ལས་བྱེད་མང་ཚོགས་ལ《སྤྱི་སྐད་ཚིག་བསྡུས་མ་1000》ཅེས་པའི་ཀློག་དེབ་སྤྲད་པ། 

ཉེ་ཆར། གྲ་ནང་རྫོང་གི་སློབ་གྲྭ་ཁག་གིས་ཡོམ་འགོག་གེགས་སེལ་སེམས་ལ་ངེས། བདེ་འཇགས་ཉེན་གཡོལ་ལག་ལེན་བསྟར་ཅེས་པའི་བདེ་འཇགས་ཁ་འགྲེམས་ནང་སྦྱོང་བྱས་པ།

ཉེ་ལམ། ངེད་གྲོང་ཁྱེར་གྱིས་དམག་ཞབས་ཐིམས་པའི་དམག་མི་དང་དམག་མིའི་ནང་མིའི་ཆེད་དོན་གདན་ཞུའི་འདུ་ཚོགས་གཉེར་བ།

བསོད་ནམས་བསྟན་པས་བསྒྱུར། ཡེ་བཟང་དང་བདེ་དཔལ་གྱིས་ཞུས། 


ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།  བདེ་སྐྱིད་དཔལ་སྒྲོལ།

ཞུ་དག  ཡེ་ཤེས་བཟང་མོ། བསོད་ནམས་དོན་གྲུབ།

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章