ཁྱེད་ལ་གློག་རྡུལ་པར་མའི་འཁོར་རིཌ་འགྲོ་སྐྱོད་ལག་ཁྱེར་རག་བྱུང་ངམ།

政务   2024-11-20 13:23   西藏  


གཏམ་བཟང་།

གློག་རྡུལ་པར་མའི་འཁོར་རིགས་འགྲོ་སྐྱོད་ལག་ཁྱེར་ཐོན་འདུག


སྤྱི་བདེ་པུའུ་ཡིས་བཀོད་སྒྲིག་གཞིར་བཟུང་།

ཟླ་11པའི་ཚེས་4ཉིན་ནས་ཟླ་12པའི་ཚེས་2གྱི་བར།

རྒྱལ་ཡོངས་སུ་དུས་ཁག་གསུམ་ལ་དབྱེ་སྟེ།

འཕྲུལ་སྒུལ་འཁོར་རིགས་འགྲོ་སྐྱོད་ལག་ཁྱེར་གློག་རྡུལ་ཅན་དུ་སྒྱུར་རྒྱུ་དེ།

ཕྱོགས་ཡོངས་ནས་ཁྱབ་གདལ་དང་བེད་སྤྱོད་གཏོང་འགོ་ཚུགས།

དེའི་ནང་།

ལྷོ་ཁས་ཟླ་11པའི་ཚེས་18ཉིན་ནས་བཟུང་།

དངོས་སུ་གློག་རྡུལ་ཅན་དུ་སྒྱུར་བའི་ལས་སྒོ་ཤར་གཏོང་བྱས་ཡོད་པ་རེད།

གློག་རྡུལ་པར་མའི་འཁོར་རིགས་འགྲོ་སྐྱོད་ལག་ཁྱེར་གཉེར་སྟངས་ནི།

དྲ་ཐོག་ནས་ལག་ཁྱེར་པར་རིས་དང་། ཨང་རྟགས་བཤེར་ཕབ་ཞབས་ཞུ་མཁོ་འདོན་བྱས་ཡོད་པས།

འཁོར་བདག་ལ་ལག་ཁྱེར་བེད་སྤྱོད་གཏོང་བའི་ཐད་སྟབས་བདེ་ཆེན་པོ་བསྐྲུན་ཡོད།




གློག་རྡུལ་པར་མའི་འཁོར་རིགས་འགྲོ་སྐྱོད་ལག་ཁྱེར་གང་འདྲ་བྱས་ནས་གཉེར་དགོས་སམ་ཞེ་ན།
གཤམ་གྱི་བརྙན་ཐུང་གཟིགས་ན་ལམ་སང་ཤེས་རྟོགས་ཐུབ།

 



འགྲིམ་འགྲུལ་དོ་དམ་12123ཞེས་པར་འབོད་པའི་APPམཉེན་ཆས་ཕབ་རྒྱུ།







མི་སྒེར་གྱིས་ལག་ཁྱེར་ལེན་བསམས་ན། འགྲིམ་འགྲུལ་དོ་དམ་12123“交管12123”ཞེས་པར་འབོད་པའི་APPམཉེན་ཆས་ཕབ་སྟེ། ཐོ་འགོད་བྱས་ཐོག གློག་རྡུལ་ལག་ཁྱེར་ཞེས་པར་འབོད་པའི་电子证件凭证འཆར་ངོས་ནང་འཛུལ་ནས་འབྲེལ་ཡོད་རེ་འདུན་ལྟར་རེ་ཞུ་བྱས་ཆོག











ལས་ཁུངས་སམ་ཚན་པའི་འཁོར་རིགས་ཡིན་ཚེ། ཕབ་ལེན་ཟིན་པའི་འགྲིམ་འགྲུལ་དོ་དམ་12123“交管12123”ཞེས་པར་འབོད་པའི་APPནང་འཛུལ་ཏེ་བཀོལ་མི་དེ་ཚན་པར་སྒྱུར་ནས་འབྲེལ་ཡོད་རེ་འདུན་ལྟར་རེ་ཞུ་བྱས་ཆོག 




收到用户提交电子行驶证申领请求后,系统核对机动车状态信息,通过“交管12123”APP告知申领结果。


གློག་རྡུལ་པར་མའི་ལག་ཁྱེར་སྟོན་སྟངས།










ཕབ་ལེན་ཟིན་པའི་འགྲིམ་འགྲུལ་དོ་དམ་12123“交管12123”ཞེས་པར་འབོད་པའི་APPནང་འཛུལ་ཏེ། གློག་རྡུལ་ལག་ཁྱེར་ཞེས་པར་འབོད་པའི་“电子证件凭证”འཆར་ངོས་ཀྱི་བྱེད་ནུས་བཀོལ་ཚེ། འཁོར་རིགས་ཀྱི་ཞིབ་ཕྲའི་ཆ་འཕྲིན་དང་གློག་རྡུལ་པར་མའི་ལག་ཁྱེར་མཐོང་ཐུབ།


❖个人用户出示




 ❖单位用户出示









下载使用






网上在线办理业务需要提交行驶证的,用户可选择下载电子行驶证图片。具体操作为:点击电子行驶证下方【下载】按钮,本人直接出示的填写用途事项和有效期后下载,授权出示的直接下载。下载的电子行驶证加注使用人、用途事项和有效期限水印,有效期最长为7个工作日。





END

ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།   བསོད་ནམས་དོན་གྲུབ། 

ཞུ་དག  ཡེ་ཤེས་བཟང་མོ།  བདེ་སྐྱིད་དཔལ་སྒྲོལ།



ཆ་འཕྲིན་གཞན་དག་འོས་སྦྱོར།



山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章