ཁྲེང་ཏུའུ་རུ་སྨན་པ་བསྟེན་པར་འགྲོ་མཁན་ཚོས་འདིར་ཡིན་གཅིག་གཟིཊ་དང་།

政务   2024-11-19 18:30   西藏  


    ཁྲེང་ཏུའུ་རུ་སྨན་པ་བསྟེན་པར་འགྲོ་མཁན་བོད་ཀྱི་ནད་པ་མང་པོ་ཞིག་ལ་གཤམ་གྱི་དོགས་གནད་ཡོད་དེ། བོད་ཀྱི་ནད་པས་བོད་རང་དུ་སྨན་བཅོས་བྱེད་པ་དང་ཁྲེང་ཏུའུ་རུ་སྨན་བཅོས་བྱེད་པར་ཁྱད་པར་གང་ཡོད་དམ། སྨན་བཅོས་འགན་བཅོལ་གྱི་རྩིས་ཞུ་བོད་ཀྱི་འགྲོ་ལུགས་ལྟར་ཡིན་ནམ་ཡང་ན་སི་ཁྲོན་གྱི་འགྲོ་ལུགས་ལྟར་ཡིན། ཁྲེང་ཏུའུ་རུ་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་དུ་སྨན་པ་བསྟེན་ན་ཡུལ་གཞན་དུ་སྨན་བཅོས་བྱས་པར་བརྩིའམ། སྒོ་བསྟེན་གྱི་དམིགས་བསལ་ནད་པས་ཐད་ཀར་སྨན་རིན་རྩིས་ཞུ་བྱེད་ཆོག་གམ།

    ཉེ་ཆར། ཧྭ་ཤིས་སྨན་ཁང་ཁྲེང་ཏུའུ་རུ་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་ཡན་ལག་སྨན་ཁང་གིས་གསལ་བཤད་བྱས་དོན། བོད་ཀྱི་ནད་པ་ཟེར་བ་ནི་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ཡང་ན་བོད་ཀྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ནད་པར་ཟེར་བ་དང་། དེའི་ནང་ཁྲེང་ཏུའུ་རུ་བསྡད་ཡོད་ཀྱང་བོད་ཀྱི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ནད་པའང་ཚུད་ཀྱི་ཡོད།

   


     ན་ཚ་གཅིག་པ་ཡིན་ན་བོད་རང་སྐྱོང་ལྗོངས་ཀྱི་ནང་ཁུལ་དུ་བལྟས་པ་དང་ཁྲེང་ཏུའུ་གྲོང་ཁྱེར་ནང་ཁུལ་གྱི་རིམ་མཚུངས་སྨན་ཁང་དུ་བལྟས་པར་སྨན་རིན་རྩིས་ཞུ་བྱེད་སྟངས་གཅིག་པ་ཡིན་ནམ

    ཁྲེང་ཏུའུ་རུ་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གནས་ས་ཁྲེང་ཏུའུ་རུ་ཡོད་ནའང་། བོད་རང་སྐྱོང་ལྗོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དམིགས་བཙུགས་སྨན་བཅོས་སྒྲིག་གཞི་ཡིན་པས། དེར་བརྟེན་བོད་ཀྱི་ནད་པས་ཁྲེང་ཏུའུ་རུ་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་དུ་སྨན་པ་བསྟེན་ན། རང་ལྗོངས་ཀྱི་སྨན་བཅོས་བྱེད་ཁོངས་སུ་གཏོགས་པས་ཞིང་ཆེན་གཞན་དུ་སྨན་པ་བསྟེན་པར་བརྩི་ཡི་མེད། སྨན་ཁང་དུ་སྡོད་པའི་སྨན་རིན་གྱི་ཚད་གཞི་དང་། རྩིས་ཞུའི་བསྡུར་ཚད། རྩིས་ཞུའི་དངུལ་འབོར་མཐོ་ཤོས་སོགས་ཚང་མ་བོད་རང་སྐྱོང་ལྗོངས་ནང་ཁུལ་དང་གཅིག་པ་ཡིན།

    གལ་ཏེ་བོད་ཀྱི་ནད་པས་ཁྲེང་ཏུའུ་གྲོང་ཁུལ་གྱི་སྨན་ཁང་གཞན་དག་ཏུ་སྨན་པ་བསྟེན་ན། ཞིང་ཆེན་གཞན་དུ་སྨན་པ་བསྟེན་པའི་ཁོངས་སུ་གཏོགས་པས་སྨན་རིན་རྩིས་ཞུ་བྱེད་སྟངས་འདྲ་ཡི་མེད།



   ཁྲེང་ཏུའུ་རུ་གཟུགས་པོ་བརྟག་དཔྱད་བྱས་ན་སྨན་བཅོས་འགན་བཅོལ་གཱ་སྤྱོད་ཆོག་གམ།

      ཁྲེང་ཏུའུ་རུ་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གནས་ས་ཁྲེང་ཏུའུ་རུ་ཡོད་ནའང་། བོད་རང་སྐྱོང་ལྗོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དམིགས་བཙུགས་སྨན་བཅོས་སྒྲིག་གཞི་ཡིན་པས། དེར་བརྟེན་བོད་ཀྱི་ནད་པས་ཁྲེང་ཏུའུ་རུ་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་དུ་སྨན་པ་བསྟེན་ན། རང་ལྗོངས་ཀྱི་སྨན་བཅོས་བྱེད་ཁོངས་སུ་གཏོགས་པས་ཞིང་ཆེན་གཞན་དུ་སྨན་པ་བསྟེན་པར་བརྩི་ཡི་མེད། སྨན་ཁང་དུ་སྡོད་པའི་སྨན་རིན་གྱི་ཚད་གཞི་དང་། རྩིས་ཞུའི་བསྡུར་ཚད། རྩིས་ཞུའི་དངུལ་འབོར་མཐོ་ཤོས་སོགས་ཚང་མ་བོད་རང་སྐྱོང་ལྗོངས་ནང་ཁུལ་དང་གཅིག་པ་ཡིན།

    གལ་ཏེ་བོད་ཀྱི་ནད་པས་ཁྲེང་ཏུའུ་གྲོང་ཁུལ་གྱི་སྨན་ཁང་གཞན་དག་ཏུ་སྨན་པ་བསྟེན་ན། ཞིང་ཆེན་གཞན་དུ་སྨན་པ་བསྟེན་པའི་ཁོངས་སུ་གཏོགས་པས་སྨན་རིན་རྩིས་ཞུ་བྱེད་སྟངས་འདྲ་ཡི་མེད།



    སྨན་བཅོས་འགན་བཅོལ་གཱ་ནས་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་རྩིས་ཞུ་བྱེད་ཆོག་གམ།

    བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་སྲིད་ཇུས་ལ་གཞིགས་ན། འགན་བཅོལ་ནང་ཞུགས་པའི་ལས་བཟོ་དང་གྲོང་མི་སྨན་ཁང་དུ་སྡོད་པའམ་ཡང་ན་སྒོ་བསྟེན་གྱི་དམིགས་བསལ་ནད་གཞི་གཏན་འཁེལ་བྱུང་རྗེས་ཀྱི་མདུན་གྱི་ཉིན་7ནང་གཏན་འབེབས་དང་མཐུན་རིགས་ཀྱི་སྒོ་བསྟེན་གྱི་བརྟག་དཔྱད་དང་སྨན་བཅོས་འགྲོ་གྲོན་དེ་དག་རྩིས་ཞུའི་ནང་བཅུག་ཆོག
    གལ་ཏེ་བོད་ཀྱི་ནད་པས་ཁྲེང་ཏུའུ་གྲོང་ཁུལ་གྱི་སྨན་ཁང་གཞན་དག་ཏུ་སྨན་པ་བསྟེན་ན། ཞིང་ཆེན་གཞན་དུ་སྨན་པ་བསྟེན་པའི་ཁོངས་སུ་གཏོགས་པས་སྨན་བཅོས་འགན་བཅོལ་གཱ་སྤྱད་དེ་རྩིས་ཞུ་བྱེད་མི་ཐུབ།


    ཁྲེང་ཏུའུ་གྲོང་ཁུལ་དུ་སྨན་པ་བསྟེན་ན་ཐད་ཀར་སྨན་བཅོས་འགན་བཅོལ་གཱ་སྤྱོད་ཆོག་གམ།

     བོད་ཀྱི་ནད་པས་ཁྲེང་ཏུའུ་རུ་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་དུ་སྨན་པ་བསྟེན་ན་ཐད་ཀར་སྨན་བཅོས་འགན་བཅོལ་གཱ་སྤྱད་ནས་རྩིས་ཞུ་བྱེད་ཆོག་པ་དང་ཡུལ་གཞན་དུ་སྨན་པ་བསྟེན་པའི་ཐོ་འགོད་སྙན་སེང་ཞུ་མི་དགོས།

    བོད་ཀྱི་ནད་པས་ཁྲེང་ཏུའུ་གྲོང་ཁུལ་གྱི་སྨན་ཁང་གཞན་དག་ཏུ་སྨན་པ་བསྟེན་ན། ཞིང་ཆེན་གཞན་དུ་སྨན་པ་བསྟེན་པའི་ཁོངས་སུ་གཏོགས་པས་ཡུལ་གཞན་དུ་སྨན་པ་བསྟེན་པའི་ཐོ་འགོད་སྙན་སེང་ཞུས་རྗེས་གཞི་ནས་སྨན་བཅོས་འགན་བཅོལ་གཱ་སྤྱད་དེ་རྩིས་ཞུ་བྱེད་ཐུབ། གལ་ཏེ་སྔོན་ལ་ཡུལ་གཞན་དུ་སྨན་པ་བསྟེན་པའི་ཐོ་འགོད་སྙན་སེང་ཞུས་མེད་ན། བོད་དུ་ལོག་རྗེས་གཞི་ནས་རྩིས་ཞུ་བྱེད་ཐུབ།

ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།   བསོད་ནམས་དོན་གྲུབ།

ཞུ་དག  ཡེ་ཤེས་བཟང་མོ།  བདེ་སྐྱིད་དཔལ་སྒྲོལ།

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章