ལི་ཧྥུའུ་ཀྲུང་གིས་རྩ་འཛུགས་དང་མི་སྤྱི་ཚན་པར་རྟོག་ཞིབ་གནང་བ།

政务   2024-11-25 11:25   西藏  





ཟླ་11ཚེས་21ཉིན་གྱི་ཕྱི་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རྩ་འཛུགས་པུའུ་དང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་སུ་རྟོག་ཞིབ་གནང་ཞིང་། ཁོང་གིས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཚན་པའི་འགན་ནུས་ལ་གཞི་ཚུགས་པ། རང་འགུལ་ངང་ལས་དོན་སྒྲུབ་པ་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ཐད་གོམ་སྟབས་གསར་པ་ཞིག་དང་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

གྲོང་ཨུད་འགོ་ཁྲིད་ཉི་མ་བསྟན་འཛིན་དང་། ཧྥུང་ཞའོ་དབྱི། ཨན་ཤིན་གོ་བཅས་ཀྱིས་ལྷན་དུ་རྟོག་ཞིབ་ནང་ཞུགས་ཡོད་པ་རེད།


ས་ཆ་གང་དུ་ཕེབས་ཀྱང་། ལི་ཧྥུའུ་ཀྲུང་གིས་ལས་བྱེད་ལས་བཟོར་འཚམས་འདྲི་གནང་བ་དང་། ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་མ་ཟད། ལས་དོན་དང་། སློབ་སྦྱོང་། འཚོ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས། གྲོང་ཨུད་ཀྱི་ཚབ་ཞུས་ཏེ་གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཚན་པ་ཁག་ཏུ་འབད་འཐབ་གནང་མཁན་ལས་བྱེད་ལས་བཟོར་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།


འདི་ནི་ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་སུ་ལས་ཞུགས་ལས་གཏོད་དང་། སྤྱི་ཚོགས་འགན་སྲུང་། མི་དོན་ཤེས་ལྡན་པ། ངལ་རྩོལ་འབྲེལ་བའི་ཁྱབ་ཁོངས་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བཞིན་པ། 

གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་སུ། ལི་ཧྥུའུ་ཀྲུང་གིས་ལས་ཞུགས་ལས་གཏོད་དང་། སྤྱི་ཚོགས་འགན་སྲུང་། མི་དོན་ཤེས་ལྡན་པ། ངལ་རྩོལ་འབྲེལ་བའི་ཁྱབ་ཁོངས་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ལས་ཞུགས་བྱ་རྒྱུ་དེ་དམངས་འཚོའི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ལས་ཞུགས་སྔོན་ལ་སྤེལ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པ་དང་། ལས་ཞུགས་ཀྱི་བོད་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་བ། ལྗོངས་ཕྱིར་“ཚོགས་སྒྲིག་རྣམ་པའི”ལས་ཞུགས་བྱ་རྒྱུ་དམ་འཛིན་ཏན་ཏིག་བྱེད་པ། ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་མང་ཚོགས་སོགས་གཙོ་གནད་མི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ལས་དོན་སྤེལ་སྟངས་གསར་གཏོད་བྱས་ཏེ་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ལས་སྒྲུབ་དུས་བཅད་མཐོ་རུ་གཏོང་བ། “མི་སྤྱི་ཡན་ལག་རུ་ཁག”སྒྲིག་འཛུགས་བྱེད་པ་སོགས་བརྒྱུད་མི་དམངས་མང་ཚོགས་ལ་དེ་བས་ཕྱོད་ཆེ་དང་སྟབས་བདེའི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་དུ་འཇུག་དགོས། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་ཏུ་གཏོང་དགོས་པ་དང་། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་འགན་བཅོལ་ཐེབས་རྩ་བདེ་འཇགས་ངང་འཁོར་སྐྱོད་བྱེད་པར་འགན་སྲུང་བྱ་དགོས། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཁོར་རྒྱུག་མ་དངུལ་དང་། འགན་ལེན་མ་དངུལ། མིང་ངོ་མ་འགོད་པའི་ལམ་ལུགས་བཅས་ཀྱི་ཚབ་གཏོང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གླ་ཕོགས་འགྱངས་ཆད་རྩ་བཅོས་བྱེད་རྒྱུའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། མང་ཚོགས་ཀྱི་རེ་འབོད་རྒྱུས་ལོན་ནན་ཏན་བྱས་ཏེ། ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱངས་གནད་དོན་དུས་ཐོག་ཏུ་ཐག་གཅོད་འོས་འཚམ་བྱེད་དགོས་པ་དང་། འཁོར་རྒྱུག་འདུམ་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། གླ་ཕོགས་འགྱངས་ཆད་ཀྱི་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ་བཅས་བྱས་ཐོག་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱ་དགོས་པའི་ནན་བཤད་གནང་།


འདི་ནི་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རྩ་འཛུགས་པུའུ་རུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་ལས་དོན་དང་། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་། གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་ཚུལ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་ཤེས་རྟོགས་གནང་བཞིན་པ།

གྲོང་ཨུད་རྩ་འཛུགས་པུའུ་རུ། ལི་ཧྥུའུ་ཀྲུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་ལས་དོན་དང་། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་། གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་ཚུལ་བཅས་ལ་རྟོག་ཞིབ་དང་ཤེས་རྟོགས་གནང་བ་རེད། ཁོང་གིས་ལོ་བརྒྱའི་རྩ་འཛུགས་ལོ་རྒྱུས་ཁྲོད་ནས་འབད་འབུངས་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་ལས་དོན་སྤུས་མཐོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་རྒྱུ་དེ་མངོན་གསལ་དོད་པའི་ཁ་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་དང་། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་རྒྱུན་རྣམ་ཅན་གྱི་ཐོག་ནས་ལེགས་སྒྲིག་བྱེད་དགོས་པ། གྲོང་ཚོར་བཅའ་སྡོད་ལས་དོན་དམ་འཛིན་ཏན་ཏིག་བྱེད་པ། ཤང་དང་གྲོང་རྡལ་གྱི་འགན་འཁྲི་སྒྲུབ་པའི་ལས་ཀའི་གསལ་ཐོ་གང་མགྱོགས་བཟོ་བ། གཞི་རིམ་བཅོས་སྐྱོང་གི“རྟ་ཆུང་གིས་འཁོར་ཆེན་འཐེན་པའི”མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་།

འདི་ནི་བཞུགས་མོལ་ཚོགས་འདུའི་ཟུར་ཞིག་ཡིན་པ།

དེ་རྗེས་སྐོང་འཚོགས་བྱས་པའི་བཞུགས་མོལ་ཚོགས་འདུའི་ཐོག  ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རྩ་འཛུགས་པུའུ་དང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ལས་དོན་སྙན་ཞུ་གསན་པ་དང་། ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དམ་འཛིན་བྱེད་དགོས་པ་དང་། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་མཐའ་འཁྱོངས་བྱེད་པ། འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་སྤྱོད་པ་དང་། བྱས་རྗེས་ལ་བརྟེན་ནས་དཔའ་བོ་འདེམས་པའི་མི་སྤྱོད་ཀྱི་ཁ་ཕྱོགས་བརྟན་པོ་འཛུགས་པ་བཅས་བྱས་ནས་ལས་བྱེད་པ་ཡག་པོ་འདེམས་སྤྱོད་ཐུབ་པ་བྱེད་དགོས། རྒྱུན་རྣམ་ཅན་གྱི་སྒོ་ནས་ཆབ་སྲིད་སློབ་གསོ་དང་། ཏང་གཤིས་སློབ་གསོ། ཕུགས་བསམ་དང་དད་སེམས་སློབ་གསོ་བཅས་སྤེལ་ཏེ། ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་དང་ལས་སྒོའི་ནུས་པ་མུ་མཐུད་མཐོར་འདེགས་གཏོང་དགོས་པ་དང་། བརྩོན་འགྲུས་ལས་བཀུར་དང་འགན་འཁྲི་འཁུར་ཕོད་པ། ཆབ་སྲིད་ལ་སྣང་ཆེན། དྲང་བདེན་ལ་མཐོང་ཆེན། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་ལས་བྱེད་པའི་གཟུགས་བརྙན་འཛུགས་པར་འབད་བརྩོན་བྱེད་དགོས། གཞུང་དྲང་ཚུལ་ལྡན་དང་། ལྷག་བསམ་དྲང་གཞག འགན་འཁྲི་འཁུར་ཕོད། དངོས་ཐོག་བདེན་འཚོལ་བཅས་བྱེད་དགོས་པ། ཏང་གི་རྩ་འཛུགས་རྩ་དོན་དང་སྲིད་ཇུས་གཞིར་བཟུང་ལས་དོན་དོ་ནན་གྱིས་སྒྲུབ་ཐོག   ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་རང་གཅུན་ནན་པོ་ཐུབ་པ་བྱ་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་པ་དང་། བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས། བརྒྱུད་རིམ་ལྡན་པའི་བསམ་གཞི་བྱེད་ཤུགས་ཆེ་རུ་གཏོང་བ། རང་འགུལ་ངང་ལས་ཀར་ཞིབ་འཇུག   ལས་ཀའི་ཆོས་ཉིད་ཁོང་དུ་ཆུད་པ་བཅས་བྱས་ཏེ་ལས་ཀ་དེ་བྱ་གཞག་ཏུ་བརྩིས་ནས་སྒྲུབ་པ་དང་། ཆུང་ས་ནས་ལས་འགོ་འཛུགས་པ། ཞིབ་ཚགས་ཐོག་ནས་དམ་འཛིན་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་འགན་སེམས་དྲག་པོ་བཅངས་ནས་ལས་དོན་ཁག་དམ་འཛིན་ཞིབ་ཚགས་བྱེད་དགོས། ལས་བྱེད་པའི་དཔུང་ཁག་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་སྲིད་ཇུས་ཐོག་ནས་དོ་ཁུར་དང་། ལས་ཀའི་ཐོག་ནས་ཐུགས་ཁུར། འཚོ་བའི་ཐོག་ནས་སེམས་ཁུར་བཅས་བྱས་ཏེ་ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་གྱི་སྤྲོ་སྣང་རྒྱུན་ཆད་མེད་པར་འཕེལ་བ་བྱེད་དགོས་པའི་ནན་བཤད་གནང་ངོ་།།
བསོད་ནམས་བསྟན་པས་བསྒྱུར། བསོད་ཡེ་བདེས་ཞུས། 


ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།   ལོ་ཡག་མཚམས་གཅོད།  

ཞུ་དག  ཡེ་ཤེས་བཟང་མོ། བསོད་ནམས་དོན་གྲུབ། བདེ་སྐྱིད་དཔལ་སྒྲོལ།

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章